སྨན་རྩིས་དྲ་བ། - དྲི་མེད་ཤེལ་གོང་།

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015
དྲི་མེད་ཤེལ་གོང་། >>

 


༄༅། །བདུད་ནད་གཞོམ་པའི་གཉེན་པོ་རྩི་སྨན་གྱི་ནུས་པ་རྐྱང་བཤད་གསལ་སྟོན་དྲི་མེད་ཤེལ་གོང་

ཞེས་བྱ་བ་བཞུགས་སོ།།

 

ནམོ་གུརུ་བྷཻཥཛྱཱེ། མཚན་དང་དཔེ་བྱད་དཔལ་ལྡན་རྫོགས་སངས་རྒྱས། །ཚད་མེད་ཐུགས་རྗེ་ཆེས་གཟིགས་འགྲོ་ཀུན་འདྲེན། །གསང་བ་བསམ་མི་ཁྱབ་པའི་རྣམ་དག་སྐུ། །ཆོས་གོས་གསུམ་མཛེས་སྣང་འཛིན་སྟོན་པར་འདུད། །སྨན་ནུས་འབྱུང་བ་རྣམ་ལྔས་བསྐྱེད་པ་ལས། །རོ་དྲུག་ཞུ་རྗེས་གསུམ་དང་ནུས་པ་བརྒྱད། །ཡོན་ཏན་བཅུ་བདུན་རྐྱང་ལྡན་འདུས་འཚོགས་ལས། །སྐྱེས་ཚད་མཐོང་ཚད་སྨན་དུ་གཏོང་ནུས་ཕྱིར། །ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། །འོན་ཀྱང་སྔ་རབས་རྣམས་ཀྱིས་ངོས་བཟུང་ཞིང༌། །མིང་འདོགས་མཛད་ལ་འབྱུང་བ་ངོ་བོ་གཉིས། །འབྱུང་ནུས་རོ་འདྲ་ཞུ་རྗེས་མི་འདྲ་དང༌། །ནུས་པ་འདྲ་ཡང་བྱེད་ལས་ཐ་དད་པ། །མངོན་མཁྱེན་ཅན་ལས་སོ་སྐྱེའི་སྤྱོད་ཡུལ་མིན། །ངོ་བོའི་ནུས་པར་རྣམ་པ་བརྒྱད་ཡིན་ཏེ། །འབྱུང་བསྐྱེད་རོ་ནུས་ཞུ་རྗེས་ཡོན་ཏན་ལས། །བྱེད་དང་སྐྱེ་སའི་སྟོབས་ཀྱི་ནུས་པ་དང༌། །དྲི་ཡི་ནུས་པ་གཉེན་པོའི་ནུས་པ་དང༌། །རིགས་མཐུན་ནུས་པ་ཁ་དོག་དབྱིབས་མཐུན་ནུས། །རྟེན་འབྲེལ་ནུས་པ་སྨོན་ལམ་ནུས་པའོ། །ཕྱི་མ་བདུན་པོ་རང་རང་ལས་བྱེད་ལས། །རོ་ནུས་ཞུ་རྗེས་ཡོན་ཏན་ལ་མ་ལྟོས། །དེ་བརྒྱད་ལས་བྱུང་ཕལ་ཆེར་བཤད་པ་ལ། །རིན་ཆེན་ས་རྡོ་རྩི་ཤིང་ལྡུམ་སྔོ་དང༌། །ལན་ཚྭ་སྲོག་ཆགས་ལས་བྱུང་ཞིང་སྐྱེས་དང༌། །ཆུ་མེ་བསྡུས་པ་རྣམ་པ་བཅུ་གསུམ་སྟེ། །སོ་སོར་ནང་གསེས་ཡན་ལག་བཅས་པ་འཆད།།

 

མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 10:26 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།