སྨན་རྩིས་དྲ་བ། - མདུན་ངོས།

བོད་སྨན་ལ་ཉམས་ཞིབ་བྱས་པའི་སྙན་ཐོ་ཞིག་རྒྱལ་སྤྱིའི་དུས་དེབ་ནང་ཐོན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.08.2013
མདུན་ངོས། >> གསར་འགྱུར།

བོད་ལུགས་གསོ་བ་རིག་པའི་གཞུང་ལུགས་ལས་གསུངས་པའི་ནད་ཀྱི་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི་ལས་ཟས་སྤྱོད་གཉིས་ཀྱིས་སྙིང་ཁམས་ཁྲག་རྩའི་ནད་དང་དྭངས་མ་མ་ཞུ་བ་གཉིས་ལ་ཕན་སྐྱེད་ཆེན་པོ་ཡོད་ཚུལ་ཚན་རིག་གི་ལམ་ནས་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་ཕྱི་ལོ་༢༠༡༣ ཟླ་བ་ ༠༧ ཚེས་༡༩ ཉིན་རྒྱལ་སྤྱིའི་སྙིང་ནད་རིག་པའི་དུས་དེབ་ནང་འདོན་སྤེལ་གནང་འདུག

ཉམས་ཞིབ་འདི་ཕྱི་ལོ་༢༠༠༨ ནས་ ཕྱི་ལོ་༢༠༡༠ ཟླ་བ་ ༡༡ བར་སྙིང་ཁམས་ཁྲག་རྩའི་ནད་པ་གྲངས་༥༢༤ ཚོགས་ཆུང་གཉིས་སུ་བགོས་ཏེ་ཞིབ་འཇུག་གནང་ཡོད། དེ་ཡང་ནད་པ་གྲངས་༢༦༢ ཚོགས་ཆུང་གཅིག་བྱས་ཏེ་བོད་ལུགས་གསོ་རིག་གཞུང་ལས་བསྟན་པའི་ནད་ཀྱི་གཉེན་པོ་ཟས་སྤྱོད་གཉིས་བསྟེན་པ་དང་། ལྷག་མ་གྲངས་༢༦༢ ཚོ་ཁག་གཅིག་བྱས་ཏེ་རྒྱུན་ལྡན་ལྟར་ཕྱི་ལུགས་སྨན་ལུགས་ཀྱི་སྒོ་ནས་ཟས་སྤྱོད་ལམ་སྟོན་གནང་འདུག ཉམས་ཞིབ་ནང་མཉམ་ཞུགས་ནང་མཁན་ནད་པ་དག་ནི་མི་རིགས་དཀར་པོ་ཡིན་པ་དང་། གཟུགས་པོའི་རིང་ཚད་ལ་གཞིགས་པའི་ལྗིད་ཚད་དེ་གཟུགས་པོའི་གདོས་ཚད་རྒྱུན་ལྡན་ལས་མཐོ་བ། དྭངས་མ་མ་ཞུ་བའི་ནད་ཡོད་མཁན་ཤ་སྟག་ཡིན་པ་རེད། དེར་བརྟེན་ཉམས་ཞིབ་ཀྱི་དམིགས་ཡུལ་གཙོ་བ་དེ་ཟླ་དྲུག་རྗེས་གཟུགས་པོའི་ལྗིད་ཚད་དང་གདོས་ཚད་ལ་འགྱུར་བ་ཡོང་གི་ཡོད་མེད་བརྟག་དཔྱད་བྱ་རྒྱུ་དང་། དེ་ནས་ཟླ་དྲུག་རིང་ཁྲག་རླུང་སྟོད་འཚང་དང་། སྙིང་གི་འཕར་ཚད། འཕར་རྩའི་གནས་བབས། མཁྲིས་པའི་ཞག་ངན་ལ་ཕར་ཆག་བྱུང་ཡོད་མེད་སོགས་ལ་བརྟག་དཔྱད་དང་། མཐར་ལོ་གཅིག་ནང་གཟུགས་པའི་ལྗིད་ཚད་དང་གདོས་ཚད་ལ་འགྱུར་བ་གང་འདྲ་ཡོད་མེད་བརྟག་དཔྱད་གནང་འདུག

དེ་ལྟར་གནང་བའི་གྲུབ་འབྲས་ནི། ཚོ་ཁག་གཉིས་ཀའི་ནད་པ་དག་གི་གཟུགས་པོའི་ལྗིད་ཚད་དང་གདོས་ཚད་གཉིས་ཀ་མར་ཤུགས་ཆེན་པོ་ཆག་ཡོད་པ་དང་ལྷག་པར་དུ་བོད་སྨན་གྱི་སྒོ་ནས་མང་བ་ཆག་ཡོད། དེ་ཡང་ཕྱི་ལུགས་སྨན་གྱི་སྒོ་ནས་ཟས་སྤྱོད་ལམ་སྟོན་བྱས་པའི་ནད་པ་དག་གི་ལྗིད་ཚད་ཀི་ལོ་ ༠་༢ ནས་ ༦་༢ བར་དང་། གཟུགས་པོའི་གདོས་ཚད་ (༠་༡‑ ༢་༡ Kg/m2) བར་ཆག་ཡོད། བོད་ལུགས་གསོ་རིག་ལུགས་ཀྱི་སྒོ་ནས་ཟས་སྤྱོད་ལམ་སྟོན་བྱས་པའི་ནད་པ་དག་གི་གཟུགས་པོའི་ལྗིད་ཚད་ཀི་ལོ་ ༢་༢ ནས་ ༡༠་༦ བར་དང་། གཟུགས་པོའི་གདོས་ཚད་ (༠་༦ ནས་ ༣་༦ kg/m2) བར་ཆག་ཡོད། གཞན་ཡང་མཁྲིས་པའི་ཞག་ངན་དང་། མཆིན་པའི་ནང་བཟོ་སྐྲུན་བྱས་པའི་སྤྲི་དཀར་འཕེལ་དྲག་ནས་ཁྲག་གི་འཁོར་བསྐྱོད་ལ་གནོད་སྐྱོན་གཏོང་མཁན་དག་བོད་སྨན་གྱི་སྒོ་ནས་ཚད་གཞི་བྲི་ཐུབ་་པ་བྱུང་འདུག

ཉམས་ཞིབ་དེའི་མཐའ་སྡོམ་ལ། སྙིང་ཁམས་ཁྲག་རྩའི་ནད་དང་དྭངས་མ་མ་ཞུ་བ་གཉིས་ལ་བོད་ལུགས་གསོ་རིག་གཞུང་ལས་བསྟན་པའི་ནད་ཀྱི་གཉེན་པོ་ཟས་སྤྱོད་གཉིས་ཟླ་དྲུག་རིང་སྨན་བཅོས་བྱས་པས་ནད་པ་དག་གི་གཟུགས་པོའི་ལྗིད་ཚད་དང་གདོས་ཚད་གཉིས་ཀ་ཕྱི་ལུགས་ལས་ཤུགས་ཆེ་བ་མར་ཆག་ཐུབ་ཡོད་ལ། ཁྲག་ཚིལ་བྲི་བ་དང་གཉན་ཁ་མི་རྒྱག་པ་བཅས་ལ་ཕན་སྲིད་པ་བཅས་ཞིབ་འཇུག་སྙན་ཐོ་རགས་བསྡུས་ནང་འཁོད་འདུག

ཉམས་ཞིབ་དེ་བཞིན་ཕྱི་ལུགས་སྨན་པ་ (Stephan von Haeling)གིས་གཙོ་འགན་བཞེས་ཡོད་པ་དང་། ཁོང་ནི་ཇར་མ་ནིའི་རྒྱལ་ས་བར་ལིན་ནང་རྟེན་གཞི་བྱས་པའི་གསོ་རིག་སློབ་གྲྭའི་སྙིང་ནད་ཚན་ཁག་ནང་སྨན་པ་དང་ཉམས་ཞིབ་པའི་ལས་འཁུར་ཞུ་མཁན་ཞིག་ཡིན་འདུག གཞན་ཡང་ཕྱི་ལུགས་སྨན་པ་Dr Konstantinos Stellos  དང་བོད་ལུགས་སྨན་པ་རྣམ་རྒྱལ་ཁྱུ་གསར་སོགས་ཉམས་ཞིབ་བྱེད་མཁན་ཁོངས་སུ་མཉམ་ཞུགས་གནང་འདུག 

 

གནས་ཚུལ་གཞི་བཅོལ་ས།

http://www.internationaljournalofcardiology.com/article/S0167-5273(13)01233-3/abstract

http://www.phayul.com/news/article.aspx?id=33902&article

མཐའ་མའི་འདོན་ཐེངས་།: 26.09.2013 ཉིན། 4:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།