སྨན་རྩིས་དྲ་བ། - མདུན་ངོས།

རྒྱ་གར་ནང་གཉན་ནད་ཨི་བོ་ལྰའི་ནད་པ་དང་པོ་ཤེས་རྟོགས་བྱུང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.11.2014
མདུན་ངོས། >>

 


རྒྱ་གར་ནང་གཉན་ནད་ཨི་བོ་ལྰའི་ནད་པ་དང་པོ་ཤེས་རྟོགས་བྱུང་བ།

རྒྱ་གར་གྱི་རྒྱལ་ས་དིལླྰི་གསར་པའི་ཨིཾདིརྰ་གྰྃདྷྰི་རྒྱལ་སྤྱིའི་གནམ་ཐང་(IGI Airport)དུ་ཟླ་འདིའི་ཕྱི་ཚེས་༡༠ ཉིན་རྒྱ་གར་གྱི་མི་སེར་རང་ལོ་༢༦ཡིན་པའི་སྐྱེས་པ་ཞིག་གཉན་ནད་ཨི་བོ་ལྰ་ཁྱབ་གདལ་ཆེ་བའི་རྒྱལ་ཁབ་ Liberia ནས་འབྱོར་བ་དེའི་ཁམས་དཀར་པོའི་ནང་ཨི་བོ་ལྰའི་ནད་འབུ་ཕྲ་མོ་ཡོད་པ་ངོས་བཟུང་བྱུང་རྗེས་ཟུར་བཀག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

འདི་ལོའི་ཟླ་༨ ཚེས་༡༠ ནས་བཟུང་རྒྱ་གར་གྱི་གནམ་ཐང་ཆེ་ཁག་ཏུ་གཙོ་བོ་གཉན་ནད་ཨི་བོ་ལྰ་ཁྱབ་གདལ་ཆེ་བའི་ནུབ་ཨཕ་རི་ཀའི་རྒྱལ་ཁབ་ཁག་ནས་འབྱོར་བའི་འགྲུལ་པ་རྣམས་དབྱེ་སེལ་བྱེད་འགོ་འཛུགས་པ་ནས་བཟུང་གནམ་ཐང་དུ་འགྲུལ་པ་སྟོང་ཕྲག་མང་པོར་དབྱེ་སེལ་བྱེད་བཞིན་ཡོད་པ་རེད། འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་ལས་གཞི་འདི་ལ་དོ་སྣང་དང་བག་ཟོན་ཆེན་པོ་བྱེད་བཞིན་ཡོད་པའི་གྲུབ་འབྲས་ལྟ་བུར། ཟླ་འདིའི་ཕྱི་ཚེས་༡༠ ཉིན་དིལླྰི་གསར་པའི་རྒྱལ་སྤྱིའི་གནམ་ཐང་དུ་ Liberia ནས་འབྱོར་བའི་རྒྱ་གར་གྱི་སྐྱེས་པ་དེ་ལའང་འདྲི་རྩད་བྱེད་དུས་ཁོང་རང་ Liberia དུ་བསྡད་སྐབས་ཨི་བོ་ལྰ་ནད་གཞི་དེ་ཕོག་ཡོད་པ་དང་། དེར་སྨན་བཅོས་བྱས་ནས་དྲག་སྐྱེད་ཕྱིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག མ་ཟད་ཁོང་གིས་ Liberia སྲིད་གཞུང་ནས་གཙང་སེལ་ཡིན་པའི་སྨན་གྱི་ལག་འཁྱེར་ཞིག་མཉམ་དུ་འཁྱེར་ཡོད་པ་དེའི་ནང་གསལ་ལྟར་ན།

"ཁོང་གིས་གཉན་ནད་ཨི་བོ་ལྰ་དང་འབྲེལ་བའི་སྨན་བཅོས་ཆ་ཚང་ལེགས་གྲུབ་བྱུང་ཡོད་པ་དང་། སྨན་བཅོས་ཟིན་རྗེས་ཀྱི་བརྟག་དཔྱད་རིམ་པའི་ནང་དུའང་ནད་གཞི་དེ་དང་འབྲེལ་བའི་རྟགས་མཚན་དང་ནད་རྟགས་ཚང་མ་གཙང་སེལ་ཕྱིན་པའི་བརྟག་དཔྱད་ཁང་ནས་ཞིབ་དཔྱད་གནང་བས་ནད་འབུ་མེད་པར་ངེས་བརྟན་བྱུང་རྗེས་ནད་གཞི་གཙང་སེལ་ཡིན་པའི་གསལ་བསྒྲགས་རྒྱབ་གཉེར་ཕུལ་བ་ཡིན" ཞེས་འཁོད་ཡོད།

རྒྱ་གར་དབུས་འཕྲོད་བསྟེན་ལྷན་ཁང་ནས་བསྒྲགས་གཏམ་སྤེལ་བའི་ནང་དུ། "སྐྱེས་པ་དེ་ཕྱི་ཚེས་༡༠ ཉིན་དིལླྰི་གསར་པའི་གནམ་ཐང་དུ་འབྱོར་རྗེས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་རྩ་འཛིན་ལྟར་བརྟག་དཔྱད་རིམ་པར་བྱས་པའི་ནང་ནད་གཞི་མེད་པར་གསལ་ཡོད་ཀྱང་སྔོན་འགོག་གི་ཐབས་ལམ་བརྒྱུད་ཟུར་བཀག་བྱས་ཡོད་པ་དང་། ཕྱིས་སུ་ཁོང་གི་ཁམས་དཀར་པོའམ་ཁུ་བ་བརྟག་དཔྱད་བྱས་ནས་གཉན་ནད་ཨི་བོ་ལྰའི་ནད་འབུ་ཕྲ་མོ་ཡོད་པ་ཤེས་རྟོགས་བྱུང་ཡོད་"ཅེས་གསལ་འདུག  དེ་བཞིན་ལྷན་ཁང་གིས་མུ་མཐུད་གསུངས་དོན་ལ། "གཉན་ནད་ཨི་བོ་ལྰ་ནད་གཞི་དེ་ནས་ལུས་ཟུངས་གསོ་བའི་གནས་སྐབས་སུ་དུས་ཡུན་མ་འདྲ་སོ་སོར་ནད་པ་དེའི་ལུས་ཀྱི་གཤེར་ཁུ་ལས་ནད་འབུ་ཕྲ་མོ་མུ་མཐུད་ནས་ཕྱིར་ཐོན་ཡོང་གི་ཡོད་པ་ཀུན་གྱི་མཁྱེན་གསལ་ལྟར་རེད། ཁོང་གི་ཁུ་བའི་དཔེ་མཚོན་ནང་དུ་ནད་འབུ་ཕྲ་མོ་མངོན་པ་དེས། ནད་བཅོས་ཟིན་པའི་རྗེས་ནས་ཉིན་ཞག་དགུ་བཅུའི་བར་འཁྲིག་སྤྱོད་བརྒྱུད་ལམ་ནས་གཞན་ལ་འགོ་ཁྱབ་འབྱུང་སྲིད་པའི་ཉེན་ཁ་ཡོད།" ཅེས་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་ནས་གསལ་བསྒྲགས་སྤེལ་ཡོད་པ་རེད།

གཞན་ཡང་"ནད་པ་དེ་རང་གི་ལུས་ཀྱི་གཤེར་ཁུའི་མ་ལག་གི་བརྟག་དཔྱད་ནང་དུ་ནད་འབུ་གཙང་སེལ་མ་སོང་བར་དང་། སྨན་ལུགས་ལྟར་གློད་བཀྲོལ་གཏོང་འོས་པའི་གཟུགས་གཞི་བདེ་ཐང་མ་འགྱུར་བར་དུ་དིལླྰི་གནམ་ཐང་འཕྲོད་བསྟེན་ལྷན་ཚོགས་ཀྱི་དམིགས་བསལ་འཕྲོད་བསྟེན་མཐུན་རྐྱེན་ཡོད་པའི་ཟུར་བཀག་སྨན་ཁང་དུ་སྡོད་དགོས་པ་ཡིན་"ཞེས་གསལ་ཡོད།  ད་ལྟ་ནད་པ་དེ་ལ་ནད་རྟགས་གང་ཡང་མེད་པ་རེད། ཁོང་རང་གི་ནང་མི་དག་ལ་བརྡ་ལན་བྱས་ཟིན་པའི་གནས་ཚུལ་ཡང་ཐོན་འདུག

འཕྲོད་བསྟེན་ལྷན་ཁང་ནས་གནས་ཚུལ་འདིའི་ཐོག་རྒྱ་གར་ནང་མི་མང་གི་སེམས་ཚབ་ལ་གཟིགས་ནས་གསལ་བཤད་བྱེད་བཞིན་ཡོད་པ་ནི། "གནས་སྟངས་འདི་ང་ཚོའི་སྟངས་འཛིན་འོག་ལེགས་པར་འཚུད་ཡོད་པས་འཇིགས་སྣང་གང་ཡང་བྱེད་མི་དགོས། གང་ལྟར་ཡང་འདིའི་ཐོག་ལ་སྔོན་འགོག་གི་ཐབས་ལམ་གང་མཆིས་པ་བྱས་ཡོད་"ཅེས་གསུངས་ཡོད།

 ད་ལྟའི་ཆར་རྒྱ་གར་མི་སེར་གྲངས་འབོར་ ༤༥,༠༠༠ ཉེ་བ་ཙམ་ནུབ་ཨཕ་རི་ཀའི་རྒྱལ་ཁབ་ཁག་ཏུ་གནས་བཞིན་ཡོད། 


ཕྱི་ཟླ་༡༡ ཚེས་༡༡ བར་དུ་གཉན་ནད་ཨི་བོ་ལྰའི་ཐོ་བཀོད་གནད་དོན་ཁྱོན་བསྡོམས་ ༡༤,༤༡༣ ནང་ནས་འདས་གྲོངས་སུ་ཕྱིན་པའི་གྲངས་ ༥༡༧༧ ཟིན་ཡོད། དེའི་ནང་ནས་ཕལ་ཆེ་བ་ནུབ་ཨཕ་རི་ཀའི་རྒྱལ་ཁབ་གསུམ་ Guinea, Liberia, Sierra Leone ནང་དུ་བྱུང་ཡོད་པ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཟླ་འདིའི་ཕྱི་ཚེས་༡༤ ཉིན་མཐའ་མའི་སྙན་ཐོ་དེ་སྤེལ་ཡོད།།

མཐའ་མའི་འདོན་ཐེངས་།: 26.11.2014 ཉིན། 11:41 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།