སྨན་རྩིས་དྲ་བ། - མདུན་ངོས།

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.01.2017
མདུན་ངོས། >>

 


ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་པ།

          ཆེས་དེང་རབས་ཀྱི་དུས་འདིར་མིའི་ལུས་ཀྱི་བདེ་སྐྱིད་ཁོ་ན་ལ་དམིགས་ནས་དབང་པོ་ལྔའི་སྤྱོད་ཡུལ་དུ་གྱུར་པའི་མཐུན་རྐྱེན་སྣ་ཚོགས་པ་ཉིན་རེ་བཞིན་གསར་གཏོད་དང་འཕེལ་རྒྱས་སུ་འགྲོ་བ་ཇི་བཞིན་གོ་ལའི་ཁོར་ཡུག་ཉམས་ཆག་དང་། དཔལ་འབྱོར་དབུལ་ཕྱུག་གི་ཁྱད་པར། སྔར་མ་གྲགས་པའི་བག་མེད་ལོངས་སྤྱོད་ཀྱི་རིང་ལུགས་སོགས་གོང་འཕེལ་ཕྱིན་པ་དེ་སྣོད་ཀྱི་གོ་ལ་སྤྱི་དང་། དེའི་ནང་གནས་པའི་བཅུད་ཀྱི་སྲོག་ཆགས་ཆེ་ཕྲ་ཆུང་གསུམ་ཀུན་གྱི་འཚོ་གནས་ལ་ཐད་ཀར་དོ་ཕོག་འགྲོ་བཞིན་ཡོད་ལ། ལྷག་པར་དུས་འདིར་འཛམ་གླིང་ཤར་ནུབ་ཀུན་ལ་མིའི་ནང་གི་བསམ་བློའི་འཁྱེར་སོ་དང་། གཞན་ཕན་བཟང་སྤྱོད་ཉམས་རྒུད་ཕྱིན་པའི་དབང་གིས་སེམས་མ་སྐྱིད་པ་གཙོ་བོར་གྱུར་བའི་སེམས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད། དེ་ལྟ་བུའི་སེམས་ཀྱི་དཀའ་ངལ་ལམ་སེམས་ནད་ལ་ནི་ལུས་ཀྱི་ནད་གཞི་ལྟར་ཕྱི་ནས་སྨན་དཔྱད་སོགས་བསྟེན་པས་ཕན་སྐྱེད་འཐོན་རྒྱུ་དེ་ཙམ་མེད་ལ་ནང་བསམ་བློ་བཅོས་སྒྱུར་གཏོང་བའི་ཐོག་ནས་ཐབས་ལམ་བཙལ་དགོས་སྟབས་འཛམ་གླིང་ཤར་ཕྱོགས་སྲོལ་རྒྱུན་གྱི་རིག་གཞུང་སྤྱི་དང་། ཁྱད་པར་དུ་དཔལ་ནྰལེནྡྲའི་ཆོས་རྒྱུད་དྲི་མ་མེད་པ་ལས་མཆེད་པའི་བོད་བརྒྱུད་ནང་བསྟན་རིག་པའི་ཐུན་མིན་ལྟ་སྤྱོད་ལ་རེ་ཁ་སྒྱུར་ནས་བལྟ་བཞིན་པ་ཤིན་ཏུ་འོས་པ་ཡིན། ལྟ་གྲུབ་དེ་ཉིད་གཞི་རྩར་མཛད་པའི་བོད་ཀྱི་སྨན་རྩིས་རིག་གཞུང་གཉིས་ཀྱི་ནང་དུའང་སེམས་ནད་སྐོར་དང་། དེང་རབས་སྤྱི་ཚོགས་ཀྱི་མིའི་བསམ་བློའི་འཁྱེར་སོ་དེའང་དེང་རབས་སྤྱི་ཚོགས་ཀྱི་རིན་ཐང་རྩི་ཚུལ་ལ་ཕལ་ཆེར་རག་ལས་པས་དེང་རབས་ཚན་རིག་ནང་སེམས་ནད་ཀྱི་ངོས་འཛིན་དང་སྔོན་འགོག་བྱ་ཐབས་སྐོར་ཤེས་པའི་ཆེད་རིག་གཞུང་དེ་དག་འཛིན་མཁན་མཁས་པ་རྣམས་གནས་གཅིག་ཏུ་འདུས་ནས་བགྲོ་གླེང་ལྷུག་པོ་གནང་རྒྱུ་གལ་ཆེན་པོ་ཡིན་ལ་དུས་ཀྱི་དགོས་མཁོའང་ཡིན་པར་བརྟེན། བོད་ཀྱི་སྨན་རྩིས་ཁང་གིས་ཐུགས་ཁུར་བཞེས་ནས་སེམས་ནད་སྐོར་བགྲོ་གླེང་ཚོགས་ཆེན་ཞིག་གོ་སྒྲིག་ཞུ་རྒྱུ་རེད།


          དེ་ཡང་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་ནས་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་པ་དེ་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༤ - ༦ བར་ཉིན་གསུམ་རིང་འདི་ག་དྷ་ས་བོད་ཀྱི་སྨན་རྩིས་ཁང་དུ་གོ་སྒྲིག་ཞུ་རྒྱུའི་ཐུགས་གཏན་ཁེལ་ཡོད། ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་གྱི་བརྗོད་གཞི་ནི་སེམས་ནད་སྔོན་འགོག་བྱ་ཐབས་(Prevention of Mental Disorder) ཞེས་འདེམས་གནང་ཡོད་པ་དང་། དེའི་སྟེང་ནང་པ་སངས་རྒྱས་པའི་སེམས་ཁམས་རིག་པ་དང་། བོད་ཀྱི་གསོ་བ་རིག་པ། བོད་ཀྱི་སྐར་དཔྱད་རྩིས་རིག་པ། དེང་རབས་ཚན་རིག་བཅས་གནའ་དེང་གི་རིག་གཞུང་ཆེན་པོ་བཞིའི་ནང་དུ་བཞུགས་པའི་སེམས་ནད་སྔོན་འགོག་བྱ་ཚུལ་སྐོར་ལ་གསུང་བཤད་གནང་མཁན་གཉིས་རེ་བཅས་ཁྱོན་མཁས་པ་བརྒྱད་གདན་འཛོམ་གནང་རྒྱུ་ཡིན་པར་བརྟེན། དོན་གཉེར་ཅན་མཉམ་ཞུགས་གནང་འདོད་ཡོད་པ་རྣམས་ནས་གཤམ་གྱི་ངོ་སྤྲོད་དེབ་ཆུང་གི་སྦྲེལ་ཐག་ལ་མནན་ནས་བགྲོ་གླེང་ཚོགས་ཆེན་གྱི་ངོ་སྤྲོད་དང་། མཛད་རིམ་དང་དུས་ཚོད་རེའུ་མིག དེ་བཞིན་དེབ་སྐྱེལ་འགེང་ཤོག ཚོགས་དོད་འབུལ་ཕྱོགས་བཅས་མཁྱེན་རྟོགས་ཡོང་བར་ཞུ།


སེམས་ནད་སྔོན་འགོག་བྱ་ཐབས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་མཁན་མཁས་པ་སོ་སོའི་མཚན་དང་ངོ་སྤྲོད། ཚོགས་ཆེན་གྱི་མཛད་རིམ་རྒྱས་པ་སོགས་རིམ་པས་གསལ་བསྒྲགས་སྤེལ་ཆོག་པར་ཞུ།


འདིར་ནོན། བོད་ཡིག ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་པའི་ངོ་སྤྲོད་སོགས་ཀྱི་དེབ་ཆུང་།

འདིར་ནོན། དབྱིན་ཡིག ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་པའི་ངོ་སྤྲོད་སོགས་ཀྱི་དེབ་ཆུང་།

 




མཐའ་མའི་འདོན་ཐེངས་།: 12.01.2017 ཉིན། 12:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།