སྨན་རྩིས་དྲ་བ། - མདུན་ངོས།

དཀྱིལ་ཤར་ཆམ་རིམས་(MERS)ལྷོ་ཀོ་རི་ཡའི་ནང་ཁྱབ་བརྡལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.06.2015
མདུན་ངོས། >>



ཀྱིལ་ཤར་ཆམ་རིམས་ལྷོ་ཀོ་རི་ཡའི་ནང་ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་པ།



དཀྱིལ་ཤར་ཆམ་རིམས་(MERS: Middle East Respiratory Syndrome )འདི་འཛམ་གླིང་ནང་མི་མང་༡༣༣༤ ཙམ་ལ་འགོས་ཁྱབ་བྱུང་ཡོད་པ་དང་ ནད་པ་༤༧༡ འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག
 

ནད་ཡམས་འདི་ཕྱི་ལོ་༢༠༡༢ ལོར་དཀྱིལ་ཤར་ཁུལ་སོ་དྷི་ཨ་ར་བི་ཡ་རྒྱལ་ཁབ་ནང་ཐོག་མར་བྱུང་ཡོད་པ་དང་། རིམ་པར་རྒྱལ་ཁབ་༢༥ ནང་ཁྱབ་བརྡལ་འགྲོ་བཞིན་ཡོད་ལ། ཁྱད་པར་དུ་ལྷོ་ཀོ་རི་ཡའི་ནང་འགོས་ཁྱབ་ཆེ་བའི་གནས་ཚུལ་ཐོན་འདུག

ཟླ་བའི་ཕྱི་ཚེས་༡༩ ཉིན་ལྷོ་ཀོ་རི་ཡའི་ནང་ནད་ཡམས་འགོས་ཁྱབ་བྱུང་བའི་ནད་པ་གྲངས་༡༦༦ དང་དེ་ལས་༢༤ འདས་གྲོངས་སུ་གྱུར་འདུག ནད་པའི་གྲངས་འབོར་ཕྱེད་ཀ་ཙམ་ལྷོ་ཀོ་རི་ཡའི་ནང་རྟེན་གཞི་བྱས་པའི་སྙན་གྲགས་ཅན་གྱི་སྨན་ཁང་སེམ་བཟང་འཕྲོད་བསྟེན་ལྟེ་གནས་ཁང་(Samsung Medical Center) ཞེས་འབོད་པ་དེའི་འཕྲོད་ལས་པ་ཡིན་འདུག


ཕྱི་ལོ་༢༠༡༥ ཟླ་བ་༥ ཚེས་༢༠ ཉིན། སེམ་བཟང་འཕྲོད་བསྟེན་ལྟེ་གནས་ཁང་གིས་དཀྱིལ་ཤར་ས་ཁུལ་ནས་ལྷོ་ཀོ་རི་ཡར་ཕྱིར་ལོག་བསླེབས་པའི་ནད་པ་ཞིག་ལ་དཀྱིལ་ཤར་ཆམ་རིམས་འགོས་ཁྱབ་བྱུང་ཡོད་པ་བརྟག་དཔྱད་ངོས་འཛིན་གནང་ཐུབ་ཡོད་ཀྱང་། ཟླ་དེའི་ཚེས་༢༧ ཉིན་ལོ་ན་༣༥ ལ་སོན་པའི་སྐྱེས་པ་ཞིག་ལ་ནད་འདི་འགོས་ཁྱབ་བྱུང་ཡོད་ཀྱང་གློ་བའི་གཉན་ཚད་(pneumonia)་ལ་ངོས་འཛིན་གནང་སྟེ། ནད་པ་དེ་འདུ་ཚོགས་ཆེ་བའི་རྫ་དྲག་སྨན་བཅོས་ཁང་ནང་ཉིན་གསུམ་བཞག་པར་བརྟེན་ནད་གཞི་འདི་མི་གཞན་ལ་འགོས་ཁྱབ་ཕྱིན་ཡོད་པ་ནིའུ་ཡོག་དུས་བབ་རྩོམ་སྒྲིག་པའི་གླེང་སྟེགས་ཐོག་བཀོད་འདུག


འདི་ཟླའི་་ཕྱི་ཚེས་༢༥ ཉིན་ལྷོ་ཀོ་རི་ཡ་སྤྱི་འཐུས་ལྷན་ཚོགས་ནས་ནད་ཡམས་འགོག་ཐབས་ཐད་ཁྲིམས་ལུགས་གསར་པ་ཞིག་བཟོ་གནང་འདུག དེ་ཡང་ནད་པ་ལོགས་སུ་བདག་ཉར་བྱེད་རྒྱུར་དོ་དམ་ནན་པོ་དང་ནད་ཡམས་སྔོན་འགོག་གི་ལས་གཞིར་གཞོགས་འདེགས་མ་བྱེད་མཁན་རྣམས་སྐབས་ཐོག་བཙོན་བཅུག་བྱ་རྒྱུའི་ཁྲིམས་ཡིག་གཏན་འབེབ་གནང་འདུག ཆམ་རིམས་འདི་འགོས་ཁྱབ་བྱུང་བའི་ནད་པ་ཞིག་གིས་རིམས་ནད་འགོས་སྟངས་ཐད་གཞུང་འབྲེལ་རྟོག་ཞིབ་མི་སྣར་ཁུངས་མེད་རྗུན་གཏམ་བཤད་པ་ཡིན་ན་ཐད་ཀར་ཉེས་ཆད་གཅོད་རྒྱུའམ་ཡང་ན་བཙོན་འཇུག་བྱ་རྒྱུ་ཡིན་འདུག



དཀྱིལ་ཤར་ཆམ་རིམས་སྐོར་གྱི་འཕྲོད་བསྟེན་ཤེས་བྱ། 

མཐའ་མའི་འདོན་ཐེངས་།: 14.07.2015 ཉིན། 10:35 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།