སྨན་རྩིས་དྲ་བ། - མདུན་ངོས།

འཕྲོད་བསྟེན་སྐོར་ཚོགས་འདུ་ཞིག་བསྐོང་འཆར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.05.2016
མདུན་ངོས། >>


འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་ཐད་ཚོགས་འདུ་གལ་ཆེན་ཞིག་བསྐོང་འཆར།

     བཙན་བྱོལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་འདི་ལོའི་ཟླ་༥ ཚེས་༡༦ - ༡༨ བར་ཉིན་གསུམ་རིང་བཞུགས་སྒར་དྷ་རམ་ས་ལར་ནད་རིགས་སྔོན་འགོག་དང་མི་མང་གི་འཕྲོད་བསྟེན་ཞབས་ཞུ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ཚོགས་འདུ་གལ་ཆེན་ཞིག་བསྐོང་འཆར་གཏན་ཁེལ་ཡོད་པ་དང་། དེའི་ནང་སྨན་རྩིས་ཁང་གི་གསོ་རིག་སྨན་པ་སྐོར་ཞིག་མཉམ་ཞུགས་བྱ་རྒྱུ་ཡིན་པ་རེད།

     ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༣ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་བརྒྱ་འཁོར་བའི་དུས་སྟོན་གྱི་མཛད་སྒོའི་སྟེང་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བོད་མིའི་གཞིས་ཆགས་ཁག་ཏུ་ནད་རིགས་སྔོན་འགོག་ཐད་ལ་འཐུས་ཤོར་ཧ་ཆང་ཆེན་པོ་ཕྱིན་ཡོད་པ་དང་། འཐུས་ཤོར་གང་ནས་ཕྱིན་པའི་སྐོར་ཞིབ་འཇུག་བྱེད་པའི་སྒོ་ནས་གནས་ཚུལ་མང་ཙམ་ཤེས་པར་བྱས་ཏེ་འཐུས་ཤོར་མ་འགྲོ་བའི་ཐབས་ཤེས་གནང་དགོས་པ་སོགས་ཀྱི་སྐོར་བཀའ་སློབ་ཟབ་མོ་ཞིག་ཕེབས་པ་གཞིར་བཟུང་།

     འཕྲོད་བསྟེན་ལས་ཁུངས་ནས་མི་རིང་བར་ཟླ་༤ ཚེས་༢༥ དང་༢༧ ཉིན་སོ་སོར་དྷ་ས་བོད་ཀྱི་སྨན་རྩིས་ཁང་དུའང་བཀའ་ཡིག་འབྱོར་གསལ་ལྟར། འདི་ལོ་ཟླ་༥ ཚེས་ ༡༦ - ༡༨ བར་ཉིན་གསུམ་རིང་མི་མང་གི་འཕྲོད་བསྟེན་ཞབས་ཞུ་སྤྱི་དང་། ལྷག་པར་དུ་ནད་རིགས་སྔོན་འགོག་བྱེད་ཕྱོགས་ཐད་ས་གནས་སྨན་ཁང་ཁག་གི་འཛིན་སྐྱོང་སྔར་ལྷག་ཚགས་ཚུད་ཡར་རྒྱས་གཏོང་དགོས་ཅི་མཆིས་དགོངས་འཆར་བཀའ་བསྡུར་ལྷུག་པོ་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་༡༩ ཉིན་གསོ་རིག་སྨན་པ་རྣམས་ལ་དམིགས་བསལ་ཕྱི་ལུགས་སྨན་གྱི་འགྲོ་ལུགས་ཐོག་ཉིན་གཅིག་གི་ཟབ་སྦྱོང་དང་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་ཞུ་གཏན་ཁེལ་ཡོད་པ་ལྟར། 

     དྷ་ས་བོད་ཀྱི་སྨན་རྩིས་ཁང་ནས་ཀྱང་གནད་དོན་འདི་ཆེས་ཛ་དྲག་དང་གལ་ཆེན་དུ་བཟུང་ནས་སྨན་རྩིས་ཁང་དབུས་ཀྱི་རིག་གཞུང་སྡེ་ཚན་གྱི་སྨན་པ་ཁག་ཅིག་དང་ས་གནས་ཡན་ལག་སྨན་ཁང་ཁག་ནས་གསོ་རིག་སྨན་པ་གང་མང་ཞིག་ད་ལྟའི་ཚོགས་འདུ་དེར་མཉམ་ཞུགས་བྱུ་རྒྱུ་ཡིན་པ་མ་ཟད་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་ཀྱང་ཚོགས་འདུ་དེར་ཚོགས་བཅར་ཞུ་རྒྱུ་ཡིན་པ་རེད་འདུག །


མཐའ་མའི་འདོན་ཐེངས་།: 03.05.2016 ཉིན། 9:18 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

གསར་འགོད་གསལ་བསྒྲགས།

ཧི་མ་ཅལ་མངའ་སྡེའི་ནང་ཕག་པའི་ཆམ་རིམས་ཀྱི་འཇིགས་སྣང་།

ནུས་པ་གྲང་བསིལ་ཆེས་པའི་སྣུམ་གྱིས་ནད་སྣ་ཚོགས་སྐྱེད་པར་བཤད།

སྨན་རྩིས་སློབ་མ་གསར་བསྡུའི་རྒྱུགས་རིམ་དང་པོའི་གྲུབ་འབྲས།

མིང་དོན་བརྡ་སྤྲོད་རྣམ་ལྔ།

གཙང་སྨན་པའི་བསླབ་བྱ་དང་སྐྱོ་མགུར།

གཙང་སྨན་པའི་སྨན་གྱི་འདྲ་དཔེ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་རྩིས་རིག་གནས་ཐད་ཀྱི་མཛད་རྗེས་གཙོ་བོ།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

ཡོ་ག་ལག་ལེན་དམར་ཁྲིད་དབུ་ཚུགས་པ།

རིགས་ལམ་ངོ་སྤྲོད་སོགས་ཀྱི་འཆད་ཁྲིད་མུ་མཐུད་གནང་རྒྱུ།

ལོ་ངོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོ།

བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་འདུའི་སྒོ་འབྱེད་གཏམ་བཤད།

གཏེར་བདག་གླིང་པ།

ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ།