སྨན་རྩིས་དྲ་བ། - སྣ་ཚོགས།

རྡོ་རྗེ་དབྱུག་པའི་བྱ་བ་བཞུགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.08.2017
སྣ་ཚོགས། >>

 


རྡོ་རྗེ་དབྱུག་པའི་བྱ་བ་བཞུགས་སོ།།

 

རྒྱ་གར་སྐད་དུ། བཛྲ་དྷདྷཀར་ནམ། བོད་སྐད་དུ། རྡོ་རྗེ་དབྱུག་པའི་བྱ་བ་ཞེས།
 

དཔལ་བདེ་བ་ཆེན་པོ་[ལ་]ཕྱག་འཚལ་ལོ། །སྤ་(སྦ་)ལྕག་མཚམས་གསུམ་ལྡན་པའི་དབྱུག་པ་ནི། །དྲི་ཞིམ་ཆུས་བཀྲུ་འབྲུ་གསུམ་བཀོད། །སྣོད་བཟང་འབྲུས་བཀང་སྟེ་བཞག་ནས། །བསྐྱོབ་(སྐྱོབ་)པ་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་གཞུག །མཆོད་གཏོར་ཚོགས་ཀྱི་འཁོར་ལོ་དབུལ། །གསོལ་གདབ་བདེན་པའི་བྱིན་རླབས་བརྗོད། །ཡེ་ཤེས་ལྔ་མཚན་ཕན་གདགས་ཤིང་། །དམན་པའི་ལས་ལ་བཀོལ་མི་བྱ། །བསྣུན་དང་བསྣུན་བྱ་གཉིས་ཀ་ཡང་། །ཡིད་ཆེས་གསུམ་ལྡན་བྱང་སེམས་ཀྱིས། །ལྟ་སྒོམ་སྟོང་པའི་དམིགས་པ་བྱ། །དེ་ལྟར་བསྣུན་ན་འབྱུང་འཁྲུགས་ན། །དུག་ཅན་སྦྲུལ་ལ་མཁའ་ལྡིང་བཞིན། །གཞན་ལུས་ཉོན་མོངས་རྣམ་པར་ཟད། །
 

དེ་ལྟར་བསྣུན་པའི་གནས་དང་ནི། །གནས་མིན་སྤང་བྱ་ཤེས་པར་བྱ། །རྩ་ཆུ་སྡོམས་(སྡོམ་)དང་དམིགས་པ་འཁྲིམས། །བཞི་ཡོད་ཨོལ་མདུད་སྟེང་དུ་བསྣུན། །རྐང་པ་ལག་པ་བཤལ་བ་ལ། །ལྡོག་འཚལ་རྩ་སྣད་རྩ་ལ་བསྣུན། །སེང་ལྡེང་སྣ་ཡི་བར་གཞུང་ལ། །ཐད་ཀའི་ཚིགས་པར་བསྣུན་པར་བྱ། །གསུས་པའི་གཡས་གཡོན་རྒྱབ་ཏུ་གཟེར། །གང་གཟེར་རྒྱབ་ཏུ་བསྣུན་པ་གཤིས། །མ་གཟེར་ན་ན་མདུན་ནས་སོང་། །མིག་ན་རྐང་མཐིལ་ལྟག་ཁུང་ལའོ། །གཞན་ནི་ན་ས་ཉིད་དུ་བསྣུན། །
 

བསྣུན་མིན་སྤང་བར་བྱ་བ་ནི། །ལྟག་ཚ་ནག་པོ་ཁུར་འཛུམ་དང་། །མིག་འབྲས་སྣ་རྩེ་འཐེབ་གང་སྤང་། །སྙིང་གར་སྟེང་ན་ལྟེ་བ་ཁུང་། །མཁལ་སྟེངས་པུས་མོའི་གཉན་གོང་སྤང་། །ངར་གདོང་ལ་སོགས་རུས་གོང་དང་། །ཚིགས་མགོའི་མིག་ནི་ལྷང་ལྷང་ན། །མཐེབ་བསྐོར་རྩ་ནས་དྲངས་ལ་བསྣུན། །རུས་གོང་ཚིག་མིག་སོར་གང་སྤང་། །གཉན་པའི་སོར་གསུམ་དྲངས་ལ་བསྣུན། །དེ་ལྟར་སྤང་བར་མ་བྱས་ན། །གཤིན་རྗེ་དབྱུག་པ་ཐོག་(ཐོགས་)པར་ཟད། །
 

གཅོང་སོགས་ནད་པའི་ལུས་ཟུངས་དང་། །སྦྱར་ལ་དྲུང་དུ་རྟེན་ལ་བཅོས། །གཞན་ཡང་རྩ་རླུང་མན་ངག་དང་། །དྲང་སྲོང་གསོ་དཔྱད་ལ་སོགས་པའི། །རིག་པའི་བརྡ་ཡི་བསྣུན་པ་གཅེས། །བསྣུན་པའི་གོང་རོལ་དབྱུག་པ་སྤང་། །བསྣུན་རྗེས་ཧ་ཡིས་གདབ་པ་དང་། །མི་རྟོག་ངང་ལ་བཞག་པ་གཅེས། །
 

མཁའ་འགྲོའི་དངོས་སུ་ལུང་བསྟན་ནས། །བླ་མ་གུ་ཎ་མི་དྲས་(ཏྲས་)མཛད། །རྫོགས་སོ། །ཨྰཙརྱ་པྲཛྙྰ་ཡིས། རང་གྱུར་དུ་བྱས་ཏེ། སྟག་སྡེ་ཆོས་ལུང་གི་གཙུག་ལག་ཁང་དུ་སྡེ་སྣོད་འཛིན་པ་ནམ་མཁའ་བསོད་ནམས་ལ་གནང་། དེས་མཁས་གྲུབ་ཀྰུ(ཀུ)མར་སིདྡྷི་ལ་གནང་། དེས་རིན་པོ་ཆེ་ཁྱུང་པོ་ལ་གནང་། མངྒལཾ།། །།


འབྲེལ་ཡོད་རྩོམ་རིག་གཞན་དག་ལྟ་ཀློག་གྱིས།

༄༅། །གསང་བ་འདུས་པའི་དབྱུག་བཅོས་ཡིད་བཞིན་ནོར་བུ་དང་། དབྱུག་བཅོས་གནམ་ལྕགས་རྡོ་རྗེ་བཞུགས་སོ།། 

༄༅། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཆ་ལག་དབྱུག་བཅོས་རིན་པོ་ཆེ་བཞུགས་སོ།།

༄༅། །རྡོ་རྗེ་དབྱུག་པའི་མན་ངག་ནད་གདོན་ཀུན་འཇོམས་གནམ་ལྕགས་ཐོག་མདའ་ཞེས་བྱ་བ་བཞུགས་སོ།།

༄༅། །རྡོ་རྗེ་དབྱུག་པའི་མན་ངག་དོན་གསལ་སྒྲོན་མེ་བཞུགས་སོ།།

༄༅། །དབྱུག་བཅོས་ནད་གདོན་ཀུན་སེལ།



 

 

མཐའ་མའི་འདོན་ཐེངས་།: 05.08.2017 ཉིན། 2:35 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།