སྨན་རྩིས་དྲ་བ། - མདུན་ངོས།

བོད་མི་༡༣ ཨེཌྶེ་(AIDS)ནད་པ་རེད་ཟེར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.12.2013
མདུན་ངོས། >>



རྒྱ་གར་ནང་བོད་མི་ ༡༣ གཉན་ནད་རེག་དུག་གམ་ཨེཌྶེ་(AIDS) ནད་པ་རེད་ཟེར།


འཛམ་གླིང་གཉན་ནད་རེག་དུག་གམ་ཨེཌ་སི་ཉིན་མོ་ནི་ལོ་ལྟར་ཕྱི་ཟླ་༡༢ པའི་ཚེས་ ༡ ཉིན་སྲུང་གཙི་བྱེད་བཞིན་གཉན་ནད་རེག་དུག་དང་འབྲེལ་བའི་འཕྲོད་བསྟེན་ཤེས་བྱ་གོང་འཕེལ་གཏོང་བ་དང་། ནད་པར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ངང་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ནས་ ༢༠༡༡ ནས་༢༠༡ ༥ བར་གཉན་ནད་རེག་དུག་གི་ཉིན་མོར་གནས་ཚུལ་གཅིག་ཀྱང་མི་ལྷག་པར་བྱེད་དགོས་པའི་ཐ་ཚིག་གསུམ་སྒྲོག་ཡོད་པ་ནི། དང་པོ་ནད་གཞི་དེའི་གནས་ཚུལ་གསར་པ་གཅིག་ཀྱང་མི་ལྷག་པར་བྱེད་དགོས་པ་དང་། གཉིས་པ་ནད་པ་གཅིག་ལའང་དབྱེ་འབྱེད་བྱས་པའི་གནས་ཚུལ་གཅིག་ཀྱང་མི་ལྷག་པར་བྱེད་དགོས་པ། གསུམ་པ་ནད་གཞི་དེའི་དབང་གིས་ནད་པ་གཅིག་ཀྱང་ཤི་བའི་གནས་ཚུལ་མི་ལྷག་པར་བྱེད་དགོས་པ་རེད།

ཁ་སང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གཉན་ནད་རེག་དུག་ཉིན་མོར་གནང་བའི་ཡོངས་ཁྱབ་གསུང་འཕྲིན་ལྟར་ན། བོད་མིའི་གཞིས་ཆགས་ཁྲོད་གཉན་ནད་རེག་དུག་འགོས་ཟིན་པའི་ནད་པ་གྲངས་ ༡༣ ཙམ་ཡོད་པ་ན་ནིང་ཞིབ་འཇུག་བྱས་པའི་སྙན་ཐོར་ཐོན་ཡོད་ཀྱང་དེ་ལས་གྲངས་འབོར་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅེས་དང་། ཕྱི་ལོ་༡༩༩༤ ལོར་བོད་རང་ལྗོངས་ཞེས་ཟེར་བའི་ས་ཁུལ་ནང་ན་ཚ་དེའི་གནས་ཚུལ་ཐོག་མར་བྱུང་བ་དང་། ༡༩༩༤ ལོར་ནད་གཞི་དེའི་དབང་གིས་བོད་རིགས་ནད་པ་འཆི་བའི་གནས་ཚུལ་ཐོག་མ་དེ་བྱུང་བ་རེད། ད་ལྟའི་ཆར་བོད་རང་ལྗོངས་ཟེར་བའི་ས་ཁུལ་ནང་གཉན་ནད་རེག་དུག་གི་ན་ཚ་ཡོད་མཁན་བོད་མི་གྲངས་ ༣༠༠ ལྷག་ཡོད་པའི་གནས་ཚུལ་སྤེལ་འདུག 

འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་རྒྱར་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༡༢ ལོར་འཛམ་གླིང་ནང་གཉན་ནད་རེག་དུག་གི་ནད་པ་གྲངས་ས་ཡ་༣༥.༣ ལྷག་ཡོད་པའི་ཚོད་དཔག་གནང་འདུག ཕྱི་ལོ་༢༠༠༥ ནས་ ༢༠༡༢ བར་གཉན་ནད་རེག་དུག་རྐྱེན་གྱིས་ཤི་མཁན་བརྒྱ་ཆ་ ༣༠ མར་ཆག་ཡོད་ཀྱང་ནད་གཞི་དེའི་དབང་གིས་ན་གཞོན་ལོ་བཅུ་ནས་བཅུ་དགུ་བར་ཤི་མཁན་བརྒྱ་ཆ་ལྔ་བཅུ་ཙམ་ཡར་འཕར་ཡོད་པ་རེད།

བོད་མི་ས་ཡ་དྲུག་ལ་ཆ་བགོས་བྱས་ན་ཕལ་ཆེར་བོད་མི་ཆིག་ཁྲི་དགུ་སྟོང་བརྒྱ་དང་དུག་ཅུ་རེ་དགུའི་(༡༩༡༦༩) ནང་གཉན་ནད་རེག་དུག་ན་མཁན་གཅིག་ཐོབ་ཀྱི་ཡོད་པས་ང་ཚོ་གཞུང་དམངས་གཉིས་ནས་ངེས་པར་དོ་སྣང་ཤུགས་ཆེར་བྱེད་དགོས་པའི་གནས་སྟངས་ཆགས་ཡོད།

ད་ལྟའི་ཆར་ན་ཚ་དེ་སེང་དྲག་འགྲོ་བའི་སྨན་བཅོས་མེད་སྟབས་བོད་སྨན་གྱི་སྒོ་ནས་ནད་གཞི་དེར་ཕན་སྐྱེད་ཇི་ལྟར་ཡོད་མེད་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་ལ་བཀའ་འདྲི་ཞུས་པར། ང་ཚོ་ཉམས་ཞིབ་སྡེ་ཚན་ལ་ཡན་ལག་སྨན་ཁང་ཁག་ནས་ད་བར་ཡིག་ཆ་ཁག་ཉི་ཤུ་བཏང་གནང་བྱུང་། ཡིག་ཆ་དེ་ཚོའི་ནང་བོད་སྨན་གྱིས་ནད་པའི་ཟུངས་སྟོབས་འཕེལ་ནས་གཉན་སྲིན་གྱི་ཁ་གྲངས་ཉུང་དུ་གཏོང་བ་དང་། འཚོ་བའི་རིང་དཀའ་ངལ་ཉུང་བ། ཚེ་བསྲིང་བ་སོགས་ལ་ཕན་སྐྱེད་ཆེན་པོ་ཡོད་པ་ལས་ད་ལྟའི་ཆར་ནད་དེ་སེང་དྲག་ཕྱིན་པའི་གནས་ཚུལ་མེད་པའི་སྐོར་འགྲེལ་བརྗོད་གནང་བྱུང་། བོད་ཀྱི་སྨན་རྩིས་ཁང་ནས་ནད་གཞི་འདིའི་ཐོག་མ་འོངས་པར་ཉམས་ཞིབ་བྱ་འཆར་ཡོད་མེད་བཀའ་འདྲི་ཞུས་པར། ནད་གཞི་དེ་བཞིན་ནད་པའི་གསང་བ་དང་འབྲེལ་བ་ཡོད་སྟབས་ཉམས་ཞིབ་བྱེད་དཀའ་བས་ད་ལྟའི་ཆར་དམིགས་བསལ་འཆར་གཞི་གང་ཡང་མེད་ཅེས་གསུངས་གནང་བྱུང་། 



 

མཐའ་མའི་འདོན་ཐེངས་།: 18.01.2014 ཉིན། 2:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།