སྨན་རྩིས་དྲ་བ། - ལོ་རྒྱུས།

༄༅། །གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་དང་པོ།
(གསོ་རིག་མཁས་དབང་རིམ་བྱོན་གྱི་དཀར་ཆག)

1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31
32
33
34
35
36
37
38
39
40
41
42
43
44
45
46
47
48
49
50
51
52
53
54
55
56
57
58
59
60
61
62
63
64
65
66
67
68
69
70
71
72
73
74
75
76
77
78
79
80
81
82
83
84
85
86
87
88
89
90
91
92
93
94
95
96
97
98
99
100
101
102
103
104
105
106
107
108
109
110
111
112
113
114
115
116
117
118
119
120
121
122
123
124

བླ་སྨན་བློ་བཟང་དབང་རྒྱལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.02.2011
ལོ་རྒྱུས། >>

བླ་སྨན་བློ་བཟང་དབང་རྒྱལ།

སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན།

འཚོ་བྱེད་སློབ་དཔོན་ཆེན་མོ་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་ནི་རབ་བྱུང་བཅོ་ལྔ་བའི་ལྕགས་སྤྲེལ་སྤྱི་ལོ་༡༩༢༠ལོར་ལྷོ་ཁ་འཕྱོངས་རྒྱས་སུ་ཡབ་ཕུར་བུ་རྡོ་རྗེ་དང་ཡུམ་ཚེ་རིང་དཔལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌། དགུང་ལོ་བཅུ་གསུམ་ལ་སོན་པ་ཆུ་སྤྲེལ་སྤྱི་ལོ་༡༩༣༢ལོར་འཕྱོངས་རྒྱས་བཀྲ་ཤིས་བདེ་ཆེན་དགོན་དུ་ཆོས་ཞུགས་ཀྱིས་ཡི་གེ་འབྲི་ཀློག་ནས་བཟུང་དགོན་པའི་ཆོས་སྤྱོད་དང་ཚོགས་འདོན་སོགས་ཐུགས་འཛིན་གནང༌། དགུང་ལོ་ཉེར་གཅིག་ཐོག་ལྷ་ལྡན་སྨན་རྩིས་ཁང་དུ་ཕེབས་ཏེ་སྨན་རྩིས་གཉིས་ཀྱི་གཙོས་སྦྱང་གཞི་མཐའ་དག་སློབ་མཐར་སོན་རྗེས་ྋབླ་སྨན་མཁྱེན་རབ་ནོར་བུའི་དྲུང་དུ་ཉམས་མྱོང་དང་ཞབས་ཕྱི་ཞུས།

ས་ཕག་སྤྱི་ལོ་༡༩༥༩རྒྱ་དམར་གྱིས་འཛིན་བཟུང་གིས་ལོ་བདུན་ཙམ་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད། ཆུ་ཕག་སྤྱི་ལོ་༡༩༨༣ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་མཇལ་བཅར་སྐབས་༸གོང་ས་མཆོག་གིས་སྐུའི་བླ་སྨན་པ་གཞོན་པའི་ཐུགས་འགན་བཀའ་སྩལ་བཞིན་དང་དུ་བླངས་ནས་འདི་གར་བཞུགས་རྒྱུའི་ཐུགས་ཐག་བཅད།

དེའི་རྗེས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་དང་སྨན་རྩིས་མཁས་པའི་ཚོགས་ཆུང་གི་ཚོགས་གཞོན། བརྟག་དཔྱད་སྨན་ཁང་གི་ཚད་འཛིན་སྨན་པའི་ཐུགས་འགན་སོགས་བཞེས་པ་དང་། རིམ་པས་འཇར་པན་དང༌། ཕ་རན་སི། ཨུ་རུ་སུ། སོག་པོ། དབྱིན་ལིན། ནོར་ཝེ། སུ་ཌན། ཨི་ཌ་ལི་སོགས་རྒྱབ་ཁབ་མང་པོར་སྤྱི་དོན་ཆེད་ཕེབས་གནང་མཛད་དེ་ཉམ་ཐག་ནད་པར་སྨན་བཅོས་དང་འབྲེལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་དང༌། རིག་གཞུང༌། ལོ་རྒྱུས་ཁག་དང༌། བསྟན་སྲིད་ལ་སྨན་པའི་མཛད་པ་སོགས་བརྗོད་དུ་མེད་པའི་རྣམ་དཀར་འཕྲིན་ལས་རྒྱ་ཆེར་བསྐྱངས་པ་དང་། དེ་བཞིན་དུ་༼སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་ལུང་ལྟར་༸སྤྱི་ནོར་༸གོང་ས་༸་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ལས་འཕྲོས་པའི་འབྲེལ་ཡོད་ལོ་རྒྱུས་མདོ་ཙམ་གླེང་བ༽ཞེས་པའི་གསུང་རྩོམ་ཡང་མཛད་གནང་ཡོད།

མཐར་སྤྱི་ལོ་༢༠༠༣ལོའི་ཟླ༥ཚེས་༡༩ལ་བཞུགས་སྒར་སྨན་རྩིས་ཁང་གཟིམ་ཤག་ཏུ་དགུང་ལོ་༨༣ཐོག་དགོངས་པ་ཆོས་དབྱིངས་སུ་འཐིམ། ཟུར་བརྗོད། རྣམ་ཐར་རྒྱས་པ་གཞན་དུ་ཡོད་པས་དེ་ལས་གཟིགས་རྒྱུ།།

མཐའ་མའི་འདོན་ཐེངས་།: 12.02.2011 ཉིན། 9:46 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།