སྨན་རྩིས་དྲ་བ། - མདུན་ངོས།

འབྲས་ནད་ལ་བོད་སྨན་གྱི་ཕན་ནུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.07.2015
མདུན་ངོས། >>

 

 

 

འབྲས་ནད་ལ་བོད་སྨན་གྱི་ཕན་ནུས།

ནད་བཅོས་ཡིག་ཆར་དཔྱད་ཞིབ་བགྱིས་པའི་སྙན་ཐོ།

 


འབྲས་ནད་ལ་བོད་སྨན་གྱི་ཕན་ནུས། ནད་བཅོས་ཡིག་ཆར་དཔྱད་ཞིབ་བགྱིས་པའི་སྙན་ཐོ་ཞེས་པའི་རྩོམ་ཡིག་ཅིག་ཨ་རིའི་སེ་ཇྷི་པར་སྐྲུན་ཁང་གིས་པར་སྐྲུན་གནང་བའི་འབྲས་ནད་ཟུང་འབྲེལ་བཅོས་ཐབས་རིག་པའི་དུས་དེབ་(Integrative Cancer Therapies) ནང་སྔ་ལོ་ཕྱི་ཟླ་༩ པའི་ནང་དྲ་རྒྱར་འདོན་སྤེལ་དང་། ཕྱི་ཟླ་༡༡ ནང་དེབ་གཟུགས་ཐོག་པར་སྐྲུན་གནང་འདུག རྩོམ་ཡིག་འདི་ཨ་རིའི་ལྦར་ཇི་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་སུ་སན་མཆོག་དང་བོད་ཀྱི་སྨན་རྩིས་ཁང་ཐུན་མོང་ནས་སྤེལ་བ་ཞིག་ཡིན་འདུག སྙན་ཐོ་འདིའི་ནང་དོན་སྙིང་བསྡུས་འདིར་སྒྲ་བསྒྱུར་ཞུས་ཡོད།

 

དཔྱད་ཞིབ་སྙིང་བསྡུས།

 

ངོ་སྤྲོད། བོད་ཀྱི་གསོ་བ་རིག་པ་ནི་ལུས་སེམས་གཉིས་ཀར་སྨན་བཅོས་བྱེད་པའི་རིག་པའི་གཞུང་ལུགས་ཆ་ལག་ཡོངས་སུ་ཚང་བ་ཞིག་ཡིན་སྟབས། དེང་གི་ཆར་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་དོ་སྣང་སླེབས་བཞིན་ཡོད། འོན་ཀྱང་ནད་བཅོས་སྤྱི་དང་། ལྷག་པར་དུ་འབྲས་ནད་ལ་བོད་སྨན་གྱིས་ཕན་སྐྱེད་ཇི་འདྲ་ཡོད་མེད་ཉམས་ཞིབ་བགྱིས་པའི་སྙན་ཐོ་ཧ་ཅང་ཉུང་ཉུང་ཡིན། ཆེད་རྩོམ་འདིའི་དམིགས་ཡུལ་གཙོ་བ་ནི་བོད་ལུགས་གསོ་རིག་གི་གཞི་རྩའི་ལྟ་གྲུབ་ངོ་སྤྲོད་དང་།  བོད་སྨན་གྱིས་འབྲས་ནད་དམ་ཁྲག་ནད་ལ་ཕན་སྐྱེད་ཡོད་པ་མ་ཟད་དེ་བཞིན་གནོད་ཚབས་མེད་པའི་སྔོན་འགྲོའི་དཔང་རྟགས་ཤིག་ཐོབ་པའི་ཆེད་ཡིན།  


དཔྱད་ཞིབ་ཀྱི་ཐབས་ལམ།
རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་གི་སྨན་པས་ནད་ཐོག་སྨན་བཅོས་བགྱིས་པའི་ཡིག་ཆ་ཁག་ལ་དཔྱད་ཞིབ་ཐེངས་གཅིག་ཞུས་པ་དང་། དཔྱད་ཞིབ་འདིར་ཚུད་པའི་ནད་པའི་ཡིག་ཆ་ཁག་ལ་གཤམ་གསལ་ཆ་རྐྱེན་རྣམས་ལྡན་ཡོད་དེ། ཀ༽ནུབ་ཕྱོགས་གསོ་རིག་གི་ཚད་ལྡན་བརྟག་དཔྱད་ལམ་ནས་འབྲས་ནད་ཡང་ན་ཁྲག་ནད་ངོས་འཛིན་གསལ་པོ་བྱུང་ཡོད་པ། ཁ༽བོད་སྨན་ཁོ་ནའི་ཐོག་ནས་སྨན་བཅོས་བྱས་པའམ་ཡང་ན་ནུབ་ཕྱོགས་གསོ་རིག་ལམ་ནས་སྨན་བཅོས་ཚད་མ་ལོངས་བར་བར་བོད་སྨན་གྱི་ལམ་ནས་སྨན་བཅོས་བྱས་པ། ག༽ བོད་སྨན་གྱི་ལམ་ནས་ནད་གཞི་དེ་ལ་སྨན་བཅོས་བྱས་ཏེ་ཉུང་མཐར་ལོ་གཉིས་ཙམ་སོང་བ་གང་ཞིག ནད་གཞིའི་གནས་སྟངས་རང་སོར་གནས་པའམ་ཡང་ན་དྲག་སྐྱེད་བྱུང་ཡོད་པ།


དཔྱད་ཞིབ་ཀྱི་གྲུབ་འབྲས།
འབྲས་ནད་གཅིག་དང་། ཁྲག་ནད་གཉིས་ལ་ནད་ཐོག་སྨན་བཅོས་བགྱིས་པའི་ཡིག་ཆར་དཔྱད་ཞིབ་བྱ་རྒྱུར་འདེམ་སྒྲུག་ཞུས། ༡༽འབྲས་ནད་འདི་ཕོ་བའི་འབྲས་ནད་ (adenocarcinoma of stomach) ཡིན་པ་དང་། ཕྱི་ལུགས་ཀྱི་བརྟག་དཔྱད་ནང་གསལ་ལྟར་ན་ཕོ་བའི་སྐྱི་ལྤགས་ཀྱི་ཕྲ་ཕུང་ཁ་ཤས་ཆེས་ངོས་འཛིན་དཀའ་བ། ཁ་ཤས་ཅུང་ངོས་འཛིན་ཐུབ་པའི་རྣམ་པར་གྱུར་ཏེ། དེ་དག་རྨེན་བུ་དང་གཤེར་ཁུའི་ནང་ཁྱབ་བརྡལ་སོང་ཡོད། དེར་བོད་སྨན་ལོ་གཉིས་དང་ཟླ་བ་ལྔ་ཙམ་བསྟེན་པའི་ནང་། ཕྱི་ལུགས་བརྟག་དཔྱད་ནང་ཕན་འབྲས་མངོན་པ་དང་ནད་པ་ཡང་བདེ་ཐང་ངང་འཚོ་བར་རོལ་ཐུབ་པ་བྱུང་འདུག 
༢༽ཁྲག་ནད་ཀྱི་ནད་གཞི་གཉིས་ཡོད་པ་ལས་དང་པོ་ཁྲག་རིལ་དཀར་པོའི་འབྲས་ནད་(chronic myelogenous leukemia) ཞེས་ནད་རྐང་མར་ནང་ནད་སྲིན་འགོག་འཇོམས་བྱེད་པའི་ཕྲ་ཕུང་གི་ངོ་བོར་མ་གྱུར་བར་འབྲས་ནད་ངོ་བོར་སོང་བའི་གཅོང་ནད་ཅིག་ཡིན་པ་དང་། དེར་བོད་སྨན་ཟླ་བ་གསུམ་ཙམ་བསྟེན་པའི་ནང་ཁྲག་ཕུང་རྣམས་རྒྱུན་ལྡན་ལྟར་སླར་གསོ་ཐུབ་སྟེ། ལོ་ངོ་བཞི་ཙམ་རིང་འགྱུར་བ་མེར་པར་རང་འཇགས་གནས་ཐུབ་པ་བྱུང་འདུག ༣༽ཁྲག་ནད་གཉིས་པ་དེ་ཁྲག་རིལ་དམར་པོ་བཟོ་སྐྲུན་བྱེད་མི་ཐུབ་པའི་ནད་ཅིག་(red blood aplasia) ཡིན་པ་དང་། དེར་བོད་སྨན་བསྟེན་ནས་ཕན་སྐྱེད་ལེགས་པོ་བྱུང་བར་མ་ཟད། ལུས་ཁམས་ནས་ཁྲག་རང་བཟོ་ཐུབ་སྟེ་སྔར་ཁྲག་བླུག་དགོས་པའི་གནས་བབ་ལས་གྲོལ་ཐུབ་པ་བྱུང་འདུག ནད་གཞི་དེ་གསུམ་ལ་བོད་སྨན་བསྟེན་པའི་དུས་ཡུན་ནང་མི་འཕྲོད་པའི་གནོད་ཚབས་གང་ཡང་ར་འཕྲོད་བྱུང་མི་འདུག


མཇུག་དོན།
ནད་བྲེ་བྲག་ཁ་ཤས་ཤིག་ལ་བོད་སྨན་བསྟེན་གཏུགས་བྱས་པའི་ཡིག་ཆར་དཔྱད་ཞིབ་པ་བརྒྱུད། བོད་སྨན་ནི་བདེ་འཇགས་རང་བཞིན་ཅན་ཞིག་ཡིན་པ་མ་ཟད། འབྲས་ནད་དམ་ཁྲག་ནད་ཡོད་པའི་ནད་པའི་ལུས་ཁམས་སྔར་བས་བདེ་ཐང་དུ་གཏོང་བ། ནད་ལམ་ནས་ལྡོག་པ། ནད་གཞི་དྲག་སྐྱེད་བཅས་ལ་དམིགས་བསལ་ནུས་པ་ལྡན་པ་ཞིག་ཏུ་མངོན། མ་འོངས་པར་དེ་བས་ཞིབ་ནན་གྱི་སྒོ་ནས་དཔྱད་ཞིབ་འཇུག་བྱ་འོས་པར་མཐོང་ངོ་། །

 

རྩོམ་པ་པོའི་མཚན་གཞུང་།

འབུམ་རམས་པ་སློབ་དཔོན་སུ་སན།ཨ་རི་ལྦར་ཇི་ཎི་ཡ་གཙུག་ལག་སློབ་གྲྭ་ཆེན་མོ།
སྨན་པ་བཀའ་བཅུ་པ་བསྟན་འཛིན་ལྷུན་གྲུབ། དྷ་རམ་ས་ལ་བོད་ཀྱི་སྨན་རྩིས་ཁང་།
ཀྲོ་ནི་ཀྲི་གྲེ་ལྦལ། ཨ་རིའི་ཨི་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ།
སྨན་རམས་པ་བསྟན་འཛིན་ལྷ་སྒྲོན། དྷ་རམ་ས་ལ་བོད་ཀྱི་སྨན་རྩིས་ཁང་།
འབུམ་རམས་པ་ཅི་ཀ་ཀོ ཨ་རིའི་ཨི་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ།
སྨན་རམས་པ་འཇམ་དབྱངས་སྒྲོལ་མ། ས་ལུ་གྷར་ཡན་ལག་བོད་ཀྱི་སྨན་རྩིས་ཁང་།
སྨན་རམས་པ་པད་མ་རྡོ་རྗེ། བོད་ཀྱི་སྨན་རྩིས་ཁང་གི་བགྲེས་ཡོལ་སྨན་པ།
སྨན་རམས་པ་གནས་ཤར་རྡོ་རྗེ་རབ་བརྟན། བྷེང་ལོར་ཡན་ལག་བོད་ཀྱི་སྨན་རྩིས་ཁང་།
སྨན་རམས་པ་ཪིག་འཛིན་བཟང་མོ། དྷ་རམ་ས་ལ་བོད་ཀྱི་སྨན་རྩིས་ཁང་།
སྨན་པ་བཀའ་བཅུ་པ་བསྟན་འཛིན་ཡེ་ཤེས། དྷ་རམ་ས་ལ་བོད་ཀྱི་སྨན་རྩིས་ཁང་།

མཐའ་མའི་འདོན་ཐེངས་།: 14.07.2015 ཉིན། 10:31 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།