སྨན་རྩིས་དྲ་བ། - མདུན་ངོས།

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་གཏན་འཁེལ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.01.2015
མདུན་ངོས། >>

 

 ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་ཚོགས་གཏན་འཁེལ་བ།

འཁྲུག་ཆ་དོད་པའི་དེང་དུས་ཀྱི་སྤྱི་ཚོགས་འདིའི་ནང་། ལུས་སེམས་གཉིས་ལས་སེམས་ཀྱི་དཀའ་ངལ་དེ་བརྒྱ་ཆ་མང་བ་ཡོད་པ་ནི།
  འགྲོ་བ་མིའི་སེམས་རྒྱུད་ཀྱི་དྲི་མ་ཆགས་སྡང་རྨོངས་གསུམ་དང་།      ཚུལ་མིན་རྣམ་རྟོག་དང་འབྲེལ་བའི་རེ་དོགས་སོགས་ཀྱིས་བསྐྲུན་པ་རེད། གལ་ཏེ་མི་འདོད་པའི་དཀའ་ངལ་དེ་དག་སེལ་དགོས་ཚེ། དེའི་འབྱུང་རྩ་ངོས་བཟུང་རྒྱུ་ནི་མེད་དུ་མི་རུང་བ་ཡིན། དེས་ན། ད་བར་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱིས་ལུས་སེམས་སྲོག་ གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་གོ་སྒྲིག་བྱས་ཟིན་ཡོད། དེའི་སྐབས་སུ་ལུས་སེམས་སྲོག་དང་འབྲེལ་བའི་ཐུན་མོང་མིན་པའི་ཕྱི་ནང་གི་གཞུང་ལུགས་མི་འདྲ་བའི་འདོད་ཚུལ་རྣམས་ལ་ཕན་ཚུན་གོ་རྟོགས་སྤེལ་རེས་དང་བརྡར་ཤ་ལེགས་ པར་བཅད་ཐུབ་པ་བྱུང་ཡོད།

འདི་ལོར་ལུས་སེམས་སྲོག་གསུམ་ལས་མཆེད་པའི་བརྗོད་གཞི་གཉིས་བཞག་ཡོད་དེ། སེམས་ཁམས་འཁྲུག་པའི་རྒྱུ་རྐྱེན་དང་།  སེམས་ཁམས་འཁྲུག་པའི་བཅོས་ཐབས་ཐུན་མོང་མ་ཡིན་པའི་ཐོག བོད་བརྒྱུད་ནང་དོན་རིག་པ་དང་། བོད་ཀྱི་གསོ་བ་རིག་པ། བོད་ཀྱི་སྐར་རྩིས་རིག་པ། དེང་དུས་ཚན་རིག་བཅས་ཀྱི་གསུང་བཤད་གནང་མཁན་གཉིས་རེ་ཡིས་རང་གི་གཞུང་ལུགས་ཀྱི་ ལག་ལེན་མྱོང་བ་གཞི་རྩར་བཟུང་སྟེ། སེམས་ཁམས་བདེ་བའི་ཐབས་སུ་ཐུན་མོང་མིན་པའི་ཁྱད་ཆོས་རྩལ་འདོན་ཡོང་ཐབས་བྱ་རྒྱུའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་དེ་འདི་ལོའི་ཟླ་༡༠ ཚེས་༡༥ ནས་ ༡༧ བར་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཚོགས་རྒྱུ་གཏན་འཁེལ་བའི་གསལ་བསྒྲགས་སུ། བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གསུམ་གྱི་སྡེ་ཚན་ནས་ཕྱི་ལོ་༢༠༡༥ ཟླ་༡ ཚེས་༢༩ ཉིན་སྤེལ། 

 

ཚོགས་ཆེན་གྱི་མཛད་རིམ་དང་དེབ་སྐྱེལ་འགེངས་ཤོག་ཕབ་ལེན་བྱོས། 

Download Program schedule and Registration form

 

 

བརྗོད་གཞི།

སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་དང་།

སེམས་ཁམས་འཁྲུགས་པའི་བཅོས་ཐབས་ཐུན་མོང་མ་ཡིན་པ།

ཚོགས་ཡུལ།

དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་།

ཚོགས་དུས།

ཕྱི་ལོ་ ༢༠༡༥  ཟླ་༡༠  ཚེས་ ༡༥ - ༡༧ ཏེ་ཉིན་གསུམ་རིང་།

དམིགས་ཡུལ།

འགྲོ་བ་མིའི་སེམས་ཁམས་བདེ་བའི་ཐབས་ལམ་གྱི་ལག་ལེན་རྩལ་འདོན་བྱ་རྒྱུ་དེ་ཡིན།

 

དུས་ཚོད།

15/10/2015   ཉིན་དང་པོའི་མཛད་རིམ།

11:30 AM

དབུ་འབྱེད་མཛད་སྒོ།

2 - 5 PM

བོད་བརྒྱུད་ནང་དོན་རིག་པ་དང་། བོད་ཀྱི་གསོ་བ་རིག་པ་ཟུང་གི་སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་བཞེད་ཚུལ་སྐོར་དང་། དྲི་བ་དྲིས་ལན།

 

དུས་ཚོད།

16/10/2015   ཉིན་གཉིས་པའི་མཛད་རིམ།

9 - 12:30 PM

བོད་ཀྱི་སྐར་རྩིས་རིག་པ་དང་། དེང་དུས་ཚན་རིག་ཟུང་གི་སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་བཞེད་ཚུལ་སྐོར་དང་། དྲི་བ་དྲིས་ལན།

2 - 5 PM

བོད་བརྒྱུད་ནང་དོན་རིག་པ་དང་། བོད་ཀྱི་གསོ་བ་རིག་པ་ཟུང་གི་སེམས་ཁམས་འཁྲུགས་པའི་བཅོས་ཐབས་ཐུན་མོང་མ་ཡིན་པའི་བཞེད་ཚུལ་སྐོར་དང་། དྲི་བ་དྲིས་ལན།

5:30 - 6:30 PM

དགོང་ཚིགས།

7 - 8:30 PM

བོད་ཀྱི་ཟློས་གར་ཚོགས་ཁང་དུ་རིག་གཞུང་འཁྲབ་སྟོན།

 

དུས་ཚོད།

17/10/2015   ཉིན་གསུམ་པའི་མཛད་རིམ།

9 - 12:30 AM

བོད་ཀྱི་སྐར་རྩིས་རིག་པ་དང་། དེང་དུས་ཚན་རིག་ཟུང་གི་སེམས་ཁམས་འཁྲུགས་པའི་བཅོས་ཐབས་ཐུན་མོང་མ་ཡིན་པའི་བཞེད་ཚུལ་སྐོར། དྲི་བ་དྲིས་ལན།

2 - 4:15 PM

བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་། སྐར་རྩིས་པ་རྣམས་ཀྱི་ཆེད་རྩོམ་རྩེ་ཕུད་ལྔ་སྒྲོག་སྦྱང་། དྲི་བ་དྲིས་ལན།

4:15 - 5 PM

མཇུག་སྡོམ་མཛད་སྒོ།

 

མཐའ་མའི་འདོན་ཐེངས་།: 04.09.2015 ཉིན། 4:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།