སྨན་རྩིས་དྲ་བ། - མདུན་ངོས།

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་ལྔ་པ་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.10.2017
མདུན་ངོས། >>


ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་ལྔ་པ་ལེགས་གྲུབ།


འདི་ག་བོད་ཀྱི་སྨན་རྩིས་ཁང་དུ་ལོ་ལྟར་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་རེ་སྐོང་ཚོགས་བྱེད་མུས་ཡིན་ལ། འདི་ལོ་ནས་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་རེ་ཚོགས་གཏན་ཁེལ་བ་བཞིན། བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་པ་དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༤ ནས་ ༦ བར་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཚོགས་ཡོད་ཅིང། དེ་ཡང་ཉིན་དང་པོའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གཙོས་སྐུ་མགྲོན་དང་གསར་འགོད་པ། གསུང་བཤད་གནང་མཁན་དང་ཚོགས་བཅར་བ་བཅས་མི་གྲངས་སུམ་བརྒྱ་ཙམ་འཛོམས་ཡོད། སྐུ་མགྲོན་གཙོ་བོ་མཆོག་གིས་རྒྱལ་སྤྱིའི་ནང་གི་སེམས་ནད་གྱི་གནས་བབ་དང་། ལྷག་པར་བཙན་བྱོལ་ནང་གི་སེམས་ནད་གྱི་གནས་བབ་སོགས་ལས་བརྩམས་ཏེ་འབྱུང་འགྱུར་དཀའ་ངལ་དེའི་ཐད་གདོང་ལེན་བྱ་གལ་ཆེ་བ་སོགས་ཀྱི་ལམ་སྟོན་གནང་ཡོད། མཛད་སྒོའི་སྟེང་སྨན་རྩིས་ཁང་ནས་དཔར་བསྐྲུན་ཞུས་པའི་དེབ་ཁག་བཞི་དབུ་འབྱེད་གནང་ཡོད། དེ་ཡང་སྨན་རམས་པ་ཚུལ་ཁྲིམས་སྐལ་བཟང་གིས་རྩོམ་སྒྲིག་བྱས་པའི་བོད་ཀྱི་གསོ་བ་རིག་པ་ལས་འཇམ་དཔྱད་དམར་ཁྲིད་ལག་ལེན་མྱོང་བསྡུས་ཞེས་པ་དང་། དེ་བཞིན་ལུས་སེམས་སྲོག་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་གསུང་བཤད་ཕྱོགས་སྒྲིག ནད་རིགས་སྔོན་འགོག་དེབ་ཕྲེང་ཁག་བདུན། སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་དུས་དྲན་སྙན་ཐོ། དེབ་གཉིས་པ་བཅས་ཡིན།
 

          ད་ལན་བགྲོ་གླེང་འདིར་ནང་པའི་སེམས་ཁམས་ཚན་རིག་དང། བོད་ཀྱི་གསོ་བ་རིག་པ། སྐར་རྩིས་རིག་པ། དེ་བཞིན་ནུབ་ཕྱོགས་སེམས་ཁམས་ཚན་རིག་བཅས་ཀྱི་གསུང་བཤད་པ་གཉིས་རེ་གདན་ཞུས་ཀྱིས་སེམས་ནད་སྔོན་འགོག་ཅེས་པ་བརྗོད་གཞིར་བཟུང་ནས་བགྲོ་གླེང་དང་དྲི་བ་དྲིས་ལན་ལྷུག་པོ་བྱུང་ཡོོད། བགྲོ་གླེང་ནང་ཆ་ཤས་ལེན་ཁོངས་ཕྱི་རྒྱལ་སོགས་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་ཚོགས་བཅར་བ་བཞི་བཅུ་ལྷག་དང། སྨན་རྩིས་པ་སུམ་ཅུ་ཙམ། དེ་བཞིན་དུ་སྨན་རྩིས་སློབ་མ་དང་བོད་ཁྱིམ་ས་ལེ་ཁུལ་ཚན་རིག་སློབ་ཕྲུག་བཅས་ཚོགས་བཅར་བ་༢༥༠ ལྷག་འཛོམས་ཡོད་ཅིང་བགྲོ་གླེང་གང་ལེགས་བྱུང་ཡོད།
 

དེ་ནས་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྣམ་གྲྭ་མཁན་པོ་༸སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བཀའ་དྲིན་ཆེ་བསྐྱངས་ཀྱིས་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་བ་དང། ཚོགས་བཅར་བ་ཡོངས་ཀྱི་སྐུ་ཚབ་གསུམ་གྱིས་ཐེངས་འདིའི་བགྲོ་གླེང་ནང་མཉམ་ཞུགས་བྱས་པའི་དགེ་ཕན་བྱུང་སྐོར་གྱི་མྱོང་ཚོར་བཤད་པ་མ་ཟད། སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་ཀྱང་བགྲོ་གླེང་གི་ཚད་གཞི་ཇེ་ལེགས་སུ་འགྲོ་བཞིན་པའི་གསུང་བཤད་གནང་བ་སོགས་ཀྱི་གནས་ཚུལ་མདོ་ཙམ་མོ།།


 



མཐའ་མའི་འདོན་ཐེངས་།: 30.10.2017 ཉིན། 10:16 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།