སྨན་རྩིས་དྲ་བ། - དྲ་བརྙན།
དྲ་བརྙན། >> སྒྲ་རྐྱང་བའི་སྡེ་ཚན།

སྲོལ་རྒྱུན་རིག་གནས་ལ་སློབ་གཉེར་བྱེད་ཚུལ།

༢༠༡༩ ཟླ་ ༩ ཚེས་ ༡༠ ཉིན་རྒྱབ་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཇི་ལྟར་གསོལ་བ་འདེབས་པ་བཞིན། བདག་ཉིད་ཆེན་པོ་ངེས་པ་དོན་གྱི་མཁས་དབང་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་<<སྲོལ་རྒྱུན་རིག་གནས་ལ་སློབ་གཉེར་བྱེད་ཚུལ་>>ཞེས་པའི་བརྗོད་གཞི་སྟེང་། རང་རེའི་དགེ་སློབ་དང་སྨན་རྩིས་ལས་བྱེད་བཅས་ལ་གསུང་བཤད་ཁ་གསལ་གཏིང་ཟབ་བསྩལ་ཡོད་ན། ཕྱོགས་མཐར་བཞུགས་པའི་དོན་གཉེར་ཅན་གསན་འདོད་ཡོད་པ་རྣམས་ཀྱི་ཆེད་དུ་གསུང་བཤད་སྒྲ་རྐྱང་པ་འདིར་མཁོ་སྤྲོད་ཞུས་ཡོད། རྒྱས་པར་གཟིགས་་

རྩ་རླུང་ཐིག་ལེའི་སྐོར་གསན།

༢༠༡༩ ཟླ་ ༧ ཚེས་ ༢༦ ཉིན་རྒྱབ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དགེ་བའི་བཤེས་གཉེན་སྔགས་རམས་པ་རྒན་མཁས་གྲུབ་ནོར་བཟང་མཆོག་གིས་འདི་ག་བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་སློབ་མ་རྣམས་ལ་ཇི་ལྟར་རེ་སྐུལ་འདེབས་པ་བཞིན། བརྗོད་གཞི་རྩ་རླུང་ཐིག་ལེའི་སྐོར་གསུང་བཤད་ཟབ་གསལ་གནང་བ་མ་ཟད་སློབ་མའི་དོགས་འདྲི་ལ་ལན་འདེབས་ཀྱང་གནང་ཡོད།
རྒྱས་པར་གཟིགས་་

སེམས་ངལ་གྱི་རྒྱུ་རྐྱེན་སོགས་གླེང་བ།

འདི་ལོའི་ཟླ་ ༡༠ ཚེས་ ༡༢ - ༡༤ སྟེ་ཉིན་གསུམ་རིང་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་ནས་སྨན་རྩིས་མཐོ་སློབ་ཚོགས་ཁང་ཆེན་མོའི་ནང་གོ་སྒྲིག་ཞུས་པའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་དེ་ལེགས་གྲུབ་བྱུང་ཡོད། རྒྱས་པར་གཟིགས་་

སེམས་བྱུང་མ་རིག་པའི་ཟབ་ཁྲིད་སྐོར་གསན།

དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༦ ཟླ་༥ ཚེས་༩ - ༡༢ བར་ཉིན་ལྟར་ཆུ་ཚོད་གཅིག་རིང་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་དགེ་བཤེས་བསྟན་པ་འཕགས་མཆོག་ལགས་ཀྱིས་སེམས་བྱུང་མ་རིག་པའི་སྐོར་ལ་ཟབ་ཁྲིད་རྒྱས་པ་ཞིག་བསྩལ་ཡོད།  རྒྱས་པར་གཟིགས་་

བྱ་དོ་རིན་པོ་ཆེས་སེམས་ཁམས་འཁྲུག་བཅོས་སྐོར་གླེང་བ།

དྷ་ས་བོད་ཀྱི་སྨན་རྩིས་ཁང་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་གསུམ་པའི་སྟེང་། དགེ་བཤེས་ལྷ་རམས་པ་བྱ་དོ་རིན་པོ་ཆེ་བསྟན་འཛིན་འབྱུང་གནས་མཆོག་གིས་བོད་བརྒྱུད་ནང་བསྟན་ལྟ་གྲུབ་ཐོག་ནས་སེམས་ཁམས་འཁྲུགས་པའི་བཅོས་ཐབས་སྐོར་སྡེ་ཚན་བཞིའི་སྒོ་ནས་ཁ་གསལ་གནད་སྨིན་གསུང་བཤད་གནང་བའི་དུམ་ཚན་ཞིག་ཡིན། རྒྱས་པར་གཟིགས་་

དབྱུག་བཅོས་གཞུང་ཚན་གཉིས་ཐོག་དཔེ་ཁྲིད།

ཕྱི་ལོ་2015 ཟླ་8 ཚེས་5-7 བར་ཝྰ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སློབ་དཔོན་ཆེན་མོ་རག་རྡོ་བློ་བཟང་བསྟན་འཛིན་མཆོག་གིས་འདི་ག་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་ཁག་ཅིག་ལ། མན་ངག་བྱེ་བ་རིང་བསྲེལ་ནང་བཞུགས་རཏྣ་མངྒས་མཛད་པའི་《དབྱུག་བཅོས་ནད་གདོན་ཀུན་སེལ།》ཞེས་པ་དེ་དང་། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་《རྡོ་རྗེ་དབྱུག་པའི་མན་ངག་ནད་གདོན་ཀུན་འཇོམས་གནམ་ལྕགས་ཐོག་མདའ།》ཞེས་པའི་གཞུང་ཚན་གཉིས་སྦྲགས་ནས་དཔེ་ཁྲིད་བྱས་པའི་ཚན་པ་ལྔ་བཞུགས་ཡོད། རྒྱས་པར་གཟིགས་་

གསོ་བ་རིག་པའི་ངོ་སྤྲོད་གསུང་བཤད།

འདི་ནི་ཝྰ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སློབ་དཔོན་ཆེན་མོ་རག་རྡོ་བློ་བཟང་བསྟན་འཛིན་མཆོག་གིས་འདི་ལོའི་ཟླ་8 ཕྱི་ཚེས་5 ཉིན་རྒྱབ། དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ལྷན་ཚོགས་ཁང་དུ་འདི་གའི་སྨན་པ་ཁག་ཅིག་ལ་དབྱུག་བཅོས་སྐོར་གྱི་གཞུང་བཤད་དང་ལག་ཁྲིད་བཀའ་དྲིན་བསྐྱངས་གནང་ཡོད། དེའི་སྐབས་སྔོན་འགྲོའི་ཚུལ་དུ་བོད་ཀྱི་གསོ་བ་རིག་པའི་ངོ་སྤྲོད་ཀྱི་གསུང་བཤད་རྒྱས་པ་ཞིག་གནང་ཡོད་པ་དེ་ཡིན།

རྒྱས་པར་གཟིགས་་

ཨྰཡུརྦེད་དང་གསོ་རིག་གཉིས་ཀྱི་ཁྱད་པར་ཐོག་གསུང་བཤད།

བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ནས་ཕྱི་ལོ་༢༠༡༢ ཟླ་༣ ནང་དྷ་རམ་ས་ལར་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་ཆེད་ཟབ་སྦྱོང་ཐེངས་གསུམ་པ་གོ་སྒྲིག་ཞུས་སྐབས། སྨན་རམས་པ་རྡོ་རྗེ་དགྲ་འདུལ་ལགས་ནས་རྒྱ་གར་ཚེའི་རིག་བྱེད་དང་བོད་ལུགས་གསོ་བ་རིག་པ་གཉིས་ཀྱི་གཞི་རྩའི་ཁྱད་པར་ཐོག་གསུང་བཤད་གནང་ཡོད་པའི་དུམ་ཚན་ཞིག་ཡིན།

རྒྱས་པར་གཟིགས་་

གཅིན་སྙི་ཟ་ཁུའི་ཐོག་སྨན་རམས་པ་མཁྱེན་རབ་རྒྱ་མཚོའི་གསུང་བཤད།

ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༡༤ ཉིན་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལྷན་ཁང་གིས་གོ་སྒྲིག་ཞུས་པའི་"འཛམ་གླིང་གཅིན་སྙི་ཟ་ཁུའི་ཉིན་མོ་"སྲུང་བརྩི་ཞུ་སྐབས་གཅིན་སྙི་ཟ་ཁུའི་ཐོག་བོད་ཀྱི་གསོ་བ་རིག་པའི་ལུགས་ཀྱི་བཞེད་ཚུལ་སྐོར་སྨན་དགེ་སྨན་རམས་པ་མཁྱེན་རབ་རྒྱ་མཚོས་གསུང་བཤད་གནང་ཡོད་པ་དེ་ཡིན།

རྒྱས་པར་གཟིགས་་

མ་ཞུ་བའི་ཐོག་ལ་སྨན་རམས་པ་པདྨ་རྡོ་རྗེའི་གསུང་བཤད།

ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༡༧ ཉིན་སྨན་རམས་པ་པདྨ་རྡོ་རྗེ་ལགས་ཀྱིས་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་དགེ་སློབ་སྨན་པ་བཅས་ལྷན་འཛོམས་ཐོག་བོད་ཀྱི་གསོ་རིག་ལུགས་སུ་ཁོང་ནད་ཀུན་གྱི་རྩ་བ་མ་ཞུ་བའི་སྐོར་ལ་གནང་བའི་གསུང་བཤད་ཚན་པ་ཞིག་ཡིན།

རྒྱས་པར་གཟིགས་་

ལུས་ཆགས་ཚུལ་སྐོར་སྨན་རམས་པ་རྣམ་རྒྱལ་ཁྱུ་གསར་གྱི་གསུང་བཤད།

ཕྱི་ལོ་༢༠༡༤ ཟླ་༩ ཚེས་ ༡༩ ཉིན་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྨན་རམས་པ་རྣམ་རྒྱལ་ཁྱུ་གསར་ལགས་ཀྱིས་སྨན་རྩིས་སློབ་མ་རྣམས་ལ་ལུས་ཆགས་ཚུལ་ཐོག་ལ་བོད་ལུགས་གསོ་རིག་དང་དེང་རབས་སྨན་ལུགས་ཟུང་འབྲེལ་སྒོ་ནས་གསུང་བཤད་བྱས་པའི་དུམ་ཚན་ཞིག་ཡིན།

རྒྱས་པར་གཟིགས་་

རྩ་རླུང་སྐོར་གཉན་རྩེ་སྤྲུལ་སྐུའི་གསུང་བཤད།

ཕྱི་ལོ་༢༠༡༤  ཟླ་༩  ཚེས་༡༧  ཉིན་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་དགེ་སློབ་དང་སྨན་རྩིས་པ་ལྷན་འཛོམས་མདུན་དུ། གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཉི་མ་ལགས་ཀྱིས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་རྩ་རླུང་དང་ལུས་སྦྱོང་སྐོར་གསུང་བཤད་གནང་བའི་དུམ་ཚན་ཞིག་ཡིན། རྒྱས་པར་གཟིགས་་

སྨན་རམས་པ་ཚེ་དབང་རྟ་མགྲིན་གྱི་གསུང་བཤད།

ཕྱི་ལོ་ ༢༠༡༤ ཟླ་༧ ཚེས་ ༢༨ ཉིན་དྷ་ས་བོད་ཀྱི་སྨན་རྩིས་ཁང་དུ་འཛམ་གླིང་མཆིན་པའི་གཉན་ཚད་ཉིན་མོ་ (World Hepatitis Day) སྲུང་བརྩི་ཞུས་སྐབས་ྋསྐུའི་བླ་ཞབས་སྨན་རྩིས་ཁང་གི་སྨན་པ་གཙོ་བོ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་གསོ་རིག་ལུགས་ཀྱི་མཆིན་ནད་དུག་ཐབས་ (Hep-B) ཐོག་གསུང་བཤད་གནང་ཡོད། རྒྱས་པར་གཟིགས་་

སྨན་རམས་པ་པདྨ་རྡོ་རྗེས་མཐོང་བ་ཆུ་ལ་གསུང་བཤད།

སྐུ་ངོ་བར་ཞི་ཕུན་ཚོགས་དབང་རྒྱལ་གྱིས་མཛད་པའི་ <<ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས་འཚོ་བྱེད་མགུལ་པའི་མཛེས་རྒྱན་>> ཞེས་པར་སྨན་རམས་པ་པདྨ་རྡོ་རྗེ་ལགས་ཀྱིས་འདི་གའི་སྨན་པ་ཁག་ཅིག་ལ་གཞུང་དེ་དཔེ་ཁྲིད་གནང་ཡོད། འདིའི་ནང་མཐོང་བ་ཆུའི་ལྷན་ཐབས་ལ་གསུང་བཤད་ཚན་པ་བཞི་བཞུགས་ཡོད། རྒྱས་པར་གཟིགས་་

སྨན་རམས་པ་པདྨ་རྡོ་རྗེས་རེག་པ་རྩ་ལ་གསུང་བཤད།

སྐུ་ངོ་བར་ཞི་ཕུན་ཚོགས་དབང་རྒྱལ་གྱིས་མཛད་པའི་ <<ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས་འཚོ་བྱེད་མགུལ་པའི་མཛེས་རྒྱན་>> ཞེས་པར་སྨན་རམས་པ་པདྨ་རྡོ་རྗེ་ལགས་ཀྱིས་འདི་གའི་སྨན་པ་ཁག་ཅིག་ལ་གཞུང་དེ་དཔེ་ཁྲིད་གནང་ཡོད། འདིའི་ནང་རེག་པ་རྩའི་ལྷན་ཐབས་ལ་གསུང་བཤད་ཚན་པ་བཞི་བཞུགས་ཡོད། རྒྱས་པར་གཟིགས་་

ྋབླ་ཟུར་དགེ་སློང་ཡེ་ཤེས་དོན་ལྡན་གྱི་གསུང་བཤད།

ྋརྒྱལ་བའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ཀྱིས་ཕྱི་ལོ་ ༢༠༡༤  ཟླ་ ༤ ཚེས་ ༡ ཉིན་སྨན་ལྷན་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དུས་དྲན་སྐབས་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྨན་པ་རྣམས་ལ་དྲི་ཆུ་བརྟག་ཐབས་ཀྱི་གཞུང་བཤད་དང་ལག་ལེན་དམར་ཁྲིད་གནང་བའི་གསུང་བཤད། རྒྱས་པར་གཟིགས་་

༸གོང་ས་མཆོག་གི་བཀའ་སློབ།

བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དྲས་དྲན་ཉིན་མོར་༸གོང་ས་མཆོག་གིས་སྨན་རྩིས་ལས་སློབ་ཡོངས་ལ་སྩལ་བའི་བཀའ་སློབ། རྒྱས་པར་གཟིགས་་

སྐུའི་བླ་སྨན་པ་བསྟན་འཛིན་ཆོས་གྲགས་ཀྱི་གསུང་བཤད། ༡

༸སྐུའི་བླ་སྨན་པ་བསྟན་འཛིན་ཆོས་གྲགས་མཆོག་གིས་བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་དུ་སྨན་གྱི་བགྲོ་གླེང་ཚུགས་སྐབས་འབྲས་ནད་སྐོར་བ་གསུང་བཤད་གནང་བ་ལས་དུམ་མཚམས་གཅིག
རྒྱས་པར་གཟིགས་་

སྐུའི་བླ་སྨན་པ་བསྟན་འཛིན་ཆོས་གྲགས་ཀྱི་གསུང་བཤད། ༢

༸ སྐུའི་བླ་སྨན་པ་བསྟན་འཛིན་ཆོས་གྲགས་མཆོག་གིས་བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་དུ་སྨན་གྱི་བགྲོ་གླེང་ཚུགས་སྐབས་འབྲས་ནད་སྐོར་ལ་གསུང་བཤད་གནང་བ་ལས་དུམ་མཚམས་གཅིག རྒྱས་པར་གཟིགས་་

སྐུའི་བླ་སྨན་པ་བསྟན་འཛིན་ཆོས་གྲགས་ཀྱི་གསུང་བཤད། ༣

༸ སྐུའི་བླ་སྨན་པ་བསྟན་འཛིན་ཆོས་གྲགས་མཆོག་གིས་བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་དུ་སྨན་གྱི་བགྲོ་གླེང་ཚུགས་སྐབས་འབྲས་ནད་སྐོར་ལ་གསུང་བཤད་གནང་བ་ལས་དུམ་མཚམས་གཅིག རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།