སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་དྲུག་པ། ཚད་འཁྲུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་ང་དྲུག་པ། ཚད་འཁྲུའི་ནད་གསོ་བ།

ལེའུ་ང་དྲུག་པ་ཚད་འཁྲུའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་པའོ། །གཉིས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། རྒྱ་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྒྱ་ནད་ཅེས་པའི་རྒྱུ་མཚན་ནི་རྒྱ་གར་རྒྱ་ནག་སོགས་དྲོད་རླངས་ཆེ་བ་ལས་འབྱུང་བ་ཡིན་ཞིང༌། དེའི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་བསྟན་པ་སྟེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་སྟེ། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་རྒྱུ་དེ་བསྐྱེད་རྐྱེན་ནི། ཕོ་བའི་མེ་དྲོད་མི་སྙོམས་པའམ་ཆུང་བ་དང་དྲོད་དང་ས་རླངས་ཆེ་བའི་སར་བསྡད་པ་དང་ཆུ་མང་པོ་འཐུངས་པ་དང༌། ཁ་ཟས་ཚད་ལས་ཐལ་དེ་ཟོས་དྲགས་པ་དང༌། ཤ་རིད་ཟོས་པ་དང༌། ཁམ་བུ་ཀུ་ཤུ་ལ་སོགས་པ་ཤིང་ཏོག་གི་འབྲས་བུ་ཟོས་པ་དང༌། བཅུད་མེད་པའི་ཟས་ཟོས་པས་ཕོ་བའི་མེ་དྲོད་ཕྱིར་དོན་པ་དང༌། ཕྱི་ཡུལ་དྲོད་དང་རླངས་པས་མཆིན་པར་ཚད་པ་སྐྱེས་པས། ལུས་ཀྱི་ཆུའི་ཁམས་ཐུར་དུ་སྐྱོད་པ་ལས་འཁྲུ་བའི་ནད་དུ་གྱུར་པའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་བཞི་སྟེ། རླུང་དང༌། མཁྲིས་པ་དང༌། ཁྲག་དང༌། བད་ཀན་བཞིའོ། །གསུམ་པ་རྟགས་བཤད་པ་ལའང་གཉིས་སྤྱིའི་རྟགས་དང༌། བྱེ་བྲག་གི་རྟགས་སོ།།

        དང་པོ་ནི། སྤྱིའི་རྟགས་བཤད་པ་ནི། སྙིང་ག་ཞེས་འབྲུ་བདུན་དང་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་བཞི་ལས། དང་པོ་ནི། རླུང་གྱུར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། ཁྲག་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི། བད་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་བཅོས་ཐབས་བཤད་པ་ལ་གསུམ་སྤྱིའི་བཅོས་ཐབས་བཤད་པ་དང་ བྱེ་བྲག་གི་བཅོས་དང༌། སོས་པའི་ཚད་བསྟན་པ་དང་གསུམ། དང་པོ་ནི། མ་སྨིན་ཞེས་འབྲུ་བདུན་དང་རྐང་པ་བཅོ་ལྔས་བསྟན་ནོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ལ་བཞི་ལས། དང་པོ་ནི། རླུང་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་ནི། ཁྲག་གྱུར་ཞེས་རྐང་པ་བཞིས་བསྟན་ནོ། །བཞི་པ་ནི། བད་ཀན་ཞེས་རྐང་པ་བཞིས་བསྟན་ནོ། །གསུམ་པ་གསོས་ཚད་བཤད་པ་ནི། བཅོས་རྗེས་ཞེས་རྐང་པ་གསུམ་དང་འབྲུ་གསུམ་གྱིས་བསྟན་པའོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་ལྔ་བཅུ་རྩ་དྲུག་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 2:47 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།