སྨན་རྩིས་དྲ་བ། - མདུན་ངོས།

ཕྱི་ལོ་2016ལོའི་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་བགྲོ་གླེང་ཚོགས་ཆེན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.11.2015
མདུན་ངོས། >>

 

 

ཕྱི་ལོ་2016 ལོའི་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་བགྲོ་གླེང་ཚོགས་ཆེན།


ཕྱི་ལོ་2016 ལོར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱག་བཏབ་པའི་ལྷ་ས་སྨན་རྩིས་ཁང་(1916-2016) དེ་བཞིན་ལོ་ངོ་ཧྲིལ་པོ་བརྒྱ་འཁོར་བའི་ལོ་ཚིགས་ཁྱད་པར་ཅན་ཁེལ་བའི་དུས་སྐབས་བཟང་པོར། ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བཙན་བྱོལ་རང་དབང་ཡུལ་དུ་སྐྱེད་སྲིང་མཛད་པའི་དྷ་ས་བོད་ཀྱི་སྨན་རྩིས་ཁང་ངོས་ནས་དུས་དྲན་སྲུང་རྩི་ཟབ་རྒྱས་ཞུ་འཆར་ཡོད་པ་དང་། དེ་མཚོན་བྱེད་དུ་དྷ་ས་བོད་ཀྱི་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་ནས་ཕྱི་ལོ་2016 ཟླ་3 ཚེས་24 སྟེ་ཉིན་གཅིག་རིང་ "རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན།" [International Conference on Tibetan Medicine] ཞིག་གོ་སྒྲིག་ཞུ་རྒྱུ་ཐུགས་གཏན་ཁེལ་བ་ལྟར། 


རྒྱལ་སྤྱིའི་བགྲོ་གླེང་ཚོགས་ཆེན་གྱི་བརྗོད་གཞི་ནི་ "བོད་ཀྱི་གསོ་བ་རིག་པའི་བདེན་པ་གསལ་འདོན་བྱེད་པ།" [Unlocking the Truth of Tibetan Medicine] ཞེས་བདམས་གནང་ཡོད། ཚོགས་ཆེན་ཐོག་བོད་ཀྱི་གསོ་བ་རིག་པའི་ལྟ་གྲུབ་དང་། ནད་བཅོས་ཉམས་ཞིབ། སྨན་སྦྱོར། སྨན་རྫས། བོད་སྨན་གྱི་ཐོན་དངོས་སོགས་ལ་ཉམས་ཞིབ་དང་ཚད་ལྡན་རྩོམ་ཡིག་བཅས་གསལ་འདོན་དང་མཁྱེན་རྟོགས་བྱེད་རྒྱུ་ཡིན་ན། མཁྱེན་ཡངས་རྩོམ་པ་པོ་རྣམས་ལ་ཚོགས་ཆེན་གྱི་བརྗོད་གཞི་དང་འབྲེལ་བའི་རང་ཉིད་ཀྱི་ཉམས་ཞིབ་ཡིག་ཆ་དང་ཉེ་ཆར་འཕོ་འགྱུར་གྱི་གནས་ཚུལ་སོགས་ཡོད་པའི་རྩོམ་ཡིག་སྒྲོགས་སྦྱང་གི་གོ་སྐབས་ཁྱད་པར་བ་ཞིག་དབུལ་རྒྱུ་ཡིན་པས། རྩོམ་པ་པོ་རྣམས་ནས་རང་གི་རྩོམ་ཡིག་མ་ཕྱི་འདི་ག་མྱུར་འཕྲིན་ཁ་བྱང་། clinicalresearch@men-tsee-khang.org བརྒྱུད་ཕྱི་ལོ་2015 ཟླ་12  ཚེས་10 མ་འགྱངས་པར་བསྐུར་ཟིན་པ་གནང་དགོས།


དེ་ནས་ཟླ་3 ཚེས་25 ཉིན་འདི་ག་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ད་ལྟའི་སྨན་རྩིས་ལས་བྱེད་པ་དང་། དེ་བཞིན་སྨན་རྩིས་ལས་བྱེད་ཟུར་པ་རྣམས་ནས་རྩོམ་ཡིག་སྒྲོགས་སྦྱང་གནང་རྒྱུ་གཏན་ཁེལ་ཡོད།


ཐེངས་འདིའི་ "རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན།" ནང་དུ་རྩོམ་པ་པོ་རྣམས་དང་། དེ་བཞིན་དོན་གཉེར་ཅན་མཉམ་ཞུགས་བྱེད་འདོད་ཡོད་པ་རྣམས་ནས་ཚོགས་དོད་དང་དེབ་སྐྱེལ་འགེང་ཤོག་སོགས་གཤམ་གྱི་འབྲེལ་མཐུད་སོ་སོར་ནོན་ནས་གནས་ཚུལ་རྒྱས་པར་མཁྱེན་ཐབས་གནང་རོགས།

 

ཚོགས་ཆེན་སྟེང་རྩོམ་ཡིག་སྒྲོགས་སྦྱང་ཆེད་དུ། རྩོམ་ཡིག་བསྐུར་དགོས་པའི་གསལ་བཤད། འདིར་ནོན་ནས་ཕབ་ལེན་གྱིས།

ཚོགས་ཆེན་དུ་མཉམ་ཞུགས་བྱེད་འདོད་ཡོད་པ་རྣམས་ལ། དེབ་སྐྱེལ་འགེང་ཤོག འདིར་ནོན་ནས་ཕབ་ལེན་གྱིས།

 

 

མཐའ་མའི་འདོན་ཐེངས་།: 01.12.2015 ཉིན། 2:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།