སྨན་རྩིས་དྲ་བ། - མདུན་ངོས།

གསར་འགོད་གསལ་བསྒྲགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.10.2017
མདུན་ངོས། >>


གསར་འགོད་གསལ་བསྒྲགས།
 

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༦།༧ ཉིན་གཉིས་རིང་འཛམ་གླིང་རྒྱ་ནག་སྨན་གྱི་མཐུན་ཚོགས་ World Federation of Chinese Medicine Societies ཞེས་པའི་གོ་སྒྲིག་འོག་བོད་ལུགས་གསོ་རིག་ཆེད་ལས་ཚོགས་པ་ Specialty Committee of Tibetan Medicine ཞེས་པའི་གོ་སྒྲིག་འོག་བོད་ལུགས་གསོ་རིག་གི་ལུས་སེམས་བདེ་ཐང་།  ཐུན་མོང་གི་གསོ་ཐབས་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་ལོ་འཁོར་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དེ་ཨ་རི་ཧར་ཝཊ་གཙུག་ལག་སློབ་གཉེར་ཁང་གི་སྨན་གྱི་སློབ་གླིང་དུ་ཚོགས་རྒྱུའི་གསལ་བསྒྲགས་སྤེལ་འདུག
 

མངོན་གསལ་བརྗོད་འདོད་ཡོད་པ་ཞིག་ལ།  རྒྱ་དམར་གཞུང་གིས་བར་ལམ་བོད་སྨན་བདག་ཐོབ་ཐད་རྒྱལ་སྤྱིའི་ནང་འབད་བརྩོན་བྱེད་པ་དང་།  བོད་རིགས་སྨན་པ་འཇིགས་མེད་ཕུན་ཚོགས་ལགས་བེད་སྤྱོད་གཏོང་བ།  བཞུགས་སྒར་སྨན་རྩིས་ཁང་ལ་གསང་བ་བྱ་རྒྱུ་མ་ཟད།  ཚོགས་འདུར་གདན་ཞུ་གཏམ་བཤད་གོ་སྒྲིག་བྱས་ན་འགྲིག་མིན་སོགས་ཨ་རི་འབྲེལ་མཐུད་པར་བཀོད་མངགས་བྱ་སྟངས་ལ་ཞིབ་སྐབས་རྒྱ་དམར་གྱི་སྲིད་བྱུས་ངན་པ་ཞིག་འོག་གྲབས་བྱེད་ཀྱི་ཡོད་པ་རེད།
 

ཚོགས་འདུ་འདི་བོད་ཀྱི་སྲོལ་རྒྱུན་སྨན་གྱི་རིག་གནས་ཡར་རྒྱས་གཏོང་ཕྱོགས་རྐྱང་པ་ཡིན་དང་།  རྒྱ་དམར་གཞུང་གིས་བོད་རིགས་སྨན་པ་འཇིགས་མེད་ཕུན་ཚོགས་ལགས་བརྒྱུད་འཕྲལ་ཕུགས་དམིགས་ཡུལ་གཞན་ཇི་ཡོད་རིམ་བཞིན་རྟོགས་པ་བྱ་དགོས་ལ་བརྟེན་དགག་བྱ་ལས་དགོས་པ་གལ་ཆེར་འཛིན་ཏེ་ཚོགས་འདུ་དེར་བཞུགས་སྒར་སྨན་རྩིས་ཁང་ནས་གཞུང་འབྲེལ་སྨན་པ་རྒན་པ་གཉིས་ཆེད་གཉེར་ཞུས་པའི་ཐོག་ལས་ཐོག་སྨན་པ་གང་མང་ཕོགས་མེད་དགོངས་ཞུའི་ཐོག་བསྐྱོད་འཐུས་བཀའ་འཁྲོལ་གནང་བ་དང་།  ཨ་རི་དང་།  ཡུ་རོབ་ཁུལ་སྨན་རྩིས་ཁང་གི་སྨན་པ་ཟུར་པ་གང་མང་ཕེབས་ཐབས་སྐོར་གནས་འབྲེལ་ཞུས་ཡོད་པ་བོད་ནས་སྤུན་ཟླ་སྨན་པ་མང་དག་ཅིག་དངོས་སུ་ཕེབས་རྒྱུ་ཡིན་པ་རྣམས་དང་བཟང་ཕྱོགས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཐུབ་པའི་རེ་བ་ཞུ་གི་ཡོད། 
 

རྒྱ་དམར་གྱིས་བོད་རིགས་སྨན་པ་འཇིགས་མེད་ཕུན་ཚོགས་ལགས་བེད་སྤྱོད་བཏང་སྟེ་ཚོགས་འདུ་བཞི་པ་ཚོགས་སྐབས་འདི་ལོའི་ཚོགས་འདུའི་ཉམས་མྱོང་གཞི་བཅོལ་གྱིས་ལངས་ཕྱོགས་ཡོང་རྒྱུ་བཅས།  བཞུགས་སྒར་སྨན་རྩིས་ཁང་ནས་ ༢༠༡༧ ཟླ་ ༡༠ ཚེས་ ༤ ལ།།




                                                                                                                                                        

མཐའ་མའི་འདོན་ཐེངས་།: 06.10.2017 ཉིན། 2:57 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།