སྨན་རྩིས་དྲ་བ། - མདུན་ངོས།

ཧིམྰཅལ་གཞུང་གིས་བོད་སྨན་ངོས་ལེན་གནང་འཆར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.02.2015
མདུན་ངོས། >>

 


ཧིམྰཅལ་གཞུང་གིས་བོད་སྨན་ངོས་ལེན་གནང་འཆར།


  འདི་ལོའི་ཟླ་༢ ཚེས་༧ ཉིན་མངའ་སྡེ་རྒྱལ་ས་ཤིམ་ལའི་ཧིནྡྰི་ཉིན་རེའི་ཚགས་པ་ཨམར་ཨུཇྰལྰ་ཞེས་པའི་ནང་དུ་གནས་ཚུལ་ཐོན་གསལ་ལྟར་ན། བོད་སྨན་དེ་ཧིམྰཅལ་མངའ་སྡེ་གཞུང་གིས་ངོས་ལེན་གནང་རྗེས་ཧིམྰཅལ་མངའ་སྡེའི་ཨྰཡུརྦེད་དང་ཡུནྰནྰི་ལྷན་ཚོགས་(the Board of Ayurvedic and Unani system of Medicine, Himachal Pradesh) ནང་དུ་དེབ་སྐྱེལ་གནང་རྒྱུ་ཡིན་ཚུལ་འཁོད་འདུག 

  དེ་ཡང་ཚགས་པར་ནང་གསལ་ལྟར་ན། "ཕྱི་ལོ་༡༩༥༩ ལོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་རྗེས་རྒྱ་གར་ནང་བོད་སྨན་ལམ་ལུགས་འདི་འགོ་འཛུགས་གནང་ཡོད།  བོད་པའི་སྨན་གྱི་རིག་པ་དེ་ལ་རྒྱ་གར་གཞུང་ནས་ངོས་ལེན་གནང་ཡོད་པ་དང་། ད་ལྟའི་ཆར་ཧིམྰཅལ་མངའ་སྡེ་གཞུང་གིས་ངོས་ལེན་གནང་རྒྱུའི་ཚད་གཞི་གཏན་འབེབས་གནང་བཞིན་པ་རེད། དེའི་ཆེད་དུ་མངའ་སྡེའི་ཨྰཡརྦེད་དང་ཡུནྰནྰི་ལྷན་ཚོགས་རང་ངོས་ནས་འགྲོ་ལུགས་ལྟར་གྱི་ལས་གཞི་སྒྲུབ་བཞིན་ཡོད་པ་དང་། ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་ནས་དྷརྨཤྰལར་བོད་ཀྱི་གསོ་བ་རིག་པའི་གནས་ཡོད་མི་སྣ་རྣམས་དང་མཇལ་ཕྲད་ཞུས་ཡོད་པ་གསལ་ཡོད། དེ་བཞིན་བོད་ཀྱི་ཁྱབ་གདལ་ཆེ་བའི་སྨན་གྱི་རིག་པ་འདི་ལ་མངའ་སྡེའི་ཨྰཡུརྦེད་དང་ཡུནྰནྰི་ལྷན་ཚོགས་ནང་དུ་དེབ་སྐྱེལ་བྱུང་སོང་ན་བོད་ཀྱི་སྨན་པའི་ལག་ཁྱེར་ལ་ངོས་ལེན་ཐོབ་རྒྱུ་རེད་ཅེས་གསལ་ཡོད། བོད་ཀྱི་སྨན་གྱི་ལམ་ལུགས་དེ་ལ་གསོ་བ་རིག་པ་དང་ཨེམ་ཆི་ཞེས་པའི་མིང་དེ་ཡོངས་གྲགས་ཡིན་པ་རེད།"ཅེས་འཁོད་འདུག 

  གཞན་ཡང་། མངའ་སྡེའི་ཨྰཡུརྦེད་དང་ཡུནྰནྰི་ལྷན་ཚོགས་ཀྱི་དྲུང་ཆེ་ཌོཀ་ཊར་དིནེཤ་ཀུམྰར་ལགས་ཀྱིས་གསུངས་དོན། "དྷརྨཤྰལྰར་ཡོད་པའི་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དུ་ཕྱིན་པ་ཡིན། བཙན་བྱོལ་བོད་མིའི་བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་མཛད་གཙོ་རྣམ་པ་དང་། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་བཀྲ་ཤིས་ཚེ་རིང་མཆོག་དང་མཉམ་འཛོམས་གནང་ཡོད། བོད་པའི་སྨན་གྱི་ལམ་ལུགས་དེ་ཧིམྰཅལ་མངའ་སྡེའི་ཨྰཡུརྦེད་དང་ཡུ་ནྰནྰི་ལྷན་ཚོགས་ནང་དུ་དེབ་སྐྱེལ་དབུ་འཛུགས་ཞུ་ཕྱིར་ཁོང་རྣམས་དང་བགྲོ་གླེང་བྱས་པ་ཡིན། ཚང་མ་ཏག་ཏག་བྱུང་སོང་ན་གང་མགྱོགས་བོད་པའི་སྨན་གྱི་ལམ་ལུགས་དེ་ལྷན་ཚོགས་ནང་དུ་དེབ་སྐྱེལ་འབྱུང་རྒྱུ་རེད།" ཅེས་གསུངས་ཡོད་པ་འཁོད་འདུག

  ཨྰཡུརྦེད་དང་ཡུནྰནྰི་ལྷན་ཚོགས་དེ་ནི་ཧིམྰཅལ་མངའ་སྡེ་གཞུང་གི་སྟངས་འཛིན་འོག་གནས་ཡོད་ལ། དེ་ནི་ཧིམྰཅལ་མངའ་སྡེ་རྒྱལ་ས་ཤིམ་ལར་ཆགས་ཡོད་པ་རེད།།


 གནས་ཚུལ་ཡོངས་ཁུངས་ལ་གཟིགས།
 

 

མཐའ་མའི་འདོན་ཐེངས་།: 09.02.2015 ཉིན། 4:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།