སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་གཅིག་པ། སྐྱུགས་པའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་ང་གཅིག་པ། སྐྱུགས་པའི་ནད་གསོ་བ།

ལེའུ་ང་གཅིག་པ་སྐྱུགས་པའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྐྱུགས་ཀྱི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་སྐྱུགས་ནད་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ། རྟགས་དང༌། བཅོས་ཐབས་བཤད་པ་སྟེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས།

        དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། སྐྱུག་ནད་དེའི་རྐྱེན་ནི་མ་ཞུ་བ་དང༌། ལྷེན་དང༌། ལྕགས་དྲེག་དང༌། ཁོང་འབྲས་དང༌། བད་ཀན་སྨུག་པོ་དང༌། སྲིན་བུ་སྟེང་རླུང་འཁྲུགས་པ་མི་སྡུག་ཡུལ་མཐོང་རྣམས་དང༌། ནད་གཞི་རླུང་མཁྲིས་བད་ཀན་འདུས་པ་སྟེ་བཅུ་གཉིས་སོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང་བཞིའོ། །གསུམ་པ་རྟགས་བཤད་པ་གཉིས་སྤྱིའི་རྟགས་དང་ཁྱད་པར་གྱི་རྟགས་སོ། །དང་པོ་ནི། དེ་རྟགས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་པའོ། །གཉིས་པ་བྱེ་བྲག་གི་རྟགས་ནི། མཁྲིས་གྱུར་ཞེས་རྐང་པ་ལྔས་བསྟན་ནོ། །བཞི་པ་བཅོས་ཐབས་བཤད་པ་ལ་གཉིས། སྤྱིའི་བཅོས་ཐབས་དང་བྱེ་བྲག་གི་བཅོས་ཐབས་གཉིས་ལས། དང་པོ་ནི། ཀུན་ལ་ཞེས་འབྲུ་བདུན་དང་རྐང་པ་བཅུ་གཅིག་གིས་བསྟན་ཏེ། རྒྱམ་ཚྭ་གསུམ་པ་ནི་ཕྱི་རྒྱུད་ལྟར་རོ། །ལྷེན་དང་ལྕགས་དྲེག་གི་ཐལ་སྨན་ནི་ཅོང་ཞིའི་ཐལ་སྨན་ནོ། །རློན་སྐྱུགས་ཀྱི་མིང་སྟེ་སྐྱུགས་བྱ་དགོས་པའི་དོན་ནོ། །སྟེང་རླུང་འཁྲུགས་པའི་མེ་བཙའ་ནི། སྐེ་སྟོང་དང་ལྷེན་གསང་དང་ཚིགས་པ་དྲུག་པ་རྣམས་ལ་མེ་བཙའ་བྱའོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ནི། མཁྲིས་གྱུར་ཞེས་རྐང་པ་བཞི་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང༌། མཁྲིས་གྱུར་གྱི་སྦྱང་བ་ནི་རྒུན་འབྲུམ་ཤིང་མངར་དུར་བྱིད་རྣམས།

        བད་ཀན་གྱི་སྐྱུགས་ནི། ནིམ་པ་པི་པི་ལིང་སོ་ཆ་ཡུངས་ཀར་རྣམས་ཡིན་ནོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་ལྔ་བཅུ་རྩ་གཅིག་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 10:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།