སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

མཆོད་བརྗོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

    

མཆོད་བརྗོད་དང་བྱུང་བ་སྤྱི་ཙམ་གླེང་པ།

མཆོད་བརྗོད།

བསྐལ་བཟང་རྣམ་འདྲེན་སྟོང་གི་མཛད་པ་ཀུན།།

ས་ཆེན་འཁོར་ལོ་མཛེས་པའི་གཙུག་རྒྱན་དུ།།

བརྩེ་ཆེན་ཟླ་ཤེལ་གཞོན་ནུའི་གཟི་འོད་ལས།།

སྐྱོང་མཛད་ཕྱག་ན་པདྨོར་གུས་ཕྱག་འཚལ།།


མཐོང་བརྒྱུད་མན་ངག་ནོར་བུས་རབ་ཕྱུག་པའི།།

གསོ་རྩིས་ལེགས་བཤད་རྒྱ་མཚོའི་རླབས་ཕྲེང་འབུམ།།

ཅི་དགར་སྤྱོད་པའི་སྐྱེད་ཚལ་ཡངས་པོ་ཡི།།

བྱུང་རབས་འོད་སྣང་འདྲེན་བྱེད་རྒྱན་དུ་སྤེལ།།


གཞུང་ལུགས་འཆད་པའི་མན་ངག་མ་ཡིན་ཀྱང་།།

རྨད་བྱུང་སྨན་རྩིས་རིག་པའི་ཕན་ནུས་ལས།།

ལེགས་བྱས་འོད་སྣང་ཟེགས་མ་འབུམ་འཇོ་བའི།།

བྱུང་བ་ཕྱོགས་སུ་སྡེབ་ལ་འགལ་བ་ཅི།།


སྙན་ཚིག་ནོར་བུའི་མཛེས་རྒྱན་མ་ལགས་ཀྱང་།།

ཟད་མེད་ལོ་འབྲས་ཕུང་པོས་ཁུར་ལྕི་བའི།།

དཔྱོད་ལྡན་རྣ་བ་གཡོ་བའི་སྙིང་སྡུག་མའི།།

མཛའ་གཅུགས་འོད་ཞགས་ལང་ཚོ་འདི་ན་རྒྱས།། །།


བྱུང་བ་སྤྱི་ཙམ་གླེང་པ།

བོད་ཀྱི་སྨན་རྩིས་ཁང་ནི་སྨན་རྩིས་གཉིས་ཀྱི་རིག་གཞུང་རྒྱུན་འཛིན་དང་སྤྱི་ཚོགས་ཞབས་ཞུ་ཞུ་མཁན་གྱི་ཚོགས་སྡེ་ཞིག་ཡིན་ལ། ཚོགས་སྡེ་འདིར་ལས་གཞི་རྒྱ་ཆེ་བའི་དབང་གིས་སྡེ་ཚན་མང་པོར་ཕྱེས་ཡོད་པ་བཞིན་སྐབས་དོན་རིག་གཞུང་སྡེ་ཚན་ཁག་གིས་གཙོས་སྨན་རྩིས་ཁང་གི་ཁྱབ་ཁོངས་ཡན་ལག་སྡེ་ཚན་ཁག་གི་བྱུང་རིམ་དང་གནས་བབས་མདོ་ཙམ་རེ་ངོ་སྤྲོད་བྱ་རྒྱུ་ཡིན། དེ་ནི་མི་རིགས་ཤིག་གི་གདོང་རིས་འབུར་དུ་གསལ་བའི་དོན་དངོས་ཀྱི་ལོ་རྒྱུས་ཀྱི་དགོས་མཁོ་ཙམ་དུ་མ་ཟད། མི་རིགས་ཤིག་གི་ཚེ་སྲོག་ཏུ་གྱུར་བའི་རིག་གཞུང་ཞིག་གི་རིན་ཐང་དང་། ཤུལ་བཞག་གི་མཛད་རྗེས་སོགས་ཤེས་རྟོགས་ཐུབ་པའི་དགོས་མཁོ་དང་ཁྱད་ཆོས་ལྡན་ཡོད། དེ་ཡང་བོད་གངས་ཅན་པར་མཚོན་ན་ལོ་རྒྱུས་ཡུན་རིང་ལྡན་ལ་རིག་གཞུང་གི་མཛོད་དུ་གྱུར་པའི་མི་རིགས་ཤིག་ཡིན་ནའང་དུས་འགྱུར་གཉན་འཕྲང་ཅན་གྱི་སྐབས་འདིར་བོད་མི་རིགས་རིག་གཞུང་དང་བཅས་པའི་དོན་དངོས་ལོ་རྒྱུས་དང་། ཆགས་འཇིག་སྐབས་ཀྱི་མྱུར་སྐྱོབ་བྱ་བཞག་སོགས་དངོས་བྱུང་གི་ལོ་རྒྱུས་འཇོག་རྒྱུ་ཧ་ཅང་གལ་ཆེ། དེར་བརྟེན། སྨན་རྩིས་ཁང་གི་སྤྱིའི་ལོ་རྒྱུས་འགན་འཛིན་སོ་སོའི་སྐབས་དང་འབྲེལ་ནས་གླེང་ཟིན་ནའང་ཁྱབ་ཁོངས་དབུས་སྡེ་ཚན་ཁག་དང་ཡན་ལག་སྨན་ཁང་ཁག་གི་བྱུང་རིམ་དང་།  ྋསྐུའི་བླ་སྨན་པ་རྣམ་པས་གཙོས་མི་ཚེ་ཧྲིལ་པོོར་སྨན་རྩིས་ཁང་དུ་ཞབས་འདེགས་བསྒྲུབས་ནས་ཚེ་མཐར་ཕྱིན་པ་དག་དང་། ལོ་ངོ་ཉི་ཤུའི་རིང་ྋགོང་ས་མཆོག་གི་ཐུགས་དགོངས་ལྟར་རང་གཞུང་གི་ལས་སྒོར་ཞུགས་ཏེ་རང་ནུས་གང་ཐུབ་བགྱིས་པའི་མི་སྣ་དག་གི་བྱུང་རིམ་ལོ་རྒྱུས་བརྗོད་རྒྱུ་དེ་ཡང་འོས་ཤིང་འཚམས་པ་ཞིག་ཡིན། དེའི་ཕྱིར་སྨན་རྩིས་ཁང་གི་ཁྱབ་ཁོངས་སྡེ་ཚན་སོ་སོའི་ལས་དོན་བྱེད་ཕྱོགས་ལ་རིགས་གཅིག་རྐང་འཛིན་ལྟ་བུའི་བྱེད་སྒོ་དང་བྱེད་ཐབས་མི་འདྲ་བ་ཡོད་པ་མ་ཟད། སྡེ་ཚན་སོ་སོའི་ནང་གི་ལས་བྱེད་ཕལ་མོ་ཆེའི་ལས་དོན་སྒྲུབ་ཕྱོགས་ལའང་ཁྱད་ལས་རང་བཞིན་ལྡན་པའི་གནས་བབས་རེ་ཡོད་པས་ལས་རིགས་རེ་རེའི་འགན་དབང་དང་གནས་བབས། ད་དུང་གྲུབ་འབྲས་སོགས་རེ་རེ་བྱས་ནས་བརྗོད་ཐབས་མེད་ཀྱང་།

དམིགས་བཀར་སྡེ་ཚན་སོ་སོའི་སྐབས་བབ་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་འཕེལ་རིམ་དང་། གནས་བབས།  ལྷག་པར་གྲུབ་དོན་བཅས་ཡོད་པར་བརྟེན་སྡེ་ཚན་སོ་སོའི་ལས་དོན་མདོར་བསྡུས་རེ་བརྗོད་པར་བྱའོ།། །།

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 12:33 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།