སྨན་རྩིས་དྲ་བ། - མདུན་ངོས།

ཕྱི་བཅོས་གསོ་ཐབས་ཀྱི་ཟབ་སྦྱོང་དམར་ཁྲིད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.01.2018
མདུན་ངོས། >>

 


ཕྱི་བཅོས་གསོ་ཐབས་ཀྱི་ཟབ་སྦྱོང་དམར་ཁྲིད།

ཕྱི་ལོ་ ༢༠༡༧ ལོའི་སྨན་རྩིས་སློབ་མའི་ལོ་འཁོར་རྒྱུགས་སྤྲོད་གྲུབ་རྗེས་འདི་ལོའི་ཕྱི་ཟླ་ ༡ ཚེས་ཤར་ནས་སྨན་སློབ་ཕལ་ཆེ་བ་གུང་སེང་དུ་བསྐྱོད་ཟིན་ནའང་། སྨན་སློབ་སྐབས་ ༡༨  ༡༩  ༢༠  ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་གཉེར་བ་སྐོར་ཞིག་གནས་སྐབས་རིང་གུང་སེང་དུ་མ་སོང་བར་དེ་སྔ་ནས་འབྲེལ་བ་བཟང་པོ་ཡོད་པ་ཐེ་ཝན་ནས་ཕེབས་པའི་བསྐུ་མཉེ་དགེ་རྒན་ Eward ལགས་དང་། སིངྒ་པུར་ནས་ཕེབས་པའི་སྐབ་ཁབ་དགེ་རྒན་ Shifu ལགས་གཉིས་ཀྱི་དྲུང་ནས་སྨན་རྩིས་མཐོ་སློབ་འཛིན་ཁང་དུ་འདི་ལོའི་ཟླ་ ༡ ཚེས་ ༨ ནས་བཟུང་ཉིན་ ༢༠ རིང་དམིགས་བསལ་རྒྱ་ནག་ལུགས་ཀྱི་བསྐུ་མཉེ་དང་། སྐམ་ཁབ་དཔྱད་བཅོས་སྐོར་ཟབ་སྦྱོང་ཞུ་བཞིན་པ་མ་ཟད། ཉེ་འཁོར་དུ་གནས་པའི་ནད་པ་རིས་སུ་མེད་པ་འདིར་ལྷགས་པ་དག་ལ་ཇི་ལྟར་ཉེ་བར་མཁོ་བ་བཞིན་རྒྱ་ནག་ལུགས་ཀྱི་བསྐུ་མཉེ་དང་སྐམ་ཁབ་དཔྱད་བཅོས་ཀྱི་སྒོ་ནས་འཕྲོད་བསྟེན་ཞབས་འདེགས་འབུལ་ཞིང་སློབ་གཉེར་བ་རྣམས་ཀྱིས་ལག་ལེན་སྦྲགས་མའི་ཉམས་མྱོང་གསོག་བཞིན་ཡོད།








མཐའ་མའི་འདོན་ཐེངས་།: 19.01.2018 ཉིན། 10:36 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།