སྨན་རྩིས་དྲ་བ། - མདུན་ངོས།

སེམས་ཁམས་འཕྲོད་བསྟེན་ཟབ་སྦྱོང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.10.2016
མདུན་ངོས། >>


སེམས་ཁམས་འཕྲོད་བསྟེན་ཟབ་སྦྱོང་ཐེངས་བདུན་པ།


བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་གྱིས་གོ་སྒྲིག་འོག་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་ད་བར་ཐེངས་བདུན་ཚོགས་ཡོད་ཅིང་། ཕྱི་རྒྱལ་བ་ཚོར་ཆེད་དམིགས་ཟབ་སྦྱོང་ཐེངས་བཞི་གནང་ཡོད་པ་ལྟར། འདི་ལོར་སེམས་ཁམས་རྨང་གཞིའི་ཟབ་སྦྱོང་གཅིག་དང་། རྨང་གཞི་བར་མའི་ཟབ་སྦྱོང་གཉིས་ཕུལ་ཡོད་པ་བཞིན་ད་ལམ་རྨང་གཞི་བར་མའི་ཟབ་སྦྱོང་དེ་བཞིན་ཕྱི་ལོ ༢༠༡༦ ཟླ ༡༠ ཚེས ༡༨ ནས ༢༧ བར་ཉིན་གྲངས་བཅུའི་རིང་ཚོགས་ཡོད། འོན་ཀྱང་ད་ལམ་ཟབ་སྦྱོང་ནང་ཚོགས་ཞུགས་དེ་ཙམ་གནང་ཐུབ་མེད་ཀྱང་ཕྱི་ནང་གི་སེམས་ཁམས་སྨན་པ་དང་། གསོ་རིག་སྨན་པ། སྤྱི་ཚོགས་ཞབས་ཞུ་བཅས་མི་གྲངས་དྲུག་ལ་ནང་པའི་སེམས་ཁམས་སྤྱི་བཤད་དང་། རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ། དགེ་བ་བཅུ་གཅིག ནང་པས་འཆི་བ་ལ་ལྟ་ཚུལ། སེམས་ངལ་ལ་གདོང་ལེན་བྱ་ཐབས་ཀྱི་ལག་ལེན། བོད་ཀྱི་གསོ་རིག་ལུགས་ཀྱི་སེམས་ནད་བཅོས་ཐབས་དང་། སྐར་རྩིས་རིག་པའི་སྒོ་ནས་སེམས་ནད་བཅོས་ཐབས་སྐོར་ལ་ཟབ་ཁྲིད་གནང་བར་ཀུན་གྱི་ཡིད་སེམས་ཚིམ་པ་བྱུང་ཡོད།།



མཐའ་མའི་འདོན་ཐེངས་།: 03.10.2019 ཉིན། 10:31 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།