སྨན་རྩིས་དྲ་བ། - མདུན་ངོས།

རྒྱལ་སྤྱིའི་ཨྰརོགྱ་2017ཚོགས་ཆེན་དང་པོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.01.2018
མདུན་ངོས། >>

 

རྒྱལ་སྤྱིའི་ཨྰརོགྱ་ ༢༠༡༧ ཚོགས་ཆེན་ཐེངས་དང་པོ།

སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༤ ནས ༧ བར་རྒྱ་གར་གྱི་རྒྱལ་ས་དིལླིའི་བིཇྙྰན་བྷབན་ནང་དུ། རྒྱ་གར་སྲོལ་རྒྱུན་སྨན་གྱི་ཚོགས་པ་ཨྰཡུཥ་དང་བདེ་ཐང་ཚན་པ་ཨྰརོགྱ་ 2017 གཉིས་ཀྱི་རྒྱལ་སྤྱིའི་འགྲེམས་སྟོན་དང་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་(1st International Arogya 2017 An International Exhibition and Conference on AYUSH and Wellness)དེ་ཚོགས་གནང་ཡོད། དེ་ནི་རྒྱ་གར་གཞུང་གི་ཨྰཡུཥ་བློན་ཆེན་ལྷན་ཁང་དང་། ཚོང་དང་བཟོ་ལས་བློན་ཆེན་ལྷན་ཁང་གི་ཚོང་ལས་སྡེ་ཚན་སོགས་ཀྱི་གོ་སྒྲིག་གནང་བ་ཞིག་ཡིན། བགྲོ་གླེང་གི་བརྗོད་གཞི་ནི་གོ་ལ་ཡོངས་ལ་ཨྰཡུཥ་ཡི་ནུས་སྟོབས་གོང་འཕེལ་གཏོང་བ་(Enhancing the Global Potential of AYUSH)ཞེས་པ་ཡིན་ལ། དེར་ཚོགས་བཅར་གནང་མཁན་མི་སྣ་སྟོང་ཕྲག་བརྒལ་ཡོད་པ་དང་། ལྷག་པར་རྒྱལ་ཁབ་ ༧༢ ནས་སྐུ་ཚབ་མི་སྣ་ཕེབས་ཡོད་ལ། དེ་བཞིན་སྲོལ་རྒྱུུན་སྨན་རྫས་བཟོ་ལས་བདག་པོ་ ༢༥༠ ལྷག་ལྷན་འཛོམས་གནང་ཡོད། བོད་ཀྱི་གསོ་བ་རིག་པ་དེ་ཡང་ཨྰཡུཥ་ནང་ཚན་གཅིག་ཡིན་སྟབས། འདི་ག་བཞུགས་སྒར་སྨན་རྩིས་ཁང་ནས་འགན་འཛིན་བཀྲ་ཤིས་ཚེ་རིང་མཆོག་དང་། སྤུས་ཚད་སྟངས་འཛིན་སྡེ་འགན་བསྟན་འཛིན་ནོར་ལྷ་ལགས། དིལླི་ནས་འཇམ་དཔྱད་སྨན་པ་སྤེན་པ་ལགས། ཅོན་ཏ་ར་ནས་ལས་དྲུང་ཚེ་རིང་སྒྲོལ་མ་ལགས་བཅས་མཉམ་ཞུགས་གནང་ཡོད།

ཚོགས་ཆེན་འདིའི་དམིགས་ཡུལ་ནི་རྒྱལ་སྤྱིའི་ནང་དུ་རྒྱ་གར་སྲོལ་རྒྱུན་སྨན་གྱི་རིག་པ་རྣམས་ཚན་རིག་དང་མཐུན་ཞིང་དེའི་ཁྱད་ནུས་འགྲེམས་སྟོན་ཐུབ་པར་བྱེད་རྒྱུ་དང་། མང་ཚོགས་ནང་ཨྰཡུཥ་སྐོར་དོ་སྣང་དང་གོ་རྟོག་ཚད་གཞི་གོང་མཐོར་གཏོང་བ། དེ་བཞིན་རྒྱལ་སྤྱིའི་ནང་ཡར་རྒྱས་གོང་སྤེལ་དང་ངོས་ལེན་ཐོབ་ཐབས་བདེ་པོ་བཟོས་པའི་ཐོག་ནས་ཨྰཡུཥ་ཐོན་རྫས་རྣམས་རྒྱལ་སྤྱིའི་ཁྲོམ་རའི་ནང་ཚོང་སྒྱུར་ཤུགས་སྣོན་རྒྱག་པ་དང་། ཨྰཡུཥ་དང་འབྲེལ་བའི་ཉམས་ཞིབ་དང་ཡར་རྒྱས་གསར་ཤོས་སྐོར་གསལ་སྟོན་བྱེད་པ་དང་རང་གི་ནུས་སྟོབས་གོང་སྤེལ་གཏོང་བ་བཅས་ཡིན།

ཉིན་ལྔའི་རིང་བྱེད་སྒོ་མང་དག་ཅིག་བརྩམས་པའི་ནང་ནས་ལྷག་པར་བགྲོ་གླེང་ཚོགས་ཐུན་བཞི་ལྷག་བསྐྱངས་ཡོད། དེ་ཡང་ཉིན་གཉིས་པའི་སྔ་དྲོ་ཐུན་མིན་མཚོན་རྟགས་ཀྱི་འཐབ་བྱུས་བཟོ་སྐྲུན། གོ་ལའི་ཆེད་དུ་ཨྰཡུཥ་ཡི་གསོ་ཐབས་ནུས་པ་(Building a Brand Strategy: Healing Power of AYUSH for the World)ཞེས་པའི་བརྗོད་གཞི་ཐོག་བཞུགས་མོལ་བགྲོ་གླེང་གནང་མཁན་མི་སྣ་དྲུག་ཡོད་པའི་ནང་ནས་རང་རེ་སྨན་རྩིས་ཁང་གི་འགན་འཛིན་མཆོག་ཀྱང་གཅིག་ཡིན་པས་བརྗོད་གཞི་དང་འབྲེལ་བའི་ཡར་རྒྱས་གཏོང་ཕྱོགས་སྐོར་བགྲོ་གླེང་ཟབ་རྒྱས་གནང་ཡོད། གཞན་ཡང་ཉིན་གཅིག་རིང་བཟོ་ལས་ཁང་སོགས་སུ་ལྟ་སྐོར་འཁྲིད་སྐབས་ཨྰརྱ་བཻདྱཤྰལྰ་དང་རྒྱ་གར་རྒྱལ་ཡོངས་ཚེའི་རིག་བྱེད་ཀྱི་གཙུག་ལག་སློབ་ཁང་དུའང་འཚམ་གཟིགས་གནང་བ་བཅས་རྒྱལ་སྤྱིའི་ཚོགས་ཆེན་འདི་ལེགས་གྲུབ་བྱུང་ཡོད།།





མཐའ་མའི་འདོན་ཐེངས་།: 19.01.2018 ཉིན། 10:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རམས་པ་ཆེན་པོ་ཚུལ་ཁྲིམས་རྒྱ་མཚོ།

ཤིང་བཟའ་སྐལ་བཟང་རྒྱ་མཚོ།

ཡེ་ཤེས་རྒྱ་མཚོ།

རྒྱ་ཡེ་བློ་བཟང་ཉི་མ།

པདྨ་ཤྲྰི་ཆེ་བསྟོད་གཟེངས་རྟགས་བསྩལ་བ།

རྒྱལ་སྤྱིའི་ཨྰརོགྱ་2017ཚོགས་ཆེན་དང་པོ།

ཕྱི་བཅོས་གསོ་ཐབས་ཀྱི་ཟབ་སྦྱོང་དམར་ཁྲིད།

སྨན་རྩིས་ཁང་ལ་འབུལ་བ་གསོལ་རས་བསྩལ།

ཨ་གར་སོ་ལྔ་འམ་ཚངས་ལྷའི་གཏམ་རྒྱུད།

མཇུག་དོན།

སྨན་པ་མཁས་ཆེན་དབྱངས་ཅན་ལྷ་མོ།

མཁས་དབང་ངག་དབང་ཆོས་གྲགས།

ལྕགས་པོ་རིའི་དགེ་རྒན་སྐལ་བཟང་ལེགས་བཤད།

ཐུགས་སྲས་ཐུབ་བསྟན་ལྷུན་གྲུབ།

མཁས་དབང་མཁྱེན་རབ་ནོར་བུ།