སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

མ་ལེ་འཆུས་པའི་བཅོས་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.11.2013
བོད་ཀྱི་སྨན་བཅོས་རིག་པ། >>

 

༄༅། །མ་ལེ་འཆུས་པའི་བཅོས་ཐབས་འཁྱེར་བདེ་རུ་བཀོད་པ་བཞུགས་སོ། །


དེ་ཡང་མ་ལེ་འཆུས་པའམ་བུད་པ་ནི་སྤྱོད་ལམ་དང་འདུག་སྟངས་འཁྲུགས་པའི་དབང་གིས་སྐབས་སུ་ཁ་གདང་པ་དང་། ཨ་སྟོང་རྒྱག་པ། མིག་གནམ་དུ་བལྟ་བ། སྐད་ཆེན་པོ་བརྒྱབ་པ། གད་མོ་ཤུགས་ཆེར་ཤོར་བ་སོགས་ཀྱི་རྐྱེན་གྱིས་འགྲམ་ཚིགས་ཕྱིར་བུད་འགྲོ་བའི་ནད་ཅིག་ལ་ཟེར།

དེ་ལ་བཅོས་གཞན་དུ་སུག་ཕྱེ་སྣ་ལ་འཐེན་པ་དང་། དེང་སང་ལག་པས་ཡར་བཅུག་པའམ་འཛུལ་ཐབས་བཅས་ཀྱི་ལག་ཐབས་བྱེད་པ་སོགས་ནི་བཅོས་ཀ་སྟབས་བདེ་བ་ཞིག་མིན་ལ་ཞོར་སྐྱོན་ཡང་འབྱུང་བ་མང་ངོ་། །མ་ཟད་ལག་ལེན་དེ་ནི་ན་ཟུག་ཆེ་ལ་བཅོས་ཀ་སྟབས་མི་བདེ་བ་དང་། ད་དུང་བུད་ཡུན་རིང་བའི་རྐྱེན་གྱིས་འགྲམ་པ་སྐྲངས་པ་དང་གཉན་ཁ་རྒྱས་ཡོད་ན་བཙན་ཐབས་ཀྱི་ལག་ཐབས་དེ་ནི་ཧ་ཅང་གནོད་ཆེ་བའི་སྟེང་བླ་གཉན་གྱི་ནད་གཞན་ཀྱང་སློང་སྲིད་པ་རེད། དེ་མིན་ད་དུང་ལག་ཐབས་དེས་བཅོས་པ་ནི་སླར་ཡང་ཕྱིར་བུད་འགྲོ་བའི་སྐྱོན་ཡང་འབྱུང་གི་ཡོད།

དེས་ན་ལག་ཏུ་བླང་བདེ་ལ་ཕན་ཁྱད་ཆེ་བའི་བཅོས་ཀ་སྔ་རབས་མཁས་པ་གོང་མ་ནས་ཉེ་བར་བརྒྱུད་པའི་ལག་ལེན་སྟབས་བདེ་རུ་འགོད་པར་བྱ་བ་ལ། མ་ལེ་བུད་པའི་ནད་པ་དེ་ཉིད་ཉལ་ཁྲིའམ་ས་བདེ་ས་ཞིག་ལ་གན་ཀྱལ་དུ་བསྙལ་ལ་མགོ་འོག་ཏུ་སྔས་ཆུང་ཙམ་བཅུག་ནས་ལུས་པོ་དྲང་པོར་རྐང་གཉིས་གཤིབ་ལ་ལག་པ་གཞོགས་ངོས་སུ་ཕབ་ནས་ལུས་སེམས་ལྷོད་པོར་བཞག དེ་ནས་ནད་པའི་མིག་ཐོད་ཀྱི་སྟེང་མཐོ་ཚད་འདོམ་གང་མཚམས་སུ་བརྡ་སྟོན་པའི་ཚུལ་དུ་སྨན་པས་མཛུབ་མོ་བཀེར་ཏེ་མཛུབ་རྩེ་རུ་ནད་པར་བལྟ་རུ་བཅུག མཛུབ་རྩེས་ནད་པའི་མིག་འཁྲིད་ནས་གཡས་གཡོན་དུ་ལན་གྲངས་བདུན་ཙམ་བལྟ་རུ་བཅུག དེའི་རྗེས་མཛུབ་རྩེ་དེས་ནད་པའི་མིག་འཁྲིད་དེ་རང་ཉིད་ཀྱི་རྐང་པའི་རྩེ་མོར་བལྟ་རུ་བཅུག་པས་མ་ལེ་བུད་པ་རང་བཞིན་གྱིས་སླར་རང་སར་ཚུད་པར་འགྱུར་རོ། །

ཡང་ན་གོང་གསལ་གྱི་སྡོད་ལུགས་བཅོས་ཚུལ་ནད་པར་བསླབས་ནས་ནད་པ་རང་ངོས་ནས་ཉལ་སྟངས་སོགས་གོང་གསལ་བཞིན་བྱས་རྗེས། མིག་གཉིས་གཡས་གཡོན་དུ་ལན་གྲངས་བདུན་ཙམ་བལྟས། དེ་ནས་མིག་གཉིས་ཐད་ཀར་རང་ཉིད་ཀྱི་རྐང་པའི་མཛུབ་རྩེ་རུ་བལྟས་པས་གྲུབ་དོན་སྔར་བཞིན་འོང་བས་གང་བདེར་སྤྱད་ཆོག་གོ། །།

བཅོས་ཀ་འདི་ནི་རྗེ་གཡུ་ཐོག་པའི་གསུང་དུ་གྲགས་ཤིང་ྋསྐྱབས་རྗེ་གཏེར་སྟོན་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་ལ་ལན་མང་བཅོས་པའི་མྱོང་བྱང་དང་བླ་མ་གོང་མའི་གདམས་ངག་གི་ཕྱག་རྒྱུན་མ་ཉམས་པར་བཞུགས་ཡོད་པ་ཞལ་གསུང་བཞིན་སྨན་རམས་པ་འཇམ་དབྱངས་རྒྱ་མཚོ་དང་སྨན་རམས་པ་སྟོན་པ་སྐྱབས་གཉིས་ཀྱིས་ཟིན་བྲིས་སུ་བཏབ།།

 

མཐའ་མའི་འདོན་ཐེངས་།: 25.11.2013 ཉིན། 2:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།