སྨན་རྩིས་དྲ་བ། - མདུན་ངོས།

ཝེཊ་ནམ་ཆོས་གྲོགས་བརྒྱ་སྐོར་ཞིག་སྨན་རྩིས་ཁང་དུ་ཕེབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.09.2016
མདུན་ངོས། >>

 

 

ཝེཊ་ནམ་ཆོས་གྲོགས་བརྒྱ་སྐོར་ཞིག་སྨན་རྩིས་ཁང་དུ་ཕེབས།

 

འདི་ལོའི་ཟླ་ ༩ ཚེས་ ༣ - ༥ བར་ཉིན་གསུམ་རིང་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཙོ་བོ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་ཆོས་ཞུ་བ་ ༤༥༠ ཡས་མས་ཕེབས་པ་དག་ལ་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་ཆེན་ཐོག་ལོ་སྔ་མའི་འཕྲོ་ལྷག་པ་མཇུག་སྐྱོང་ཕྱིར་གསུང་ཆོས་བཀའ་དྲིན་བསྩལ་གནང་བ་རེད། དེའི་ནང་ཝེཊ་ནམ་ནས་ཕེབས་པའི་གངས་ལྷ་མེ་ཏོག་ཐེབས་རྩ་(Members of Snow Lotus Foundation, Vietnam)ཡི་ཚོགས་གཙོ་དང་ཚོགས་མི་བརྒྱ་སྐོར་ཞིག་ཕེབས་ཡོད། དེ་ཡང་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་མཆོག་དང་གངས་ལྷ་མེ་ཏོག་ཐེབས་རྩའི་བར་ལོ་ཤས་ནས་འབྲེལ་བ་དམ་ཟབ་ཡོད་པར་བརྟེན་ད་རེས་ཆོས་གྲོགས་ཁོང་རྣམས་གསུང་ཆོས་ཞུ་བ་དང་སྟབས་བསྟུན་སྨན་རྩིས་ཁང་དུ་ཆེད་དམིགས་གཟིགས་སྐོར་ཕེབས་ཐུབ་པ་བྱུང་ཡོད།


དེ་ཡང་ཟླ་ ༨ ཚེས་ ༣༠ རེས་གཟའ་མིག་དམར་ཕྱི་དྲོ་ཕྱག་ཚོད་ ༤།༣༠ ཀར་ Snow Lotus Foundation ཚོགས་གཙོ་ལྕམ་ཆུང་ Ms. Minh Chau Le དང་ཚོགས་མི་རྣམས་སྨན་རྩིས་ཁང་དུ་ཆེད་ཕེབས་ཀྱིས་ཐོག་མར་སྨན་རྩིས་འགྲེམས་སྟོན་ཁང་ལ་གཟིགས་སྐོར་གནང་སྐབས་སྨན་པ་ཚེ་བརྟེན་མི་འགྱུར་དང་། སྐར་རྩིས་པ་ཀུན་དགའ་དོན་གྲུབ་གཉིས་ནས་སྨན་རྩིས་སྐོར་དམིགས་གསལ་ངོ་སྤྲོད་རྒྱས་པ་ཞིག་ཞུས། ཕྱི་དྲོ་ཕྱག་ཚོད་ ༦ པའི་ཐོག་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་དང་།  ལས་མི།  སློབ་ཕྲུག་ལྷན་དུ་དགོང་དྲོར་དཀར་ཟས་ལ་རོལ། དེ་ནས་དགོང་མོའི་ལས་རིམ་དེ་བཞིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཕྱག་ཚོད་༧ པར་དབུ་འཛུགས་ཞུས། ཐོག་མར་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་སྨན་རྩིས་ཁང་གི་བྱུང་རིམ་དང་། དམིགས་ཡུལ་སྐོར་ངོ་སྤྲོད་གཏམ་བཤད་གནང་། ཝེཊ་ནམ་ནས་ཕེབས་པའི་ཆོས་གྲོགས་རྣམས་ཀྱི་རེ་བསྐུལ་གཞིར་བཟུང་རིག་གཞུང་བརྗེ་ལེན་ཚུལ་དུ་ཕྱོགས་གཉིས་ཀས་སྲོལ་རྒྱུན་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་པ་རེད། དེ་ཡང་སྨན་རྩིས་ཁང་གི་ལས་བྱེད།  ལས་མི།  སློབ་ཕྲུག་རྣམས་ནས་མཉམ་གཞས། སྒོར་གཞས་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་འཁྲབ་སྟོན་ཁག་ཅིག་གཟིགས་འབུལ་ཞུས་ཡོད་པ་དང་།  དེ་བཞིན་ཝེཊ་ནམ་ཆོས་ཞུ་བ་(Members of Snow Lotus Foundation) རྣམས་ནས་ཝེཊ་ནམ་གྱི་གླུ་གཞས་སྙན་འཇེབས་ལྡན་པ་ཁག་གསུམ་གཟིགས་འབུལ་ཞུས།


འདིའི་སྐབས་(Members of Snow Lotus Foundation)ཐེབས་རྩའི་ཚོགས་མི་རྣམས་ནས་བོད་ཀྱི་སྨན་རྩིས་ཁང་ལ་ཞལ་འདེབས་ཨ་སྒོར་ཆིག་ཁྲི་(༡༠,༠༠༠)ཐམ་པ་གནང་བ་མ་ཟད།  གཞས་སྣ་འཁྲབ་སྟོན་པ་རྣམས་ལ་གསོལ་རས་ཧིན་སྒོར་ཆིག་འབུམ་ཁྲི་མེད་དྲུག་སྟོང་བརྒྱ་དང་བཞི་བཅུ་(༡༠༦,༡༤༠)ཐམ་པ་དང་།  སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི།  སློབ་ཕྲུག དེ་བཞིན་ལས་བྱེད་ལས་མིའི་བུ་ཕྲག་བཅས་ལ་དགོང་མོའི་དཀར་ཟས་གསོལ་སྟོན་ཆེད་ཧིན་སྒོར་ཆིག་འབུམ་ཉི་ཁྲི་བརྒྱད་སྟོང་བདུན་རྒྱ་བདུན་ཅུ་(༡༢༨,༧༧༠།༠༠)ཐམ་པ་དགའ་སྤྲོའི་ངང་གནང་འབྱོར་བྱུང་བས་སྨན་རྩིས་ཁང་ནས་ཁོང་རྣམ་པར་བཅོས་མིན་ཐུགས་རྗེ་ཆེ་ཞུས། དགོང་དྲོའི་གསོལ་སྟོན་དང་ལས་རིམ་ནང་དུ་ཝེཊ་ནམ་ཆོས་ཞུ་བ་(Members of Snow Lotus Foundation) མི་གྲངས་ ༩༥ དང་། སྨན་རྩིས་ཁང་གི་ལས་བྱེད་དང་།  ལས་མི།  སློབ་ཕྲུག་བཅས་ཁྱོན་བསྡོམས་མི་གྲངས་ ༥༠༠ ཐམ་པས་མཉམ་ཞུགས་གནང་བ་རེད།

                                                                                  

མཐའ་མའི་འདོན་ཐེངས་།: 08.09.2016 ཉིན། 12:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།