སྨན་རྩིས་དྲ་བ། - གསེར་འོད་འབར་བའི་དུས་རབས་གཅིག

སྨན་སྦྱོར་ཁང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.04.2016
གསེར་འོད་འབར་བའི་དུས་རབས་གཅིག >>

<< གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ >>


སྨན་སྦྱོར་ཁང་།

        སྨན་སྦྱོར་ཁང་ཐོག་མར་འགོ་འཛུགས་སྐབས་སྨན་རྒྱུའི་མ་རྩ་སྐུ་སྒེར་ནས་གསོལ་བསྩལ་ཐོག་རྒྱུན་སྤྱོད་སྨན་སྣ་གྲངས་ཁ་ཤས་བཟོ་བསྐྲུན་བྱེད་འགོ་ཚུགས་པ་དང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་འགོ་སྟོད་དུ་ྋསྐུའི་བླ་སྨན་རྣམ་པས་གཙོས་སྨན་པ་རྒན་རབས་ཁག་ཅིག་བོད་ནས་རིམ་པས་ཕེབས་ཏེ་རྒྱལ་བའི་ཕོ་བྲང་དུ་བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཐེངས་དང་པོ་ལེགས་གྲུབ་བྱུང་བའི་འབྲས་བུར་རིན་ཆེན་རིལ་བུ་ཁག་བཞི་ཙམ་གསར་བཟོ་ཐུབ་པ་བྱུང་ཡོད། སྨན་སྦྱོར་ཁང་གི་ཆེད་ལས་མི་སྣ་དང་ལས་ཀྱི་སྣེ་མོ་བ་ཡོངས་ནས་ཤེས་ཡོན་དང་ལྷག་བསམ་ཟུང་འབྲེལ་ལ་བསྟེན་ནས་ནུས་ཤུགས་གོང་འཕེལ་དང། དེང་རབས་ཚན་རྩལ་དང་འཕྲུལ་ཆས་ཀྱི་མཐུན་རྐྱེན་སོགས་རིམ་པས་ཡར་རྒྱས་བཏང་སྟེ། ད་ལྟ་སྨན་སྦྱོར་ཁང་ལ་འཛིན་སྐྱོང་དང་བཟོ་སྐྲུན་སྡེ་ཁག་གཉིས་སུ་དབྱེ་ཡོད་ཅིང་། འཛིན་སྐྱོང་ནས་སྨན་རྒྱུ་མཁོ་སྒྲུབ་དང་འདུལ་སྦྱོང་། སྦྱོར་བཟོ་སོགས་ལས་རིགས་བཀོད་སྒྲིག་སྟངས་འཛིན་བྱེད་བཞིན་ཡོད། བཟོ་སྐྲུན་སྡེ་ཚན་ཁོངས་ལས་བྱེད་གྲངས་སུམ་ཅུ་སོ་བདུན་དང་ལས་མི་གྲངས་བཅུ་དྲུག་ཡོད་པ་དེ་དག་སྨན་རྒྱུ་གཙང་བཟོ་དང་འདུལ་སྦྱོང་། སྦྱོར་སྡེབ། ཕྱེ་འཐགརིལ་སྒྲིལ། སྐམ་གསེད། གྲངས་བཤེར། ཐུམ་རྒྱག་སོགས་ནང་གསེས་དབྱེ་བ་དུ་མར་ཕྱེ་ཡོད་པ་སྟེ། སྨན་རྒྱུ་གཙང་བཟོ་ཚན་པས་སྨན་སྦྱོར་ཁང་དུ་སྨན་རྒྱུ་འབྱོར་མཚམས་སྤུས་ཚད་སྟངས་འཛིན་ཚན་པ་ལ་སྤྱན་འབུལ་ཞུ་རྒྱུ་དང་སྤུས་ཚད་སྟངས་འཛིན་ཚན་པས་སྤུས་ཚད་དབྱེ་ཞིབ་དང་བརྟག་དཔྱད་གནང་རྗེས་སྨན་རྒྱུའི་སྤུས་ཚད་ཀྱི་ཚད་གཞི་མ་ལོན་པ་རྣམས་ཕྱིར་སློག་དང་སྤུས་ཚད་ལེགས་པའི་སྨན་རྒྱུ་མཛོད་ཁང་ནང་ཉར་ཚགས་བྱེད་ཅིང་། གསོལ་སྨན་སྦྱོར་སྡེབ་སྐབས་སྨན་རྒྱུ་འདོན་འཇུག་དང་སྨན་རྒྱུ་དགོས་ངེས་རིགས་བཀྲུ་བཤལ་དང་ཆུ་བསིངས་རྒྱག་པ། པགས་པ་བཤུ་བ། ཐལ་ཚགས་རྒྱག་པ། སྐམ་གསེད་སོགས་དུས་ཐོག་གནང་ནས་སྨན་མཛོད་ཁང་དུ་ཉར་ཚགས་བྱེད་དགོས།

 

སྨན་རྒྱུ་འདུལ་སྦྱོང་ཚན་པས་སྨན་རྒྱུ་འདུལ་སྦྱོང་དགོས་རིགས་དུག་འདོན་གཡའ་ཕྱིས་དང་དུག་འདོན། ཁཎྜ་ཕབ་པ། རྔོ་བ། བསྲེག་པ། བཙོ་བཀྲུ་བྱེད་པ། སྨན་ཁུ་བསྐོལ་བ་སོགས་སྨན་སྦྱོར་ལ་ཉེ་བར་མཁོ་བའི་སྨན་རྣམས་དུས་ཐོག་འདུལ་སྦྱོང་གི་ལས་འགན་སྒྲུབ་དགོས།

 

འཕྲུལ་འཐག་ཁང་ནས་ཉིན་རེའི་སྨན་སྦྱོར་བསྡེབས་ཟིན་པ་རྣམས་ཕྱེ་མར་འཐག་རྒྱུ་དང་སྦྱོར་སྡེབ་ཟིན་པའི་གསོལ་སྨན་རིགས་ཞིབ་འཐག་ཚགས་བརྒྱབ་ཀྱིས་རིལ་སྒྲིལ་སྡེ་ཚན་ལ་རྩིས་འབུལ་བྱེད་དགོས།

 

རིལ་སྒྲིལ་ཁང་ནས་ཕྱེ་མ་རྣམས་རྩིས་ལེན་གྱིས་བསྲེ་དཀྲུགས་ལེགས་པར་བཏང་སྟེ་རིལ་བསྒྲིལ་དང་ཟུར་སྒྲོན་ཇི་བཞིན་ལེགས་པར་གྲུབ་རྗེས་སྤུས་ཚད་བརྟག་དཔྱད་ཚན་པས་བརྟག་དཔྱད་དང་སྦྲགས་གྲངས་བཤེར་ཁང་ལ་རྩིས་སྤྲོད་བྱེད་དགོས།

 

གྲངས་བཤེར་དང་ཐུམ་བརྒྱབ་ཁང་ནས་སྐམ་ཟིན་པའི་སྨན་ཕྱེ་དང་རིལ་བུ་རྣམས་གྲངས་བཤེར་དང་ཐུམ་རྒྱག་གྲུབ་མཚམས་སྨན་མཛོད་སྡེ་ཚན་ལ་རྩིས་སྤྲོད་བྱེད་དགོས།

 

མཛོད་ཁང་ནས་རིན་ཆེན་རིལ་བུ་དང་སྨན། སྨན་སོགས་བདག་ཉར་དང་རྩིས་སྤྲོད་རྩིས་ལེན་གྱི་འགན་འཁུར་བྱེད་དགོས།

 

        བོད་སྨན་གྱི་སྨན་སྦྱོར་རིག་པ་ནི་འབྱུང་ལྔས་བསྐྱེད་པའི་སྨན་རྫས་རྣམས་ཀྱི་རོ་ནུས་ཞུ་རྗེས་ལ་བསྟེན་ནས་སྦྱོར་སྡེབ་བྱེད་པའི་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཤིག་ཡིན་ཞིང་། དེ་ཡང་འབྱུང་བ་བཞི་འམ་ལྔའི་བདག་ཉིད་ཅན་གྱི་སྨན་རྫས་དེ་དག་འབྱུང་བཞིའམ་འབྱུང་ལྔས་བསྐྱེད་པའི་ཉེས་པ་རླུང་མཁྲིས་བད་ཀན་ལས་གྱུར་བའི་ནད་རིགས་སེལ་བའི་ནུས་པ་ལྡན་པ་དེ་ཉིད་མི་ཉམས་རྒྱུན་འཛིན་དང་ཚད་ལྡན་གྱི་སྨན་སྦྱོར་གཞུང་ལུགས་ལ་གཞི་བཅོལ་ཏེ་ལོ་ལྟར་སྨན་རྒྱུ་ཀི་ལོ་ ༧༥,༠༠༠ ལྷག་མཁོ་སྒྲུབ་དང་འདུལ་སྦྱོང་སོགས་དགོས་ངེས་ཀྱི་ཆོ་ག་སོགས་ལེགས་པར་གྲུབ་མཚམས་སྦྱོར་སྡེབ་དང་བཟོ་སྐྲུན་བྱས་སྟེ་རིན་ཆེན་རིལ་བུའི་རིགས་སྣ་གྲངས་ ༨ དང་གསོལ་སྨན་སྣ་གྲངས་ ༡༧༤ སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་དང་། འཛམ་གླིང་གི་ཡུལ་གྲུར་གང་སར་ལ་མཁོ་སྤྲོད་ཞུ་བཞིན་ཡོད།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 10:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།