སྨན་རྩིས་དྲ་བ། - མདུན་ངོས།

གཡུ་ཁྱུང་དཀར་བསྣན་གྱིས་འབྲས་ནད་ཁྱབ་བརྡལ་སྔོན་འགོག་ཐུབ་ཟེར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.07.2015
མདུན་ངོས། >>



གཡུ་ཁྱུང་དཀར་བསྣན་གྱིས་འབྲས་ནད་ཁྱབ་བརྡལ་སྔོན་འགོག་ཐུབ་ཟེར།

 


བོད་ལུགས་གསོ་བ་རིག་པ་ལས་སྦྱོར་བཟོ་བྱས་པའི་གཡུ་ཁྱུང་དཀར་བསྣན་གྱིས་བསམ་སེའུ་འབྲས་ནད་ལུས་པོའི་གནས་གཞན་ལ་ཁྱབ་བརྡལ་མི་འགྲོ་བའི་སྔོན་འགོག་གི་ནུས་པ་ལྡན་པ་ཨིན་ཡུལ་སྐྱེ་དངོས་གསོ་རིག་(BioMed Central) ཞེས་པའི་པར་སྐྲུན་ཁང་གིས་དྲ་ལམ་པར་སྐྲུན་གནང་བའི་སྲོལ་རྒྱུན་གསོ་དཔྱད་རིག་པའི་དུས་དེབ་(BMC Complementary and Alternative Medicine) ཞེས་པའི་ཐོག་འདི་ཟླའི་ཚེས་༡༣ ཉིན་འདོན་སྤེལ་གནང་འདུག

 

གཡུ་ཁྱུང་དཀར་བསྣན་འབྲས་ནད་སྨན་བཅོས་ཆེད་བེད་སྤྱོད་བྱས་ནས་ལོ་ངོ་ཧ་ཅང་མང་པོ་སོང་ཡོད་ལ། ནད་ཐོག་ལག་ལེན་ཐོག་ནས་ཕན་ཐོགས་ཡོང་གི་ཡོད་པ་དངོས་བདེན་ཡིན་རུང་། ཚན་རིག་གི་རྒྱབ་རྟེན་ཡིག་ཆ་དང་ཞིབ་འཇུག་བྱས་པའི་སྙན་ཐོ་སོགས་མེད་པས་ཀུན་གྱིས་ཆ་འཇོག་བྱེད་དཀའ་བའི་གནས་ཤིག་ཡིན། འོན་ཀྱང་དིལླིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཁངཞིབ་འཇུག་པ་བསྟན་འཛིན་ཆོས་སྒྲོན་སོགས་ནས་གཡུ་ཁྱུང་དཀར་བསྣན་གྱིས་འབྲས་ནད་ལ་ཇི་ལྟར་ཕན་ལུགས་སྐོར་ཕྲ་ཕུང་དང་རྫས་འགྱུར་འགྱུར་ལྡོག་གི་སྒོ་ནས་ཞིབ་འཇུག་གནང་སྟེ། གཡུ་ཁྱུང་དཀར་བསྣན་གྱིས་བསམ་སེའུ་འབྲས་ནད་ལུས་པོའི་གནས་ལ་ཁྱབ་བརྡལ་མི་འགྲོ་བའི་སྔོན་འགོག་གྱི་ནུས་པ་ལྡན་པ་ཤེས་རྟོགས་བྱུང་འདུག

 

དེ་ཡང་འབྲས་ནས་ཁྱབ་བརྡལ་འགྲོ་བའི་སྐབས། དོན་སྣོད་ཀྱི་སྐྱི་ལྤགས་ཕྲ་ཕུང་རྣམས་རང་གི་ངོ་བོ་བརླག་པ་དང་ཕན་ཚུན་འདབ་སྦྱར་དུ་འགྱུར་བའི་ནུས་པ་ཤོར་ཏེ། གནས་ངེས་མེད་དུ་ཁྱབ་བརྡལ་བྱེད་ནུས་པའི་ཕྲ་ཕུང་གི་ངོ་བོར་འགྱུར་གྱི་ཡོད། དེ་ནི་འབྲས་ནད་ཁྱབ་བརྡལ་དུ་འགྲོ་བའི་སྔོན་འགྲོའི་བྱ་བ་ཞིག་ཡིན་ལ་དེར་(epithelial-mesenchymal transition) ཟེར་གྱི་ཡོད།



གཡུ་ཁྱུང་དཀར་བསྣན་གྱིས་ཕྲ་ཕུང་ཁྱབ་བརྡལ་རང་བཞིན་དུ་འགྱུར་བའི་སྔོན་འགྲོའི་བྱ་བར་འགོག་རྐྱེན་བཟོས་ཏེ་འབྲས་ནད་ལུས་པོའི་གནས་གཞན་ལ་ཁྱབ་བཅུག་གི་མེད། དེར་མ་ཟད་འབྲས་ནད་ཀྱི་རྣམ་པར་གྱུར་བའི་བསམ་སེའུ་ཕྲ་ཕུང་གི་དབང་བསྒྱུར་གྱི་ནུས་པ་དང་། གནས་གཞན་ལ་སྤོ་བའི་ནུས་པ། ཚོགས་སྡེ་རུང་བའི་ནུས་པ་བཅས་ཉམས་རྨས་སུ་བཏང་སྟེ་འབྲས་ནད་ལུས་པོའི་གནས་གཞན་ལ་ཁྱབ་བཅུག་གི་མེད།

 

སྙན་ཐོའི་མཇུག་དོན་དུ། ཞིབ་འཇུག་སྙན་ཐོ་དེས་གཡུ་ཁྱུང་དཀར་བསྣན་ལ་བསམ་སེའུ་འབྲས་ནད་ཁྱབ་བརྡལ་སྔོན་འགོག་ནུས་པ་ལྡན་པ་ར་འཕྲོད་བྱས་ཡོད་པ་དང་། འབྲས་ནད་སྨན་བཅོས་ཀྱི་ནུས་པ་གོང་སྤེལ་སླད་འབྲས་ནད་ཀྱི་གཉེན་པོ་དངོས་སམ་ཡང་ན་འབྲས་ནད་ཁྱབ་བརྡལ་མི་འགྲོ་བའི་གཉེན་པོར་དེང་རབས་སྨན་ལུགས་དང་མཉམ་དུ་བེད་སྤྱོད་བྱེད་སྲིད་པ་ཞིག་ཆགས་ཡོད།

མཐའ་མའི་འདོན་ཐེངས་།: 28.07.2015 ཉིན། 9:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།