སྨན་རྩིས་དྲ་བ། - མདུན་ངོས།

ལ་དྭགས་སུ་རིན་མེད་སྨན་སྦྱིན་གོ་སྒྲིག་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.09.2016
མདུན་ངོས། >>


ལ་དྭགས་སུ་རིན་མེད་སྨན་སྦྱིན་གོ་སྒྲིག་ལེགས་གྲུབ།


སྨན་རྩིས་ཁང་གི་ལ་དྭགས་བོད་ཀྱི་སྨན་རྩིས་རིག་གཞུང་བསྟི་གནས་ཁང་ནས་ཕྱི་ཟླ་ ༨ པའི་ནང་དུ་ལ་དྭགས་ཁྲིག་རྩེ་དབྱར་ཆོས་ཆེན་མོའི་སྐབས་དང་། དེ་བཞིན་ཞི་བའི་ཚལ་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་གསུང་ཆོས་གནང་སྐབས་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་མི་རིགས་དབྱེར་མེད་ཀྱི་མང་ཚོགས་ཀྱི་འཕྲོད་བསྟེན་གཅེས་སྲུང་ལ་དམིགས་ཏེ་སྨན་སྦྱིན་ཞབས་འདེགས་ཐེངས་གཉིས་གོ་སྒྲིག་ལེགས་པར་ཞུས་ཡོད།


ཕྱི་ལོ་ ༢༠༡༦  ཟླ་ ༨ ཚེས་༩ ནས་ ༡༡ བར་ལ་དྭགས་ཁྲིག་རྩེ་དགོན་པའི་ཁྲིག་རྩེ་དབྱར་ཆོས་ཆེན་མོའི་དུས་ཡུན་ཉིན་གསུམ་དེའི་རིང་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་ངོ་སྤྲོད་ལམ་སྟོན་གཞིར་བཟུང་སྨན་རྩིས་ཁང་གི་ལ་དྭགས་རིག་གཞུང་བསྟི་གནས་ཁང་ནས་སྨན་སྦྱིན་ཞབས་འདེགས་གོ་སྒྲིག་ཞུས་པ་རེད། དེར་ནད་པ་ ༣༦༣ གྱིས་བོད་ལུགས་གསོ་བ་རིག་པའི་བརྟག་དཔྱད་སྨན་བཅོས་ཀྱི་གོ་སྐབས་བཟང་པོ་ལེན་ཐུབ་པ་བྱུང་ཡོད། ནད་པ་༣༦༣ གྱི་སྨན་རིན་ཧིན་སྒོར་(Rs. 57,717.10)ལྔ་ཁྲི་བདུན་སྟོང་བདུན་བརྒྱ་བཅུ་བདུན་ལྷག་ཙམ་སོང་བ་རིན་མེད་ཐོག་སྨན་སྦྱིན་ཕུལ་ཡོད།


དེ་ནས་ཉིན་ཤས་རྗེས་ཟླ་༨ ཚེས་༡༨ ནས་ ༢༡ སྟེ་ཉིན་བཞིའི་རིང་ལ་དྭགས་ཞི་བའི་ཚལ་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོས་སེར་སྐྱ་མང་ཚོགས་སྟོང་ཚོ་བརྒལ་བ་ལ་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། དེ་བཞིན་ཤེས་རབ་སྙིང་པོའི་གསུང་ཆོས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་སོགས་མཛད་འཕྲིན་བཀའ་དྲིན་བསྐྱངས་གནང་སྐབས། ལ་དྭགས་བོད་ཀྱི་སྨན་རྩིས་རིག་གཞུང་བསྟི་གནས་ཁང་ནས་མི་རིགས་དབྱེར་མེད་ཀྱི་སེར་སྐྱ་མང་ཚོགས་ཡོངས་ཀྱི་འཕྲོད་བསྟེན་གཅེས་སྐྱོང་ལ་དམིགས་ཏེ་བོད་ཀྱི་གསོ་བ་རིག་པའི་ལུགས་ཀྱི་བརྟག་དཔྱད་སྨན་བཅོས་དང་སྨན་སྦྱིན་གྱི་མཐུན་རྐྱེན་སྦྱར་གནང་ཡོད།  དེ་ཡང་སྨན་རྩིས་ཁང་གི་སྨན་ལས་ཐུན་མོང་ནས་སྔ་དྲོ་ཕྱག་ཚོད་ 6:30 ནས་ཕྱི་དྲོ་ 5:30 བར་ཕྱར་བ་གྲུ་འདེགས་ཀྱིས་མང་ཚོགས་ལ་འཕྲོད་བསྟེན་ཞབས་འདེགས་ལྷུར་ལེན་གནང་ཡོད།


དེའི་སྐབས་ལ་དྭགས་ནང་པའི་མཐུན་ཚོགས་ནས་མང་ཚོགས་ལ་གསལ་བསྒྲགས་གང་ལེགས་གནང་བ་ལྟར་ཁྱོན་ནད་པ་ ༦༠༨ ཀྱིས་བོད་ཀྱི་གསོ་རིག་སྨན་བཅོས་ཞུས་ཐུབ་པ་བྱུང་བའི་ཁོངས་ནས་བརྒྱ་ཆ་༤༥ ཙམ་གྲུམ་བུའི་ནད་པ་ཡིན་པ་དང་། གྲུམ་བུའི་ནང་ནས་རུས་གྲུམ་དང་ཏྲེམ་ནག གཞན་ཡང་མཁལ་ནད་དང་། མིག་ནད། ཁྲག་རླུང་སྟོད་འཚངས། གཅིན་སྙི། མགོ་ནད་བཅས་ཡིན་པ་ཤེས་རྟོགས་བྱུང་། དེ་ལྟར་ནད་པ་ ༦༠༨ ཀྱི་སྨན་རིན་དོད་ཧིན་སྒོར་(Rs.100,906.10)ཆིག་འབུམ་ཁྲི་མེད་སྟོང་མེད་དགུ་བརྒྱ་དྲུག་སོང་བ་སྨན་རྩིས་ཁང་ནས་རིན་མེད་སྨན་སྦྱིན་ཕུལ་གནང་ཡོད།


མཐའ་མའི་འདོན་ཐེངས་།: 29.10.2016 ཉིན། 3:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།