སྨན་རྩིས་དྲ་བ། - མདུན་ངོས།

གཉན་འཇོམས་སྨན་གྱིས་ཕན་ནུས་ཐོན་རྒྱུ་མེད་པའི་རྒྱུ་རྐྱེན་དྲུག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.07.2016
མདུན་ངོས། >>


དེང་སྐབས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་གཉན་འཇོམས་སྨན་གྱི་ཕན་ནུས་ཇེ་ཞན་དུ་འགྱུར་བཞིན་ཡོད་པ་མ་ཟད། ཉིན་ལྟར་གཉན་འཇོམས་སྨན་ཉིད་ནུས་མེད་དུ་འགྱུར་སྟངས་མི་འདྲ་བ་གསར་པ་རེ་ཐོན་བཞིན་ཡོད། ལྷག་པར་དུ་ནད་སྲིན་ཕྲ་མོས་རྐྱེན་བྱས་པའི་གློ་བའི་གཉན་ཚད་[1]དང་། གཅོང་ཆེན་ཟད་བྱེད།[2] ཁྲག་དུག[3] གྲང་བའི་ནད་[4]བཅས་བཅོས་དཀའ་རུ་འགྲོ་བ་མ་ཟད། སྐབས་འགར་གཏན་ནས་བཅོས་མི་ཐུབ་པའི་གནས་སྟངས་ཆགས་ཡོད།


རྒྱལ་ཁབ་ཁ་ཤས་ནང་གཉན་འཇོམས་སྨན་རྣམས་སྨན་པའི་ཆོག་མཆན་མེད་པར་ཉོ་ཆོག་པ་དང་། ཡང་ཁ་ཤས་ནང་སྨན་བཅོས་ཀྱི་ལམ་སྟོན་ཁ་གསལ་མེད་པས། འཕྲོད་ལས་པས་གཉན་འཇོམས་སྨན་རྣམས་ནད་པར་ཚད་ལས་བརྒལ་བ་སྤྲད་པ་དང་དེ་བཞིན་ནད་པས་གཉན་འཇོམས་སྨན་ཟ་རྒྱུ་མང་དྲགས་པ་སོགས་ཀྱིས་སྨན་འདི་དག་ནུས་མེད་དུ་འགྱུར་ཚད་དང་ཁྱབ་ཚད་ཤུགས་ཆེ་རུ་གཏོང་གི་ཡོད།


ཕྱི་ལོ་༡༩༤༠ ཙམ་ནས་མིའི་རིགས་ཀྱིས་གཉན་འཇོམས་སྨན་རྣམས་བེད་སྤྱོད་བྱས་ཏེ་གཉན་ནད་ཇེ་ཉུང་དུ་སོང་བ་མ་ཟད་གཉན་ནད་རྐྱེན་གྱིས་འདས་གྲོངས་སུ་འགྱུར་མཁན་ཡང་ཇེ་ཉུང་དུ་སོང་བས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཐད་རླབས་ཆེན་གྱི་ཕན་ཐོགས་བྱུང་ཡོད། འོན་ཀྱང་ད་ཆར་གཉན་ནད་འདི་དག་གི་དཀའ་ངལ་སླར་ཡང་འཕྲད་བཞིན་ཡོད་པས་སྨན་བཅོས་ཀྱི་འགྲོ་སོང་ཆེ་བ། ནད་ཡུན་རིང་བ། འཆི་མཁན་མང་བ་བཅས་འབྱུང་བཞིན་འདུག


འདས་ལོའི་ནང་འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ནས་དོ་ཁུར་རྐང་བཞེས་གནང་སྟེ་གཉན་འཇོམས་སྨན་རྣམས་བེད་སྤྱོད་ཚུལ་ལྡན་ཡོང་ཐབས་སུ་གོ་བསྡུར་སྦྱང་བཤད་གནང་ཡོད་པ་མ་ཟད། འདི་ལོའི་ཟླ་༩ པའི་ནང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཆོགས་འཚོགས་དུས་སྐབས་གཉན་འཇོམས་སྨན་རྣམས་ནུས་མེད་དུ་མི་འགྱུར་བའི་ཐབས་ལམ་སྐོར་གོ་བསྡུར་གནང་འཆར་འདུག


གནད་དོན་དེའི་ཐད་འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱི་མ་ལག་ལྷོ་རྒྱུད་ཨེ་ཤི་ཡའི་ས་ཁུལ་ནས་དབྱེ་ཞིབ་བྱས་ཏེ་གཉན་འཇོམས་སྨན་རྣམས་ནུས་མེད་དུ་འགྱུར་བའི་རྒྱུ་རྐྱེན་དྲུག་ཡོད་པ་བསྒྲགས་འདུག

 



དང་པོ་སྨན་བཅོས་ལྷག་པ།
སྨན་པས་དགོས་མེད་ཀྱི་སྨན་གཏོང་བ་མང་དྲགས་པའམ་ནད་པས་འོལ་ཚོད་ཀྱིས་སྨན་ཅི་རིགས་ཁྲོམ་གཞུང་ནས་ཉོས་ཏེ་ཟོས་པ་སོགས་ལས་དགོས་མེད་སྨན་བཅོས་ལྷག་པའི་ཉེས་སྐྱོན་བྱུང་ནས། གཉན་འཇོམས་སྨན་རྣམས་ནུས་མེད་དུ་འགྱུར་བཞིན་ཡོད།


གཉིས་པ་སྨན་བཅོས་དམན་པ།
ནད་པ་འགས་སྨན་དུས་ཡུན་ཟླ་གཅིག་ཟ་དགོས་ཀྱང་། ཅུང་དྲག་སྐྱེད་བྱུང་བའི་སྐབས་རང་ངོས་ནས་སྨན་མཚམས་འཇོག་པ། ཡང་ན་སྐབས་འགར་སྨན་ཟ་རྒྱུ་ལུས་ཏེ་སྨན་བཅོས་དམན་པའི་ཉེས་སྐྱོན་བྱུང་སྟེ། མཐར་གཉན་འཇོམས་སྨན་རྣམས་ནུས་མེད་དུ་འགྱུར་བཞིན་ཡོད།

གསུམ་པ་སྒོ་ཕྱུགས་དང་ཞིང་ཁར་གཉན་སྨན་སྤྱོད་དྲགས་པ། སྒོ་ཕྱུགས་སེམས་ཅན་དང་ཞིང་ཁ་ཐོན་སྐྱེད་ལེགས་པོ་ཡོང་ཕྱིར་གཉན་འཇོམས་སྨན་ཚད་ལས་ལྷག་པ་བཀོལ་སྤྱོད་བྱས་ཏེ། སྲིན་འབུའི་རིགས་མང་པོ་སྡེབ་གསོད་བྱེད་ཀྱི་ཡོད་རུང་། ཁག་གཅིག་རང་སོར་ལུས་ཏེ་གཉན་འཇོམས་སྨན་གྱིས་འཇོམས་མི་ཐུབ་པའི་སྲིན་རྒོད་ཅིག་ཏུ་འགྱུར་གྱི་ཡོད། དེ་དག་ཤའམ་ཡང་ན་མཁའ་རླུང་བརྒྱུད་མིའི་ལུས་ལ་ཞུགས་ཏེ་མཐར་བཅོས་དཀའ་བའི་གཉན་ནད་སློང་གི་ཡོད།


བཞི་པ་སྨན་ཁང་ཁང་ནད་ཡམས་འགོག་ཐབས་ཞན་པ།
 སྨན་ཁང་ནང་ནད་ཡམས་འགོག་བཅོས་ཀྱི་ཆ་རྐྱེན་ཞན་པས་གཉན་འཇོམས་སྨན་གྱིས་འཇོམས་དཀའ་བའི་ནད་ཡམས་ཁྱབ་བརྡལ་འགྲོ་གི་ཡོད།


ལྔ་པ་གཙང་སྦྲ་འཕྲོད་བསྟེན་ཞན་པ།
རྒྱུན་གཏན་གཙང་སྦྲ་འཕྲོད་བསྟེན་ཞན་པས་ནད་ཡམས་འགོས་ཁྱབ་བྱུང་སྟེ་སྨན་བཅོས་ཚུལ་ལྡན་མི་བྱུང་བས་མཐར་གཉན་འཇོམས་སྨན་གྱིས་མི་ཕན་པའི་གཉན་ནད་ཅིག་ཏུ་འགྱུར་གྱི་ཡོད། 


དྲུག་པ་གཉན་འཇོམས་སྨན་གསར་བཟོ་མི་ཐུབ་པ།
ད་ཡོད་གཉན་འཇོམས་སྨན་རྣམས་ཀྱིས་འཇོམས་དཀའ་བའི་ནད་གཞི་དག་ལ་སྨན་གསར་བཟོ་དགོས་པའི་དུས་ལ་བབ་ན་ཡང་། མིའི་ནུས་པ་དང་། དུས་ཚོད། དཔལ་འབྱོར་སོགས་མི་ལྡེང་བའི་རྐྱེན་གྱིས་དུས་ཐོག་སྨན་གསར་བཟོ་མི་ཐུབ་པར་གཉན་ནད་ཀྱི་དཀའ་ངལ་དེ་མུར་ལུས་བཞིན་ཡོད།


རྒྱུ་རྐྱེན་འདི་དག་ལ་བརྟེན་ནས་ནད་སྲིན་གྱི་གཟུགས་པོའི་གནས་ལུགས་འགྱུར་ཏེ་གཉན་འཇོམས་སྨན་གྱི་ཕན་ནུས་ཇེ་ཞན་དུ་འགྱུར་ཏེ། སྔར་གཉན་འཇོམས་སྨན་གྱིས་བཅོས་ཐུབ་པའི་ནད་གཞི་མང་པོ་ཞིག་ད་ལྟ་བཅོས་དཀའ་བའི་གནས་སུ་འགྱུར་བཞིན་ཡོད།


 

[1]Pneumonia

[2] Tuberculosis

[3] Blood poisoning

[4] Gonorrhea 


 

མཐའ་མའི་འདོན་ཐེངས་།: 21.07.2016 ཉིན། 12:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།