སྨན་རྩིས་དྲ་བ། - མདུན་ངོས།

གསོ་རིག་བཅོས་ཐབས་སྐོར་བགྲོ་གླེང་ཚོགས་འདུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.08.2016
མདུན་ངོས། >>

 

 

༄༅། །བོད་ཀྱི་སྨན་རྩིས་ཁང་དང་ PHD Chamber of Commerce & Industry གཉིས་ཟུང་འབྲེལ་གྱིས་《བོད་ལུགས་གསོ་བ་རིག་པའི་བཅོས་ཐབས་》ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཚོགས་འདུ་འཚོགས་པའི་ལས་བསྡོམས་སྙིང་བསྡུས།

 

            ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༩ ཉིན་རྒྱལ་ས་ལྡི་ལིར་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་དང་སྨན་པ་གཙོ་བོ་གཉིས་གཙོས་སྨན་ལས་གྲངས་ ༡༡ དང་།  ལྡི་ལི་ཁུལ་གྱི་སྨན་ལས་གྲངས་ ༥ བཅས་ཁྱོན་སྨན་ལས་གྲངས་ ༡༦ བགྲོ་གླེང་ཚོགས་འདུ་དེར་མཉམ་ཞུགས་གནང་ཡོད།  དེའི་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠།༣༠ ཐོག་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ Mr. Pradeep Multani, Chaiman, PHD Chamber of Commerce དང་། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས།  སྨན་རྩིས་ཁང་གི་སྨན་པ་གཙོ་བོ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས།  དེ་བཞིན་ Mr. Anil Khaitan, Vice President, PHD Chamber of Commerce,  Mr. Vivek Seigall, Director, PHD Chamber of Commerce  གདན་ཞུ་གནང་ཡོད། གཞན་ཡང་སྨན་རྩིས་ཁང་གི་གྲོགས་པོ།(Friends of Men-Tsee-Khang) དེ་བཞིན་སྨན་རྩིས་ཁང་དུ་བོད་སྨན་བསྟེན་མཁན་ནད་པ་དང་། བོད་ཀྱི་སྨན་དང་རྩིས་གཉིས་ལ་དོན་གཉེར་ཅན་གྱི་མི་སྣ་ཁག་གཅིག་ཀྱང་མཉམ་ཞུགས་གནང་ཡོད།

            ཐོག་མར་ Mr. Pradeep Multani, Chaiman of PHD Chamber of Commerce མཆོག་གིས་མཛད་སྒོའི་དགའ་བསུའི་གསུང་བཤད་གནང་།  དེ་རྗེས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་སྨན་རྩིས་ཁང་གི་ངོ་སྤྲོད་དང་སྦྲགས་ཚོགས་འདུ་འདི་ལྟ་བུ་ཞིག་ཟུང་འབྲེལ་གོ་སྒྲིག་ཞུས་པ་ཙམ་དུ་མ་ཟད། མཉམ་ཞུགས་བྱེད་དགོས་པའི་རྒྱུ་མཚན་དང་།  དམིགས་ཡུལ། འཆར་གཞི་བཅས་ཞིབ་ཕྲ་གསལ་བའི་གསུང་བཤད་གནང་།  དེ་ནས་དངོས་གཞི་བགྲོ་གླེང་ཚོགས་འདུའི་ནང་དུ། སྨན་པ་གཙོ་བོ་མཆོག་གིས་སྤྱིར་བོད་སྨན་ངོ་སྤྲོད་དང་སྦྲགས་བོད་སྨན་གྱིས་ཕན་སྐྱེད་ཇི་བྱུང་སྐོར་དང་།  གཞན་ཡང་སྨན་པ་ཚུལ་ཁྲིམ་སྐལ་བཟང་ལགས་ཀྱིས་བོད་སྨན་དང་ནང་ཆོས་དབར་གྱི་འབྲེལ་བ་དང་རྩ་ཆུ་བརྟག་ཐབས་སྐོར།  སྨན་པ་བསོད་ནམས་དབང་མོ་ལགས་ཀྱིས་གཅིན་སྙིའི་ཉམས་ཞིབ་སྐོར།  སྨན་པ་བསོད་ནམས་སྒྲོལ་དཀར་ལགས་ཀྱིས་ཟས་སྤྱོད་ལམ་སྟོན་སྐོར།  སྨན་པ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་དཔྱད་ཀྱི་སྐོར་བཅས་བརྗོད་གཞི་སྣ་ཚོགས་ཐོག་གཏམ་བཤད་གནང་།  དེ་བཞིན་སྐར་རྩིས་པ་ཀུན་དགའ་དོན་གྲུབ་ལགས་ཀྱིས་སྐར་རྩིས་ཀྱི་ངོ་སྤྲོད། སྤུས་ཚད་སྟངས་འཛིན་མ་ཚེ་རིང་དབང་མོ་ལགས་ཀྱིས་སྨན་རྩིས་ཐོན་དངོས་ཁག་ལ་སྤུས་ཚད་སྟངས་འཛིན་བྱ་ཕྱོགས་སྐོར།  ལུས་སེམས་སྲོག་གི་དབང་རྩའི་ཚན་རིག་པ་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་ལུས་སེམས་སྲོག་གི་ངོ་སྤྲོད་དང་སྦྲགས་སེམས་ངལ་(Stress)གྱི་ངོ་སྤྲོད་དང་བཅོས་ཐབས་སྐོར་གཏམ་བཤད་གནང་ཡོད།

 

            དེ་ནས་ཉིན་རྒྱབ་སྨན་པ་གཙོ་བོ་མཆོག་གིས་ནད་པ་གྲངས་ ༤༠ ལ་རིན་མེད་ཐོག་བོད་ཀྱི་གསོ་བ་རིག་པའི་ལུགས་ཀྱི་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་ལམ་སྟོན་གནང་།  སྐར་རྩིས་པ་ཀུན་དགའ་དོན་གྲུབ་ལགས་ཀྱིས་མི་གྲངས་ ༡༡ ལ་རིན་མེད་ཐོག་ངག་ཐོག་རྩིས་འབྲས་བསྐོར་གནང་བ་དང་།  བོད་ལུགས་བརྟག་དཔྱད་དང་ངག་ཐོག་རྩིས་འབྲས་གཉིས་ལ་ཐུགས་སྣང་གནང་མཁན་ཧ་ཅང་མང་པོ་བྱུང་ཡོད་ཀྱང་དུས་ཚོད་རྐྱེན་པས་ཚང་མས་ཆ་ཤས་ལེན་ཐུབ་མེད། ལས་རིམ་འདིའི་ཐོག་ལྡི་ལི་ཕྱིར་ཚོང་ཁང་གི་འགན་འཛིན་དང་།  ལས་བྱེད་གཉིས་ཀྱིས་སྨན་རྩིས་ཅ་དངོས་ཚོང་འགྲེམས་ཀྱང་གནང་ཡོད།

 

            གོང་གསལ་ལས་རིམ་དེ་དང་བསྟུན་བོད་ཀྱི་སྨན་རྩིས་ཁང་འགན་འཛིན་མཆོག་དང་ Shri Shripad Yesso Naik, Minister, AYUSH དང་  Shri Ajit M. Sharan, Secretary, AYUSH,  Shri  P.N. Ranjit Kumar, Joint Secretary བཅས་གལ་ཆེ་མི་སྣ་ཁག་གཅིག་མཇལ་འཕྲད་གནང་བ་རེད།  དེ་ཉིན་དགོང་དྲོ་ཕྱག་ཚོད་ ༥ པའི་ཐོག་ལྡི་ལི་བསམ་ཡས་གླིང་གི་བོད་རིགས་མང་ཚོགས་ལ་ནད་རིགས་སྔོན་འགོག་གི་ལས་དོན་སྤེལ་ཕྱོགས་སྐོར་ལམ་སྟོན་གསུང་བཤད་གནང་།  སྨན་པ་གཙོ་བོ་མཆོག་གིས་ཚེས་ ༣༠ ཉིན་ལྡི་ལི་འཇམ་དཔྱད་ཁང་དུ་ཉིན་གཅིག་རིང་ནད་པར་བརྟག་དཔྱད་སྨན་བཅོས་གནང་བ་བཅས་ཀྱི་ལས་བསྡོམས་སྙིང་བསྡུས་སུ་བོད་ཀྱི་སྨན་རྩིས་ཁང་ནས་ ༢༠༡༦ ཟླ་ ༨ ཚེས་ ༣ ལ།


མཐའ་མའི་འདོན་ཐེངས་།: 18.08.2016 ཉིན། 12:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཟི་ན་ངག་དབང་ཚུལ་ཁྲིམས་དར་རྒྱས།

སུམ་པ་ཡེ་ཤེས་དཔལ་འབྱོར།

ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན།

ཆུ་བཟང་སྐུ་ཕྲེང་དང་པོ་རྣམ་རྒྱལ་དཔལ་འབྱོར།

ཀོང་རོང་སྨན་བླ་དོན་གྲུབ།

དངུལ་ཆུ་གྲུབ་པའི་བསྟན་བཅོས།

སྨན་གྱི་བསྟན་བཅོས་སྨན་མིང་རྒྱ་མཚོ།

རྡོ་རྗེ་དབྱུག་པའི་བྱ་བ་བཞུགས།

སྨན་རྩིས་ཁང་གི་སྨན་དུ་བརྫུས་ནས་བསླུ་ཁྲིད་བྱེད།

སྡེ་དགེ་བསྟན་པ་ཚེ་རིང་།

རིག་འཛིན་ཆེན་པོ་ངག་དབང་འཇམ་དཔལ།

ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང་།

ཆགས་པ་ཆོས་འཕེལ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།

རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས།