སྨན་རྩིས་དྲ་བ། - མདུན་ངོས།

རྒྱལ་ཡོངས་བོད་རྩིས་རིག་པའི་བགྲོ་གླེང་ཚོགས་ཆེན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.04.2014
མདུན་ངོས། >>


རྒྱལ་ཡོངས་བོད་རྩིས་རིག་པའི་བགྲོ་གླེང་ཚོགས་ཆེན།

 

དྷ་རམ་ས་ལ་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་<<རྩིས་ཀྱི་ལག་ལེན་གནས་བབས་ལ་བསམ་གཞིགས་>>ཞེས་པའི་བརྗོད་སྙིང་ཐོག་རྒྱལ་ཡོངས་བོད་རྩིས་རིག་པའི་བགྲོ་གླེང་ཚོགས་ཆེན་ཉིན་གསུམ་རིང་ཚོགས་གནང་སོང་། 

ཕྱི་ལོ་༢༠༡༤ ཟླ་བ་ ༣ ཚེས་༢༤ སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་མཚམས་བགྲོ་གླེང་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོ་ཚོགས་གནང་བ་དང་། ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེས་གཙོས་གདན་ཞུས་མཁས་དབང་དང་ཚོགས་བཅར་བ་རྣམ་པ། སྨན་རྩིས་མཐོ་སློབ་ཁང་གི་དགེ་སློབ་བཅས་ཁྱོན་མི་གྲངས་ཉིས་བརྒྱ་ལྷག་འདུ་འཛོམས་གནང་སོང་།

བགྲོ་གླེང་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྩིས་རམས་པ་ཚེ་རིང་ཆོས་འཛོམས་ལགས་ཀྱིས་ཚོགས་ཆེན་ངོ་སྤྲོད་གནང་དོན། སྤྱིར་བཏང་བོད་རྩིས་རིག་པའི་བགྲོ་གླེང་ཚོགས་ཆེན་ཡིན་པས་གསུང་བཤད་གནང་མཁན་ཚང་མ་བོད་རྩིས་རིག་པ་སྨྲ་བ་ཤ་སྟག་ཡིན་དགོས་ཟོ་འདུག་ཀྱང་། སྐབས་འདིར་རྩིས་རིག་པ་སྨྲ་བའི་སྟེང་རྩིས་དང་འབྲེལ་བའི་དུས་འཁོར་སྨྲ་བ། ལོ་རྒྱུས་སྨྲ་བ། ནང་ཆོས་ཉམས་ལེན་པ། སྨན་རྩིས་པ་བཅས་དམིགས་བསལ་གདན་འདྲེན་ཞུས་ཡོད། ཁོང་རྣམས་པས་དེ་ལྟར་ཞལ་བཞེས་གནང་ནས་བགྲོ་གླེང་ཚོགས་འདུར་ཕེབས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཅེས་གསུངས་སོང་།  

ཐེངས་འདིའི་རྒྱལ་ཡོངས་བོད་རྩིས་རིག་པའི་བགྲོ་གླེང་ཚོགས་ཆེན་གྱི་བརྗོད་སྙིང་༼རྩིས་ཀྱི་ལག་ལེན་གྱི་གནས་བབས་ལ་བསམ་གཞིགས་༽ཞེས་འཇོག་དགོས་དོན་ནི། བོད་རྩིས་རིག་པའི་ལས་གནས་ཐོག་ཡོད་པའི་སྐར་རྩིས་པ་རྣམས་རང་གི་བྱ་གཞག་ཐོག་གོམ་གང་མདུན་སྤོས་ཐུབ་ཕྱིར་དང་། འབྱུང་འགྱུར་བོད་རྩིས་རིག་པའི་ཐོག་དོན་གཉེར་གནང་མཁན་བཅས་ཕྱོགས་གཉིས་ལ་དམིགས་ཏེ་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག

བགྲོ་གླེང་ཚོགས་ཆེན་གྱིས་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེས་བོད་རྩིས་རིག་པ་མི་ཉམས་རྒྱུན་འཛིན་བྱེད་ཐབས་ལ་སྐར་རྩིས་པ་དང་མང་ཚོགས་བར་ལ་འབྲེལ་བ་བཟང་པོ་ཞིག་དགོས་གལ་སྐོར་གསུངས་དོན། རྩིས་དེ་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་ཟབ་མོ་ཞིག་ཡོད་པ་ཡིན། ཆོས་ཕྱོགས་ཀྱི་བྱ་བའང་རྩིས་དང་འབྲེལ་བ་ཡོད་ལ། དེ་བཞིན་དམག་དང་བག་མ་གཏོང་ལེན་སོགས་རྩིས་དང་འབྲེལ་བ་ཆེན་པོ་ཡོད་མོད། སྐྱབས་བཅོལ་སྤྱི་ཚོགས་ནང་མང་ཚོགས་ཀྱི་འཚོ་བ་དང་རྩིས་ཀྱི་བར་ལ་འབྲེལ་བ་དེ་ཙམ་མེད་པར་མཐོང་སྟེ། མི་ཞིག་འདས་གྲོངས་སུ་འགྱུར་བའི་རྗེས་ད་གཟོད་གཞི་ནས་སྨན་རྩིས་ཁང་ལ་ཕྱིན་ནས་གཤིན་རྩིས་རྒྱག་རྒྱུ་ཙམ་གྱི་འབྲེལ་བ་མ་གཏོགས་མི་སྣང་བས་ངེས་པར་དུ་རྩིས་པ་དང་མང་ཚོགས་ཀྱི་འཚོ་བ་བདེ་སྡུག་དབར་ལ་འབྲེལ་བ་བཟང་པོ་མཐུད་ཐུབ་རྒྱུར་ཐབས་ཤེས་ག་རེ་གནང་རྒྱུ་ཡོད་ན་གནང་རོགས་གནང་ཞེས་འབོད་བསྐུལ་ཞུས་གནང་སོང་། ཡང་ཁོང་གིས་སྐར་རྩིས་པ་ལས་དང་པོ་བས་བོད་ཕྱི་ནང་གཉིས་སུ་ཡོད་པ་རྒན་རབས་མཁས་དབང་རྣམས་པའི་མདུན་ནས་རྩིས་རིག་པའི་གཞུང་ལུགས་ཀྱི་བཤད་པ་དང་དེ་དག་གི་ལག་ལེན་མན་ངག་ལ་བསླབ་གཉེར་བྱ་དགོས་པའི་སྐོར་སོགས་གསུངས་གནང་སོང་།

ཉིན་རྒྱབ་ནས་བགྲོ་གླེང་དངོས་གཞི་དབུ་བཙུགས་གནང་སྟེ། བོད་རྩིས་རིག་པའི་ལོ་རྒྱུས་སྐོར་དང་། དུས་འཁོར་ཕྱི་ནང་གཞན་གསུམ་དག་པ་མཉམ་སྦྱོར་དང་དེ་དག་ཉམས་སུ་ལེན་ཚུལ་སྐོར་གསུང་བཤད་བགྲོ་གླེང་དང་། སྐར་རྩིས་པ་བགྲེས་པ་གསུམ་གྱིས་དཔྱད་རྩོམསྒྲོགས་སྦྱང་གནང་། ཉིན་གཉིས་པར་ས་དཔྱད་དང་ས་བདག་ལྟོ་འཕྱེའི་ཐིག་འདེབས་ཚུལ་ལག་ལེན་གྱི་སྐོར། རྒྱ་གར་དང་བོད་རྩིས་རིག་པ་གཉིས་མཚུངས་བསྡུར། བོད་ལུགས་ཉི་ཟླ་གཟའ་འཛིན་གྱི་རི་མོའི་ལག་ལེན་གྱི་སྐོར། ལོ་ཟླ་ཞག་དུས་ཀྱི་ས་བདག་དང་དེའི་བཅོས་ཐབས་སྐོར། རྩིས་རིག་ལག་ལེན་ནང་ཐོན་པའི་ཞབས་རིམ་སྐོར་གསུང་བཤད་བགྲོ་གླེང་དང་སྐར་རྩིས་པ་གསུམ་གྱིས་དཔྱད་རྩོམསྒྲོགས་སྦྱང་གནང་། ཉིན་གསུམ་པར་བོད་ཀྱི་སྨན་རྩིས་གཉིས་ཀྱི་འབྲེལ་བའི་སྐོར་གསུང་བཤད་བགྲོ་གླེང་དང་སྐར་རྩིས་པ་བཞི་ཡིས་དཔྱད་རྩོམསྒྲོགས་སྦྱང་གནང་། ཉིན་རྒྱབ་མཇུག་སྡོམ་མཛད་སྒོ་ཚོགས་གནང་འདུག

མཐའ་མའི་འདོན་ཐེངས་།: 04.04.2014 ཉིན། 9:33 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།