སྨན་རྩིས་དྲ་བ། - མདུན་ངོས།

རིན་མེད་ཀྲུང་དབྱིའི་སྨན་བཅོས་ཞབས་ཞུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.06.2016
མདུན་ངོས། >>


རིན་མེད་ཀྲུང་དབྱིའི་སྨན་བཅོས་ཞབས་ཞུ།

 ཐའེ་ཝན་སྤྱན་རས་གཟིགས་བྱམས་བརྩེའི་ཚོགས་པ་དང་། སྨན་རྩིས་ཁང་གཉིས་ཟུང་འབྲེལ་ཐོག་བཞུགས་སྒར་དྷ་ས་ཁུལ་དང་། ཅོན་ཏ་ར། དེཧ་རཱ་དྰུན་བདེ་སྐྱིད་གླིང་གཞིས་སྒར་བཅས་སུ་རིན་མེད་སྨན་བཅོས་གོ་སྒྲིག་ཞུས་ཡོད། རྩ་བའི་ཐའེ་ཝན་སྤྱན་རས་གཟིགས་བྱམས་བརྩེའི་ཚོགས་པ་ནི་ལོ་མང་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རིན་མེད་ཐོག་སྨན་བཅོས་དང་འཕྲོད་བསྟེན་ཞབས་ཞུ་བྱེད་བཞིན་པ་མ་ཟད། ཨེ་ཤི་ཡཱ་ཁུལ་གྱི་སིངྒ་ལ་དང་། ཝེ་ཏི་ནམ། བར་མཱ་སོགས་རྒྱལ་ཁབ་ཁག་ཏུ་འཕྲོད་བསྟེན་སྨན་བཅོས་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད། འདི་ལོ་སྨན་རྩིས་ཁང་དང་མཉམ་འབྲེལ་ཐོག་དྷ་རམ་ས་ལ་ཁུལ་དང་། དེ་ནས་ཅོན་ཏ་ར་དང་སྦིར་བོད་མིའི་གཞིས་སྒར། མཐའ་མ་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་བཅས་ས་གནས་གསུམ་ལ་ཉིན་བཅུ་གཉིས་རིང་རིན་མེད་སྨན་བཅོས་མཐུན་འགྱུར་ཞུས་ཡོད།
 

སྨན་བཅོས་ལས་གཞི་གཙོ་བོ་རྒྱ་ནག་ཀྲུང་དབྱི་སྨན་བཅོས་རིག་པ་ལས་གྱེས་པའི་བརྟག་ཐབས་རིག་པ། སྐམ་ཁབ། མེ་བཙའ། བསྐུ་མཉེ་སོགས་སྨན་བཅོས་ཐབས་ལམ་མི་འདྲ་བ་ལག་ལེན་ཐོག་ནས་ཉིན་གྲངས་བཅུ་གཉིས་རིང་ས་གནས་མི་འདྲ་བ་གསུམ་ལ་ནད་པ་གྲངས་ཁྱོན་བསྡོམས་ ༨༧༩ ཙམ་ལ་རིན་མེད་སྨན་བཅོས་བྱས་པའི་ནད་པའི་ཁོངས་སུ་བོད་རིགས་ཙམ་མ་ཡིན་པར་རྒྱ་གར་ཡུལ་མི་དང་། ཕྱི་རྒྱལ་བ་སོགས་མི་རིགས་སྣ་ཚོགས་ཀྱིས་སྨན་བཅོས་ཀྱི་ཁེ་ཕན་ལེན་ཐུབ་ཡོད།

སྨན་རྩིས་ཁང་གི་འཛིན་སྐྱོང་ངོས་ནས་མགྲོན་འབོད་གདན་ཞུ་དང་འཆར་འགོད་གནང་བ་བཞིན། རྒྱ་ཡིག་སྡེ་ཚན་ནས་འགན་འཁུར་གྱིས་ཐའེ་ཝན་བྱམས་བརྩེའི་ཚོགས་པའི་འབྲེལ་ཡོད་འགན་འཛིན་རྣམ་པ་དང་ཡིག་འབྲེལ་རིམ་པར་ཞུས་ཤིང་། སྤྱན་རས་གཟིགས་བྱམས་བརྩེའི་ཚོགས་པས་རེ་སྐུལ་ཞུས་པ་བཞིན། སྨན་བཅོས་བྱ་ཡུལ་ཁག་ལ་མིང་གིས་བསྙད་པའི་ཐོ་འགོད་དེབ་སྐྱེལ་སྡེ་ཚན་དང་། ནད་པའི་ལོ་རྒྱུས་ཞིབ་འབྲི་སྡེ་ཚན། སྨན་པའི་བརྟག་དཔྱད་སྡེ་ཚན། འཇམ་དཔྱད་སྡེ་ཚན། རྩུབ་དཔྱད་སྡེ་ཚན། སྨན་སྤྲོད་ཁང་བཅས་སུ་མིང་གིས་བསྙད་པའི་ཚན་པ་ཁག་སྔོན་ཚུད་ནས་དབྱེ་བགོས་དང་། སྡེ་ཚན་སོ་སོར་ཉེར་མཁོའི་ཅ་དངོས་ཅོག་ཙེ་དང་། རྐུབ་སྟེགས། ཉལ་ཁྲི། གདན། དུག་སེལ་སྨན་རྫས་སོགས་གྲ་སྒྲིག་འཐུས་ཚང་ཞུས། རིན་མེད་སྨན་བཅོས་ནང་བཞུགས་མཁན་ཚོགས་མི་གྲངས་ཉེར་དྲུག་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༢ ཉིན་ལྡི་ལིར་འབྱོར་བ་དང་སྨན་རྩིས་ཁང་གིས་བླ་སྨན་ཞབས་ཞུ་སྨན་རམས་པ་བསྟན་འཛིན་མཐའ་ཡས་ལགས་ཆེད་མངགས་ལྡི་ལི་གནམ་ཐང་དུ་གདན་ཞུར་མངགས་ཏེ་གནམ་ཐང་ནས་ཐད་ཀར་འགྲུལ་སྐྱེས་གླང་འཁོར་བརྒྱུད་ཕྱི་ཚེས་ ༡༣ ཞོགས་པར་ངྷ་རམ་ས་ལར་བདེ་འབྱོར་ཡོད།

ཐེངས་འདིའི་ཉིན་གྲངས་བཅུ་གཉིས་ཙམ་གྱི་རིང་ཀྲུང་དབྱིའི་སྨན་བཅོས་རིན་མེད་ཐོག་སྐོར་བསྐྱོད་ཁྲོད་ས་གནས་གསུམ་གྱི་ནད་པ་མང་པོ་ཞིག་གི་ན་བའི་སྡུག་བསྔལ་སེལ་ཞིང་། གནའ་སྲོལ་ཀྲུང་དབྱིའི་སྨན་ལུགས་ཀྱི་བཅོས་ཐབས་ལ་མང་ཚོགས་ཁྲོད་དོ་སྣང་དང་དགའ་ཞེན་ཙམ་དུ་མ་ཟད། ལྷག་པར་ཀྲུང་དབྱིའི་སྨན་ལུགས་ཀྱི་མེ་བཙའི་བཅོས་ཐབས་དེ་བཞིན་བོད་ཀྱི་གསོ་བ་རིག་པའི་གཞུང་ལས་གསུངས་པའི་མེ་བཙའ་ལས་སྟབས་བདེ་ཞིང་བེད་སྤྱོད་སླ་བ་དང་ནུས་ཐོན་མྱུར་བ། གྲང་རླུང་རྐྱེན་པས་མཁལ་རྐེད་དང་ཚིགས་གཞི་ན་བ། ས་བོན་འཛག་པ། ཟླ་མཚན་མི་སྙོམས་པ་སོགས་ལ་དམིགས་བསལ་གྱི་ཕན་བསྐྱེད་བྱུང་བས། ནད་པ་མི་ཉུང་བ་ཞིག་བསྟུད་མར་བསྟེན་གཏུགས་ལ་ཕེབས་པའི་ཁྲོད་བོད་པ་ཙམ་མ་ཡིན་པར། རྒྱ་གར་ཡུལ་མི་དང་། བལ་པོ། དབྱིན་ཇི། སོག་པོ། རྒྱ་མི་སོགས་ཀྱིས་བསྔགས་བརྗོད་དང་ལེགས་གསོལ་འཕྲིན་བཟང་ཕུལ་བ་སོགས་བྱུང་ཞིང་། ལས་གཞི་འདིས་ད་དུང་སྨན་རྩིས་ཁང་ཁྱབ་བསྒྲགས་དང་། བོད་པ་དང་རྒྱ་གར་ཡུལ་མིའི་མཐུན་ལམ་ལ་ཡང་ནུས་པ་ངེས་ཅན་འདོན་ཐུབ་ཡོད་པ་མ་ཟད། མཉམ་འབྲེལ་སྨན་བཅོས་ནང་དངོས་སུ་ཞུགས་མཁན་སྨན་རྩིས་ཁང་གི་སྨན་པ་རྣམས་ལའང་མེ་བཙའ་དང་། སྐམ་ཁབ་ཀྱིས་མཚོན་པའི་གནའ་སྲོལ་ཀྲུང་དབྱིའི་སྨན་གྱི་གཞུང་དང་ལག་ལེན་སློབ་སྦྱོང་དང་། བོད་སྨན་གྱི་གཞུང་དུ་ཁ་གསལ་མེད་པའི་ལེགས་ཆ་གང་འཚམ་ལེན་ཐུབ་པ་བྱུང་ཡོད།

ཉིན་རེའི་ལས་བཅར་དང་ཐོ་འགོད་ནད་གྲངས། 

ཚེས་གྲངས། 

སྨན་བཅོས་ས་གནས།

ལས་ཡུན།

ནད་གྲངས།

ཟླ ༥ ཚེས། ༡༤ 

དྷ་རམ་ས་ལ།

ཉིན་གང་།

༧༩

ཟླ ༥ ཚེས། ༡༥ 

དྷ་རམ་ས་ལ།

ཉིན་གང་།

༧༣

ཟླ ༥ ཚེས། ༡༦ 

དྷ་རམ་ས་ལ།

ཉིན་གང་།

༩༠

ཟླ ༥ ཚེས། ༡༧

དྷ་རམ་ས་ལ།

ཉིན་ཕྱེད།

༨༣

ཟླ ༥ ཚེས། ༡༨

ཅོན་ཏ་ར།

ཉིན་གང་།

༦༥

ཟླ ༥ ཚེས། ༡༩

ཅོན་ཏ་ར།

ཉིན་གང་།

༡༠༠

ཟླ ༥ ཚེས། ༢༠

༸གོང་ས་མཆོག་གི་མཇལ་བཅར་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་བལྟ་སྐོར།

ཟླ ༥ ཚེས། ༢༡

ཞོགས་པ་དྷ་རམ་ས་ལ་ནས་བདེ་སྐྱིད་གླིང་དུ་ཐོན།

ཟླ ༥ ཚེས། ༢༢

བདེ་སྐྱིད་གླིང་།

ཉིན་གང་།

༩༩

ཟླ ༥ ཚེས། ༢༣

བདེ་སྐྱིད་གླིང་།

ཉིན་གང་།

༡༤༩

ཟླ ༥ ཚེས། ༢༤

བདེ་སྐྱིད་གླིང་།

ཉིན་གང་།

༩༠

ཟླ ༥ ཚེས། ༢༥

བདེ་སྐྱིད་གླིང་།

ཉིན་གང་།

༥༧

ཁྱོན་བསྡོམས་ནད་གྲངས།

༨༧༩

  
ཐའེ་ཝན་སྤྱན་རས་གཟིགས་བྱམས་བརྩེའི་ཚོགས་པ་ངོས་ནས་སྨན་རྩིས་ཁང་གིས་ཐེངས་འདིའི་རིན་མེད་སྨན་བཅོས་ཐོག་མཉམ་འབྲེལ་གྱིས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ལེགས་གསོལ་ཆེད་ཧིན་སྒོར་འབུམ་གཅིག་(༡༠༠༠༠༠།༠༠) ཀྲུང་དབྱིའི་སྨན་ལུགས་ཀྱི་མེ་བཙའི་ཆ་བྱད་གྲངས་ ༢༤ ཞལ་འདེབས་གནང་།





མཐའ་མའི་འདོན་ཐེངས་།: 02.07.2016 ཉིན། 11:29 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།