སྨན་རྩིས་དྲ་བ། - གསེར་འོད་འབར་བའི་དུས་རབས་གཅིག

ལུས་སེམས་སྲོག་གི་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.04.2016
གསེར་འོད་འབར་བའི་དུས་རབས་གཅིག >>

<< གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ >>

ལུས་སེམས་སྲོག་གི་སྡེ་ཚན།

ལུས་སེམས་སྲོག་གི་སྡེ་ཚན་ནི་གསར་དུ་བཙུགས་པའི་རིག་གཞུང་སྡེ་ཚན་ཞིག་ཡིན། འགྲོ་བ་མི་རྣམས་ཀྱི་ལུས་སེམས་གཉིས་ཀྱི་བདེ་ཐང་ལས་སེམས་ཁམས་འཕྲོད་བསྟེན་ཞབས་ཞུའི་ཐད་གཙོ་དོན་བཟུང་སྟེ། དུས་རབས་ཉེར་གཅིག་པ་ནི་ཚན་རྩལ་མངོན་མཐོའི་དུས་རབས་ཤིག་དང་སྤྱིར་མི་རྣམས་ཀྱི་འཕྲལ་སེལ་སྒོ་ལྔའི་རྣམ་ཤེས་ཀྱི་ཚོར་བ་བདེ་སྐྱིད་ཙམ་གྱི་དོན་དུ་ཕྱི་དངོས་པོའི་མཐུན་རྐྱེན་ཧ་ཅང་ཚད་མཐོའི་རྒྱས་སྤྲོས་ལོངས་སྤྱོད་བྱེད་བཞིན་ཡོད་ནའང་། ནང་སེམས་རྒྱུད་ལ་ཚུལ་མིན་རྣམ་རྟོག་གི་ང་རྒྱལ་དང་། ཕྲག་དོག འགྲན་སེམས་སོགས་མི་བཟོད་པའི་སེམས་ཁམས་འཕྲོད་བསྟེན་ཐོག་དཀའ་ངལ་ཛ་དྲག་ཅིག་འཕྲད་བཞིན་པ་འདིར་ཁ་ཚ་དགོས་གཏུག་གི་བོད་ཀྱི་ཐུན་མིན་རྩ་ཆེན་རིག་གཞུང་ནང་ཆོས་དང་། གསོ་བ་རིག་པ། སྐར་དཔྱད་རྩིས་རིག་བཅས་ནས་སྤྱི་ཚོགས་འཕྲོད་བསྟེན་ཤེས་ཡོན་སློབ་གསོ་གོང་སྤེལ་དང་སེམས་ཁམས་ནད་པའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ནི་སྡེ་ཚན་གྱི་ལས་འགན་གཙོ་བོ་ཡིན། ནང་དོན་རིག་པའི་གཞུང་ལས་གསུངས་པའི་སེམས་ཁམས་སློབ་གསོ་ནི་རྒྱ་ཆེ་ལ་གཏིང་ཟབ་པ། འགྲོ་བ་མི་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་རྩ་བ་བསྐྲུན་ཐུབ་པའི་རིག་པ་ཞིག་ཆགས་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་འགོ་སྟོད་ནས་བཟུང་ནང་པ་སངས་རྒྱས་པའི་བསྟན་པ་འདི་བཞིན་ནང་པའི་རྒྱལ་ཁབ་རེ་ཟུང་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ལ་དར་ཁྱབ་ཆེ་ཆེར་སོང་སྟེ། ད་ལྟ་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་སེལ་ཐབས་ཀྱི་ནོར་བུའི་བང་མཛོད་ལྟ་བུ་ཆགས་ཡོད་ལ་སེམས་ཁམས་ནད་པར་ཞབས་ཞུ་ལྷོད་མེད་བསྒྲུབས་དང་སྒྲུབ་བཞིན་ཡོད། འོན་ཀྱང་ཆོས་ལུགས་ཁས་མི་ལེན་མཁན་གྱི་མིའི་རིགས་དང་དེང་དུས་ཚན་རིག་སེམས་ཁམས་ཤེས་ཡོན་གྱི་སློབ་གསོས་མི་འདང་བའི་མིའི་གྲངས་འབོར་དེ་བས་ལྡབ་འགྱུར་གྱི་མང་བར་བརྟེན་ད་དུང་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ཉིན་རེ་བཞིན་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད། དེའི་ཐད་བོད་ཀྱི་གསོ་བ་རིག་པ་དང་སྐར་དཔྱད་རྩིས་རིག་པས་འདས་ཟིན་པའི་ལོ་ཟླའི་ནང་ཆེས་འཐུས་ཤོར་སོང་བ་དང་། ད་ལྟ་ནང་ཆོས་དང་དེང་དུས་ཚན་རིག་གཉིས་ཀྱི་མ་འདང་བའི་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ནི་སྨན་རྩིས་གཉིས་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ཉག་ཅིག་ཡིན་པར་བརྟེན་ལུས་སེམས་སྲོག་སྡེ་ཚན་ནས་གནའ་དེང་གཉིས་ལྡན་གྱི་རིག་གཞུང་གསར་རྙིང་མང་པོའི་ཉིང་ཁུ་བསྡུ་ལེན་གང་ཐུབ་མཁོ་འདོན་བྱས་ནས་འགྲོ་བ་མིའི་ལུས་སེམས་གཉིས་ལས་གཙོ་བོ་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་ཚད་མཐོར་ཡོང་ཐབས་སུ་རྒྱལ་བའི་བཀའ་བསྟན་གཙོས་ནང་དོན་རིག་པའི་གཞུང་དང་། གསོ་བ་རིག་པ། སྐར་རྩིས་ཀྱི་གཞུང་དུ་སེམས་ཁམས་རིག་པའི་རྨང་གཞིའི་ཤེས་བྱ་རྣམས་རྒྱས་བསྡུས་འཚམ་པའི་ཉིང་བཅུད་ཕྱོགས་བསྒྲིགས་བྱས་ཏེ་པར་སྐྲུན་གྱི་རྒྱུ་ཆ་འཚོལ་ཞིབ་བྱེད་པ་དང་། མི་མང་གི་སེམས་ཁམས་འཕྲོད་བསྟེན་ཤེས་ཡོན་གོང་སྤེལ་ཆེད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལུས་སེམས་སྲོག་གསུམ་གྱི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་སྐོང་འཚོགས་བྱས་པས་མཚོན། ལས་ཀྱི་སྣེ་མོ་བ་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་སྨན་པ་དང་། སློབ་ཕྲུག ཕྱི་རྒྱལ་ཡུལ་གྲུ་ཁག་གི་དོན་གཉེར་ཅན་རྣམས་ལ་ལུས་སེམས་སྲོག་གསུམ་གྱི་འབྲེལ་བའི་ཤེས་ཡོན་ཡར་རྒྱས་ཆེད་ཟབ་སྦྱོང་སྤྲོད་བཞིན་ཡོད་ལ། འཛམ་གླིང་སྟེང་ནང་དོན་རིག་པའི་སེམས་ཁམས་མཁས་དབང་དང་། ཚན་རིག་པ། སྨན་རྩིས་པ་རྒན་གྲས་རྣམས་ཀྱིས་བགྲོ་གླེང་ཚོགས་ཆེན་ཐོག་སྤེལ་བའི་རྩོམ་ཡིག་ཁག་ཕྱོགས་བསྒྲིགས་ཀྱིས་འགྲེམས་སྤེལ་ཞུ་བཞིན་ཡོད།


 

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 10:33 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།