སྨན་རྩིས་དྲ་བ། - ཆེད་རྩོམ།

མཧྰ་ཙི་ནའི་ལུགས་ཀྱི་སྐར་རྩིས་ཀྱི་གོ་དོན་གསལ་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.01.2015
ཆེད་རྩོམ། >>

 

 

༄༅།།མ་ཧཱ་ཙི་ནའི་རིང་ལུགས་ལས་འོངས་པའི་སྐར་རྩིས་ཀྱི་གོ་དོན་

གསལ་བར་བཤད་པ་ངོ་མཚར་རིག་པའི་འཕྲ་ཚོམ་

ཞེས་བྱ་བ་བཞུགས་སོ།།

མཁས་དབང་ཚེ་ཏན་ཞབས་དྲུང་ངམ་

འཇིགས་མེད་རིག་པའི་བློ་གྲོས་ཀྱིས་བརྩམས།

ཁོང་གི་གསུང་འབུམ་ལས་བཏུས།


༄༅། །ནམོ་གུརུ་མཉྗུ་གྷོཥཱཡ། དེ་ལ་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གདུལ་ཞིང་ཙི་ནའི་རྒྱལ་ཁམས་ཆེན་པོར་གཙུག་ལག་རྩིས་ལ་མཁས་པའི་སྐྱེས་མཆོག་གཞན་དྲིང་མི་འཇོག་པའི་དཔྱོད་རྩལ་ལྡན་པ་རིམ་བྱོན་རྣམས་ནས་སྐར་རྩིས་ཀྱི་རིག་པ་ངོ་མཚར་བ་གང་ཇི་སྙེད་ཅིག་གཏན་ལ་ཕབ་ན་ཡང༌། རང་རའི་བོད་ལ་རི་མོའི་ལག་ལེན་འགའ་ཙམ་ལས་མ་འགྱུར་བར་སྣང་ལ། གོ་དོན་གྱི་ངོས་ནས་མཁས་པའི་དབང་ཕྱུག་ཨ་ཀྱ་ཧོ་ཐོག་ཐུ་བློ་བཟང་བསྟན་པའི་རྒྱལ་མཚན་དང༌། བླ་བྲང་བཀྲ་ཤིས་འཁྱིལ་བའི་རྩིས་རམས་པ་ཐུབ་བསྟན་རྒྱ་མཚོ་དང༌། ཁམས་ཀྱི་འཇུ་མི་ཕམ་པ་ལྟ་བུས་ཀྱང་མགོ་འབུས་པ་ཙམ་རེ་བསྟན་ནས་སླན་ཆད་ཞིབ་པར་རྩད་གཅོད་དགོས་པར་གདམས་པ་རྗེས་སུ་བསྒྲུབ་པའི་ཆེད་དང༌། སྒོས་སུ་ཚུལ་འདི་ལ་མོས་པའི་ཆོས་མཐུན་གྲོགས་ཀྱི་དྭངས་མ་འགའ་ཟུང་གིས་ཡང་ཡང་ནན་སྐུལ་མཛད་པའི་ངོ་མ་ཆོག་པར་བརྟེན། ལར་རང་གིས་རྒྱ་ཡིག་ལ་ངོ་ཆོད་ཙམ་ལས་སྦྱངས་པ་ཞན་ན་ཡང༌། ལུགས་འདིར་སྦྱངས་པ་ཆེ་བའི་མཁས་པ་དག་དང་འབེལ་གཏམ་གླེང་མོའི་ཚུལ་གྱིས་གོ་དོན་གྱི་གནད་ལ་ཅུང་ཟད་ངེས་རྟོགས་བྱུང་བའི་ཁར། ཚུལ་དེ་ཉིད་སྟོན་པའི་ཡེ་གེ་དང་དཔེ་རིས་རྣམས་ལ་ནམ་ཁོམ་དུ་འདྲིས་པར་བྱས་པའི་རྐྱེན་དང་བཅས་རང་བློས་གང་སྤོབས་ཀྱིས་འདིར་ཉེ་བར་མཁོ་བའི་སྐར་རྩིས་ཀྱི་གོ་དོན་གལ་ཆེ་བ་འགའ་ཞིག་ཉུང་ངུའི་ཚིག་གིས་འགྲེལ་བ་ལ་བཞི།

དབུགས་སྒང་ཉེར་བཞི་དང་དུས་བཞི་བཤད་པ། ཟླ་ཤོལ་དང་དེ་འདོན་ཚུལ་བཤད་པ། ཉིན་ཞག་མ་དང་ཚེས་ཞག་མའི་ལོ་བརྩི་ཚུལ་འཕྲོས་དང་བཅས་པ་བཤད་པ། ཉི་ཟླ་གཟའ་འཛིན་འབྱུང་རྐྱེན་གྱི་གོ་དོན་བཤད་པའོ།།

 

དབུགས་སྒང་ཉེར་བཞི།

དང་བོ་ནི། སྤྱིར་མཉམ་གཉིས་དང༌། ལྡོག་གཉིས་ཀྱི་ཐ་སྙད་ནི་རྒྱ་ནག་ལས་གཞན་པའི་གླིང་སོ་སོའི་རྩིས་ཀྱི་རིག་པར་ཡང་འབྱུང་མོད། དབུགས་སྒང་ལྷག་མ་ཉི་ཤུ་ནི་ཙི་ནའི་ཐུན་མོང་མ་ཡིན་པའི་རྩི་ཚུལ་ལོ། །རྒྱ་ནག་རང་སྐད་དུ་དབུགས་ལ་ཅེ་ཆིས་དང༌། སྒང་ལ་ཀྲུང་ཆིས་ཟེར་ཞིང༌། ཅེ་ནི་ལྷུ་ཚིགས་ཀྱི་ཚིགས་དང༌། ཀྲུང་ནི་དབུས་སམ་དཀྱིལ་ཡིན་ལ། ཆིས་ཞེས་པའི་ཡི་གེ་འདིས་གནམ་དྭངས་འཐིབ་དང་དྲོ་འཁྱག་སོགས་གནམ་གཤིས་དང༌། དཔྱིད་དབྱར་སྟོན་དགུན་སོགས་ནམ་ཟླ་སྟོན་པས་རང་རེའི་ལོ་ཙཱ་བ་སྔ་མ་ཚོས་དབུགས་སུ་བསྒྱུར་བ་འདིས་ཀྱང་སྐབས་འདིར་གནམ་གཤིས་དང་ནམ་ཟླ་གཉིས་ཀ་ལ་གོ་དགོས་སོ། ། དེ་ཡང་དབུགས་སྒང་ནི་སའི་གོ་ལ་ཉི་མར་འཁོར་བའི་དབང་གིས་བཞག་པའི་ཉིན་ཞག་མའི་རྩིས་ལས་ཐོན་པ་ཡིན་གྱི། ཟླ་བ་སའི་གོ་ལར་འཁོར་བའི་དབང་གིས་བཞག་པའི་ཚེས་ཞག་མའི་རྩིས་ལས་ཐོན་པ་ནི་མིན་ནོ། །དབུགས་སྒང་སོ་སོའི་བར་དུ་ཞག་གྲངས་རགས་པར་ན་བཅོ་ལྔ་ཙམ་རེ་ཡོད་ནའང༌། ཞིབ་པར་ན་སེར་ལམ་གྱི་ཐོག་ཉི་མའི་བགྲོད་པའི་དལ་བྲེལ་མི་སྙམས་པ་དང༌། ཁྱད་པར་དགུན་ཉི་ལྡོག་གི་སྔ་ཕྱིར་ཉི་མའི་བགྲོད་པ་ཅུང་མྱུར་བས་དབུགས་སྒང་སོ་སོའི་བར་དུ་ཞག་བཅུ་བཞི་ལྷག་ཙམ་རེ་དང༌། དབྱར་ཉི་ལྡོག་གི་སྔ་ཕྱིར་དལ་བས་ཞག་བཅུ་དྲུག་ལྷག་རེ་འོང་བ་ཡིན། དབུགས་སྒང་གིས་ལོ་གཅིག་གི་རིང་ལ་ཉི་མ་གར་གནས་སྟོན་པར་བྱེད་ལ། དེའི་རྐྱེན་གྱིས་ས་ལ་དུས་བཞིའི་འགྱུར་བ་ཡང་འཆོལ་མེད་དུ་སྟོན་པས་ན་དུས་བཞི་མི་འགྱུར་གནད་ཀྱི་གཟེར་ཞེས་བྱ་ལ། སྐབས་ཚིགས་དེ་རེ་རེར་ཡང་དྲོད་བབས་དང་བད་ལྷུང་བ་སོགས་གནམ་གཤིས་ཀྱི་འགྱུར་བ་མི་འདྲ་བ་རེ་དང༌། ཁུ་བྱུག་གྲག་པ་དང་འབྲུག་སྐད་ཆག་པ་སོགས་ཐང་གཤིས་ཀྱི་འགྱུར་བ་མི་འདྲ་བ་རེ་འོང་ངོ༌། །ཙི་ནའི་རྒྱལ་རབས་སྔ་མ་རྣམས་སུ་དུས་གཟེར་འཕུད་ཐབས་ཀྱི་རྩིས་ལ་འདྲ་མིན་མང་བོ་ཞིག་བྱུང་ན་ཡང༌། ཐང་རྒྱལ་རབས་ནས་ད་ལྟའི་རྩི་ཚུལ་འདི་རྒྱུགས་ཆེ་བར་དར་རོ། །དེར་མ་ཟད་གནའ་དུས་ཕྱོགས་བརྟག་འཁོར་ལོའི་ཐུར་གྲིབ་ཀྱི་རིག་པས་དཔྱིད་མཉམ་དང་སྟོན་མཉམ་སོགས་དུས་གཟེར་ཉེར་བཞི་རྟོག་ཐབས་ཆེན་པོ་ཞིག་བཟོས་པ་ད་ལྟའང་ལོ་དབྱང་གྲོང་ཁྱེར་དང་ཉེ་བའི་གྲོང་རྡལ་ཞིག་ཏུ་ཡོད་སྐད་དོ། །དབུགས་སྒང་གཏན་ཕབ་བྱེད་ཡུལ་གྱི་ཡུལ་གྲུ་གཙོ་ཆེར་རྒྱ་ནག་ཡུལ་དབུས་ཀྱི་ཆ་ཧྭ་ཀྲུང་དང་ཧྭ་པེ་གཞིར་བྱས་ནས་བཟོས་པས་ན་དེ་དང་ཁད་རིང་བའི་སར་ཅུང་ཟད་མི་འཚམ་པ་རེ་འབྱུང་སྲིད་དོ། །སེར་ལམ་ཞེས་པ་ནི། སྐར་རྩིས་རིག་པའི་ཐ་སྙད་ཐུན་མོང་མ་ཡིན་པ་ཞིག་སྟེ། ཡིན་རྒྱུ་ནི་ཉི་མ་འཁོར་གཞི་བྱས་ནས་གོ་ལ་རྟག་པར་གཡོན་དུ་འཁོར་བ་དེ་ལ་གོ་ལའི་སྤྱི་འགྲོས་ཞེས་བྱ་ལ། མིག་ལམ་དུ་མཐོང་ཚུལ་ལྟར་ན་དེ་ལས་གོ་ལྡོག་ནས་ཉི་མ་གོ་ལར་སྐོར་བ་བྱེད་པ་ཞིག་ཏུ་འདྲ་བར་སྣང་བའི་ལམ་ཐིག་དེ་ལ་སེར་ལམ་ཞེས་སུ་བཏགས་སོ། །སེར་ལམ་ཟླུམ་པོར་འཁྲིལ་བའི་ལམ་ཐིག་དེ་རྟོག་བཟོས་ཆ་སུམ་བརྒྱ་དང་དྲུག་ཅུར་བགོ་བར་བྱ་ཞིང༌། ཆ་བཅོ་ལྔ་རེའི་མཚམས་སུ་དབུགས་སྒང་རེ་ཁེལ་བར་བྱས་ན། ཉི་མས་དེ་རྫོགས་པར་བགྲོད་པ་ལ་ལོ་གཅིག་དགོས་པ་ཡིན་ནོ། །དེ་ཡང་སེར་ལམ་གྱི་འགོ་འཛུགས་པའི་ཐིག་གི་སྟེང་དཔྱིད་མཉམ། དེ་ནས་ཆ་དགུ་བཅུའི་སྟེང་དབྱར་ཉི་ལྡོག དེ་ནས་ཆ་བརྒྱ་བརྒྱད་ཅུའི་སྟེང་སྟོན་མཉམ། དེ་ནས་ཆ་ཉིས་བརྒྱ་བདུན་ཅུའི་སྟེང་དགུན་ཉི་ལྡོག་འབྱུང་ཞིང༌། དེ་བཞིན་དུ་དབུགས་སྒང་ལྷག་མ་རྣམས་ཀྱང་རང་རང་གི་ཆ་གང་ཡིན་པ་དེ་ལ་ནམ་ཡང་དབང་བས་ན། དེའི་ཚུལ་ནི་རེའུ་མིག་ཏུ་བཀོད་ན་འཆད་བདེ་བས་འདི་ལྟར།

ཟླ་གྲངས།

དབུགས་སྒང་།

ཡུལ་ལོངས།

དང་པོའི་དབུགས།

དཔྱིད་ཚུགས།

༣༡༥

དང་པོའི་སྒང་།

ཁ་བ་ཆར་ལྡོག

༣༣༠

གཉིས་པའི་དབུགས།

སྲིན་འབུ་འགུལ།

༣༤༥

གཉིས་པའི་སྒང་།

དཔྱིད་མཉམ།

གསུམ་པའི་དབུགས།

གནམ་གསལ།

༡༥

གསུམ་པའི་སྒང་།

འབྲུའི་ཆར་འབབ།

༣༠

བཞི་པའི་དབུགས།

བྱ་གྲག

༤༥

བཞི་པའི་སྒང་།

ཆུ་བོ་རྒྱས།

༦༠

ལྔ་པའི་དབུགས།

ནག་རྩི་འདེབས།

༧༥

ལྔ་པའི་སྒང་།

དབྱར་ཉི་ལྡོག

༩༠

དྲུག་པའི་དབུགས།

ཚ་བ་ཆུང་།

༡༠༥

དྲུག་པའི་སྒང་།

ཚ་བ་ཆེ།

༡༢༠

བདུན་པའི་དབུགས།

སྟོན་ཚུགས།

༡༣༥

བདུན་པའི་སྒང་།

ཚ་བ་བྲི།

༡༥༠

བརྒྱད་པའི་དབུགས།

བད་དཀར།

༡༦༥

བརྒྱད་པའི་སྒང་།

སྟོན་མཉམ།

༡༨༠

དགུ་པའི་དབུགས།

བད་ནག

༡༩༥

དགུ་པའི་སྒང་།

བ་མོ་འབབ།

༢༡༠

བཅུ་པའི་དབུགས།

ཆུ་འཁྱག

༢༢༥

བཅུ་པའི་སྒང་།

ཁ་བ་ཆུང་།

༢༤༠

བཅུ་གཅིག་པའི་དབུགས།

ཁ་བ་ཆེ།

༢༥༥

བཅུ་གཅིག་པའི་སྒང་།

དགུན་ཉི་ལྡོག

༢༧༠

བཅུ་གཉིས་པའི་དབུགས།

གྲང་ངར་ཆུང་།

༢༨༥

བཅུ་གཉིས་པའི་སྒང་།

གྲང་ངར་ཆེ།

༣༠༠

 

ཉིན་ཞག་མའི་རྩིས་ལྟར་ན་ཉིན་ཤོལ་ཙམ་ལས་རྣམ་པ་ཀུན་ཏུ་ཟླ་ཤོལ་མི་འབྱུང་བས་ལོ་ལྟར་དུ་དབུགས་ཐོབ་སྒང་སླེབ་ཀྱི་དུས་ཧ་ལམ་མི་འགྱུར་ཏེ། ལོ་ཕྱེད་སྟོད་ཀྱི་དབུགས་ནི་ཟླ་རེའི་ཚེས་དྲུག་དང་སྒང་ནི་ཉེར་གཅིག་གོང་འོག་དང་། ལོ་ཕྱེད་སྨད་ཀྱི་དབུགས་ནི་ཚེས་བརྒྱད་དང་སྒང་ནི་ཉེར་གསུམ་གོང་འོག་ལ་འབབས་པས་ཡིད་ལ་འཛིན་སླའོ། །དེ་ཡང་ཙི་ནའི་རང་གཞུང་གི་བཤད་སྲོལ་ལྟར་ན་སའི་གོ་ལའི་དབྱིབས་ནི་ཟླམ་པོ་སྒོ་ང་ལྟ་བུ་སྟེ། དེ་ཆ་བཞིར་ཐིག་གིས་བགོས་པས་གྱེན་ཐུར་དུ་ཤར་མ་དང་ནུབ་མ་གཉིས་དང༌། འཕྲེད་དཀྱིལ་དུ་ལྷོ་མ་དང་བྱང་མ་གཉིས་སུ་དབྱེ་བ་ལས་ཀྲུང་གོའི་ཡུལ་གྲུ་ནི་གོ་ལ་ཤར་མའི་བྱང་ཕྱེད་མར་ཐེམས་པས། དེ་དང་བསྟུན་ཏེ་བརྩིས་ན་ལོ་གཅིག་ལ་ཞག་སུམ་བརྒྱ་རེ་ལྔ་དང་ཆུ་ཚོད་དྲུག་འབྱུང༌། ཚེས་ཞག་མ་ལྟར་ན་དཔྱིད་ཟླ་གསུམ་ལ་ཞག་དགུ་བཅུ་དང་ཆུ་ཚོད་བཅོ་བརྒྱད། དབྱར་ཟླ་ལ་ཞག་གོ་བཞི་དང་ཆུ་ཚོད་གཅིག སྟོན་ཟླ་ལ་ཞག་གོ་གཅིག་དང་ཆུ་ཚོད་ཉི་ཤུ། དགུན་ཟླ་ལ་ཞག་གྱ་བརྒྱད་དང་ཆུ་ཚོད་བཅོ་ལྔ་འབྱུང་ངོ༌། །ཉིན་ཞག་མ་ལྟར་ན། དཔྱིད་ལ་ཞག་གོ་གཉིས་དང་ཆུ་ཚོད་ཉེར་གཅིག དབྱར་ལ་ཞག་གོ་གསུམ་དང་ཆུ་ཚོད་བཅུ་བཞི། སྟོན་ལ་ཞག་གྱ་དགུ་དང་ཆུ་ཚོད་བཅོ་བརྒྱད། དགུན་ལ་ཞག་གྱ་དགུ་དང་ཆུ་ཚོད་གཅིག་ཡོད་དོ། །སའི་གོ་ལའི་བྱང་མ་དང་ལྷོ་མར་དུས་བཞི་མི་མཉམ་སྟེ། བྱང་མར་དབྱར་ཡིན་དུས་ལྷོ་མར་དགུན་དང༌། བྱང་མར་སྟོན་ཡིན་དུས་ལྷོ་མར་དཔྱིད་ཡིན་པའི་རིགས་པས་བྱང་མར་དགུན་ཡིན་དུས་ལྷོ་མར་དབྱར་དང༌། བྱང་མར་དཔྱིད་ཡིན་དུས་ལྷོ་མར་སྟོན་ཡིན་པའང་གོ་བར་སླའོ། །ལུགས་འདི་ལྟར་ན་འཛམ་གླིང་ཆེན་པོའི་གཞིར་དུས་བཞི་ཕྱི་བསྐྱེད་དང་ནང་བཅུམ་གྱི་རྣམ་པ་ལས་གཡས་གཡོན་དུ་འཁོར་བའི་རྣམ་པ་དེ་མི་འབྱུང་ངོ༌། །དེ་ཡང་མཉམ་གཉིས་དང་ལྡོག་གཉིས་ཀྱི་གོ་དོན་བཤད་པས་ལུགས་འདིའི་དུས་བཞིའི་གོ་དོན་ཤེས་པར་འགྱུར་བས་འདི་ལྟར། གོ་ལ་ཟླམ་པོ་སྒོ་ང་ལྟ་བུའི་འཕྲེད་དཀྱིལ་དུ་ཡིད་ཚོད་ཀྱིས་ཐིག་བཏབ་པ་ལ་དམར་ལམ་ཞེས་པའི་ཐ་སྙད་བཏགས་ནས། དམར་ལམ་གྱི་ཐིག་གི་སྟེང་ནས་ལྷོ་དང་བྱང་མཐར་ཐུག་པར་ཆ་བརྒྱད་ཅུ་རེ་བགོ་བར་བྱ་ལ། ཉི་འོད་དམར་ལམ་གོང་འོག་གི་ཆ་ཉེར་གསུམ་དང་ཕྱེད་ཀ་རེའི་བར་དུ་ཕར་ཚུར་འགྲོ་འོང་བྱེད་པ་ལས། རྟག་པར་དམར་ལམ་ཁོ་ནར་ཐད་དྲང་གིས་འཕྲོ་བ་ནི་མིན་ནོ། །ལྷོ་བྱང་གི་ཉི་འོད་ཕོག་པའི་ཚད་མཐར་ཐུག་གཉིས་ལ་བྱང་གི་ཉི་མ་ལྡོག་ཐིག་དང་ལྷོའི་ཉི་མ་ལྡོག་ཐིག་ཅེས་ཟེར་རོ། །དེའི་ཕྱིར་ལྷོ་ཕྱེད་དང་བྱང་ཕྱེད་དུ་འཕྲོ་བའི་སྐབས་ལོ་རིལ་བོར་ཉིན་གུང་གི་དུས་ཉི་མའི་མཐོ་དམའ་དང་ཡུལ་གྲུ་སོ་སོར་ཉིན་མཚན་གྱི་རིང་ཐུང་ཉིན་རེ་བཞིན་འཕེལ་འགྲིབ་བྱེད་དོ། །མཉམ་གཉིས་ཀྱི་དུས་སུ་ཉི་འོད་གོ་ལའི་དམར་ལམ་གྱི་ཐིག་དྲང་བོར་འབབས་པས་ན་གོ་ལའི་སྟེང་གི་ཡུལ་གྲུ་གང་དུ་ཡང་ཉིན་མཚན་གྱི་ཚད་མཉམ་པ་འབྱུང་ངོ༌། །ཉི་འོད་གོ་ལའི་བྱང་དུ་གཞོལ་ནས་བྱང་གི་ཉི་མ་ལྡོག་ཐིག་ཏུ་སླེབ་དུས་གོ་ལ་བྱང་ཕྱེད་མ་ཡོངས་རྫོགས་སུ་ཉིན་མོ་ཆེས་རིང་ཞིང་མཚན་མོ་ཆེས་ཐུང་བའི་དུས་ཀྱི་ཉིན་གུང་དེར་ཉི་མ་ཆེས་མཐོ་ཚད་དུ་རྒྱུ་ཞིང༌། དུས་དེ་ནི་དབྱར་ཉི་ལྡོག་ཡིན་པས་ན་རང་རེའི་གཞུང་ཆེན་མོ་རྣམས་སུ་རྒྱ་གར་ཉི་འོག་པ་ཞེས་ཟེར་བའི་གནད་དང་མཐུན་ཤས་ཆེའོ། །དེ་བཞིན་དུ་གོ་ལ་ལྷོ་ཕྱེད་ཀྱི་ལྷོའི་ཉི་མ་ལྡོག་མཚམས་སུ་ཉི་འོད་ཕོག་དུས་དགུན་ཉི་ལྡོག་འབྱུང་ཞིང༌། དེའི་ཉིན་གུང་དུ་ཉི་མ་ཆེས་དམའ་ཤོས་ན་རྒྱུ་བའང་ཤེས་སླའོ། །དེའི་ཕྱིར་ལྡོག་གཉིས་ཀྱི་བར་གྱི་ཡུན་ཚད་དེ་ལ་ལོ་གཅིག་ཏུ་བཞག་པ་ནི་རྩིས་རིག་གི་སྟེང་ནས་གཞལ་ན་ཆེས་ཡང་དག་པའི་ཡུན་ཚད་གཅིག་ཏུ་བལྟའོ།།

 

ཟླ་ཤོལ། 

གཉིས་པ་ཟླ་ཤོལ་དང་དེ་འདོན་ཚུལ་བཤད་པ་ནི། ལུགས་འདིའི་ཚེས་ཞག་མ་ལྟར་ན། ཟླ་བ་འཕེལ་འགྲིབ་ཀྱི་ཡུན་ཚད་གཅིག་ལ་ཚེས་ཟླ་གཅིག་གི་ཐ་སྙད་འདོགས་ཤིང༌། ཟླ་བ་འཕེལ་འགྲིབ་ཀྱི་ཡུན་ཚད་གཅིག་ལ་ཞག་ཉེར་དགུ་དང་ཆ་ཤས་བུག་མདའ་མཁའ་མེ་དབང་པོ་ ༥༣༠༥༩ ལས་མི་འབྱུང་བས་སྐབས་འགར་ཞག་ཉེར་དགུ་ཟླ་གཅིག་དང༌། སྐབས་འགར་ཞག་སུམ་ཅུ་ཟླ་གཅིག་ཏུ་བཞག་པ་ལ་ཆེ་ཟླ་དང་ཆུང་ཟླ་ཞེས་སུ་བཏགས་སོ། །གནམ་གང་ཡོད་མེད་ཅེས་པའི་ཐ་སྙད་ནི་རང་རེ་བོད་ལ་གྲགས་པ་ཙམ་ལས་ཙི་ནའི་ཐ་སྙད་དུ་མི་འབྱུང་ངོ༌། །དེ་འདྲེའི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་འཇོག་ཅིང་དེ་ལ་ཞག་སུམ་བརྒྱ་ང་བཞི་འབྱུང༌། དེ་ལྟར་བརྩིས་པས་ལོ་རེ་བཞིན་ཟླ་བ་བགྲོད་ཕྱོགས་ཀྱི་བར་སྣང་གི་གནས་ཡུལ་དང༌། དེའི་ལུགས་ཀྱི་ལོ་རྩིས་མཐུན་པར་འབྱུང་ན་ཡང༌། ཉི་མ་དང་གོ་ལའི་བར་སྣང་གི་གནས་ཡུལ་དང་གཤིབས་ཚེ་ལོ་རེར་ཉིན་ཞག་བཅུ་གཅིག་རེ་ལྷག་པོ་བྱུང་བས་ན་ཟླ་ཤོལ་མི་འདོན་ཀ་མེད་བྱུང་ངོ༌། །དེའི་ཕྱིར་ལོ་བཅུ་དགུའི་ནང་དུ་ཤོལ་ཟླ་བདུན་འདོན་པའི་ཐབས་བཟོས་ནས་ཉིན་རྩིས་དང་ཚེས་རྩིས་ཀྱི་བར་ཁྱད་དོ་མཉམ་པར་བྱེད་པ་ཡིན་ནོ། །དེ་ཡང་ཤོལ་ཟླ་འཕུད་པའི་ཐབས་དེ་གང་ཡིན་ཞེ་ན། གཙོ་བོ་དུས་གཟེར་ཉེར་བཞི་ལ་བརྟེན་པ་སྟེ། གོ་ལ་ཉི་མར་འཁོར་ཐེངས་གཅིག་ལ་ཆ་བཅུ་གཉིས་སུ་ཕྱེ་ན་ཉིན་ཞག་སུམ་ཅུ་དང་ཆ་ཤས་ཀླུ་རོ་མེ་ཆུ་ ༤༣༦༨ ཡོད་དོ། །འདི་ནི་གནམ་གང་ཡོད་པའི་ཟླ་བ་གཅིག་དང་འདྲ་ཤས་ཆེ་ན་ཡང་ཆ་ཤས་ཀླུ་རོ་མེ་ཆུས་ལྷག་པས་ན་རིང་བར་གྱུར། ཟླ་བ་འཕེལ་འགྲིབ་ཐེངས་གཅིག་ལ་ཉིན་ཞག་ཉེར་དགུ་དང་ཆ་ཤས་བུག་མདའ་མཁའ་མེ་དབང་བོ་ ༥༣༠༥༩ ཡོད་པས་གནམ་གང་ཡོད་པའི་ཟླ་བ་ཉིན་ཞག་སུམ་ཅུ་ཅན་ལས་ཆ་ཤས་མཚོ་བུག་རོ་ཆུ་ ༤༦༩༤ ཡིས་མ་ལོངས་བས་ན་ཉུང་བར་གྱུར། དེ་ནས་ཞག་ལྷག་གི་ཆ་ཀླུ་རོ་མེ་ཆུ་དང༌། ཞག་ཆད་ཀྱི་ཆ་མཚོ་བུག་རོ་ཆུ་གཉིས་བསྲེས་པས་ཞག་ཆ་མིག་རོ་མཁའ་བུག་ ༩༠༦༢ འབྱུང་བ་འདི་ལ་ཟླ་ཤོལ་ཟེར་ཞིང༌། དེ་བསགས་པས་ཚེས་ཟླ་སོ་གསུམ་ན་ཟླ་བ་རིལ་པོ་གཅིག་ལོངས་པས་དེ་ལ་ཤོལ་ཟླ་ཟེར། དེའི་ཕྱིར་ཟླ་ཤོལ་དང་ཤོལ་ཟླ་གཉིས་ཀྱི་ཁྱད་པར་ལ་དེ་ལྟ་བུ་ཡོད་དོ། །ཤོལ་ཟླ་དེ་གང་དུ་འགོད་པ་ལ་སྔོན་གྱི་རྒྱལ་རབས་རྣམས་སུ་མི་མཐུན་པ་དག་བྱུང་སྟེ་ཚིན་རྒྱལ་རབས་ཀྱི་སྔོན་ཙམ་ལ་ཟླ་ཤོལ་དེ་ལོ་མཇུག་ཏུ་བཞག་ནས། དེ་ལ་ཟླ་བ་བཅུ་གསུམ་པའི་མིང་འདོགས། དེ་ནས་ཧན་རྒྱལ་རབས་ཀྱི་སྟོད་ཀྱི་ཆར་ཤོལ་ཟླ་ནམ་བྱུང་བའི་ཚེ་ལོ་དེའི་དགུ་པའི་རྗེས་སུ་འགོད་དེ། དེ་ལ་དགུ་བ་ཕྱི་མ་ཟེར། དེ་ནས་ཧན་ཨུ་དྷི། ཐེ་ཕྲུའུ་ཁྲི་ལོ་དང་བོ་ནས་བཟུང་ཤོལ་ཟླ་དེ་ཟླ་བ་བཅུ་གཉིས་པོ་རེ་རེའི་ནང་དུ་བཀྲམ་ནས་འགོད། ཕྱིས་སུ་མན་ཆིན་རྒྱལ་རབས་ཀྱི་ཐོག་མ་ནས་ཟླ་བ་གང་ལ་སྒང་མེད་པ་དེ་ཤོལ་དུ་བྱས་ནས། རང་གི་གོང་དེ་མ་ཐག་གི་ཟླ་བ་དེའི་ཤོལ་དུ་བྱེད་དོ། །དེ་དག་ལས་རང་གི་ལུགས་སུ་གང་འདོད་ཅེ་ན། རྩིས་གཞུང་དུ་སྒང་སྔ་མ་གནམ་སྟོང་ལ་བབས་པ་དང༌། སྒང་ཕྱི་མ་ཚེས་གཅིག་ལ་ཤར་སྐབས། དེའི་བར་གྱི་ཟླ་བ་དེ་ལ་དབུགས་གཅིག་པུ་ལས་མེད་པས་ན་དེ་ནི་ཤོལ་ཟླ་ཞེས་བྱ་ལ། དེའི་ཕྱིར་ཤོལ་ཟླ་དེ་ནི་ཟླ་སྔོན་མའི་ཤོལ་དུ་རྩི་བར་རིགས་སོ་ཞེས་བཤད། ལག་ལེན་གྱི་ཚེ་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ་སྟེ་ཟླ་བ་འདི་དྲུག་བདུན་གང་རུང་ལ་ཤོལ་ཕུད་རིགས་ཏེ། དེའི་རྒྱུ་མཚན་ནི་དཔྱིད་མཉམ་ནས་སྟོན་མཉམ་བར་དུ་ཞག་བརྒྱ་གྱ་དྲུག་ལྷག་ཡོད་པས་ཉི་མའི་བགྲོད་པ་དལ་ཞིང་དུས་རིང་བས་ཟླ་ཤོལ་འདོན་རིགས་ཀྱི། སྟོན་མཉམ་ནས་ལོ་ཕྱི་མའི་དཔྱིད་མཉམ་བར་དུ་ཞག་བརྒྱ་དོན་དགུ་ཙམ་ལས་མེད་པས་དུས་དེར་ཉི་མའི་བགྲོད་པ་མྱུར་ཞིང་དུས་ཐུང་བས་ན་ཟླ་ཤོལ་འཕུད་མི་རིགས་པར་འདོད་དོ། །ལོ་བཅུ་དགུའི་ཡུན་ལ་ཤོལ་ཟླ་བདུན་འདོར་བའི་རིགས་པ་འདི་སྤྱི་ལོའི་སྔོན་ལོ་དྲུག་བརྒྱ་ལྷག་ཙམ་སྟེ། རང་རེའི་སྟོན་པ་འདས་ནས་ལོ་སུམ་བརྒྱའི་དུས་ཙམ་ནས་ཙི་ནའི་རྒྱལ་ཁམས་སུ་དར་བར་བཤད་དོ། །ཤོལ་ཟླ་བདུན་ཡང་ལོ་གཉིས་སམ་གསུམ་གྱི་ནང་དུ་གཅིག་དང༌། ལོ་བརྒྱད་ཀྱི་ནང་གསུམ་དང༌། ལོ་བཅུ་གཅིག་གི་ནང་བཞི་དང༌། ལོ་བཅུ་དགུའི་ནང་བདུན་བཏོན་པ་ན་ཉིན་ཚེས་གཉིས་དོ་མཉམ་པ་འབྱུང་ལ། ཤོལ་ཟླ་ཡོད་མེད་ཀྱི་རེའུ་མིག་ཏུ་ཕལ་ཆེ་བ་ནི་ལོ་གསུམ་པ། ལྔ་བ། བརྒྱད་པ། བཅུ་གཅིག་པ། བཅུ་བཞི་པ། བཅུ་དྲུག་པ། བཅུ་དགུ་བ་རྣམས་ལ་ཤོལ་ཟླ་ཡོད་ཤས་ཆེའོ། །ཟླ་བ་གང་ལ་ཇི་ལྟ་བུས་ཤོལ་འདོན་པ་ནི་རྩིས་ཀྱི་རིག་པའི་ལག་ལེན་གྱི་ནང་བཞིན་ཞིབ་མོར་གཏན་ལ་དབབ་དགོས་ཀྱི། སྣང་བ་གང་དྲན་གྱི་བྱར་མེད་དོ།།

 

ཉིན་ཞག་མ་དང་ཚེས་ཞག་མའི་ལོ་རྩིས། 

གསུམ་པ་ཉིན་ཞག་མ་དང་ཚེས་ཞག་མའི་ལོ་རྩིས་བརྩི་ཚུལ་འཕྲོས་དང་བཅས་པ་བཤད་པ་ལ་གཉིས་ལས། དངོས་དང་། འཕྲོས་པའི་དོན་ནོ། །དང་བོ་ལ་གསུམ། སྤྱིར་འཛམ་གླིང་དུ་ལོ་རྩིས་བརྩི་ཐབས་གྲགས་ཆེ་བ་རིགས་མི་འདྲ་བ་ག་ཙམ་ཡོད་པ་དང༌། ཙི་ནའི་རྒྱལ་ཁམས་ཀྱི་རྩིས་རིག་ལ་མཁས་པའི་ཤིང་རྟ་བ་ཆེན་པོ་རིམ་བྱོན་གྱི་ལག་རྗེས་ཆེ་ལོང་ཙམ་བརྗོད་པ་དང༌། ཉིན་ཞག་མའི་རྩིས་ཀྱི་མ་དག་པའི་ཆ་བསལ་ནས་དེ་འཛམ་གླིང་སྤྱིའི་ལོ་རྩིས་སུ་ཇི་ལྟར་སྒྱུར་བའི་འཆར་བསྟན་པའོ། །དང་བོ་ནི། དེ་ལ་འཛམ་གླིང་གི་རྒྱལ་ཁབ་རྣམས་སུ་སྔོན་དང་ད་ལྟར་རེ་ཞིག་པའམ་རྒྱུགས་ཆེ་བར་སྤྱོད་པའི་ལོ་རྩིས་ཀྱི་བྱེ་བྲག་མི་འདྲ་བ་ཅི་ཙམ་ཡོད་ཅེ་ན། སྤྱིར་གསལ་བའི་དབྱེ་བ་མཐའ་ཡས་ཀྱང༌། གྲགས་ཆེ་བ་བཅུ་དགུ་ཙམ་ཡོད་པ་ལས། འདིར་རེ་གཉིས་ཀྱི་འདོད་ཚུལ་འགོད་པར་འདོད་དོ། །དེ་ལ་ཐོག་མར་དབྱངས་ལིའི་ལོ་རྩིས་ཏེ་ཉིན་ཞག་མའི་ལོ་རྩིས་ནི། གཙོ་བོ་ཉི་མ་ལ་བརྟེན་ནས་བརྩིས་པ་སྟེ། དེ་ཡང་སའི་གོ་ལ་ཉི་མར་འཁོར་བའི་བགྲོད་པ་གཅིག་གི་ཡུན་ལ་ཞིབ་པར་ན་ཞག་སུམ་བརྒྱ་རེ་ལྔ༌། ཆུ་ཚོད་ལྔ། ཧྥེང་ཞེ་བརྒྱད། མེའོ་ཞེ་དྲུག་ཡོད་ནའང་ལོ་གཅིག་ལ་ཞག་སུམ་བརྒྱ་རེ་ལྔ་བྱས་པས་ན། ལོ་རེར་ཆུ་ཚོད་ལྔ་རྗེས་འབྲང་ཡོད་པ་བསགས་ནས་ལོ་བཞི་བ་ལ་ཞག་ཤོལ་གཅིག་འདོར་དགོས། དེ་ཡང་ཟླ་བ་གཉིས་པའི་མཐར་འདོན། ཟླ་བའི་ཆེ་ཆུང་ནི་གཏན་ལེ་སྟེ། དང་བོ། གསུམ་པ། ལྔ་བ། བདུན་པ། བརྒྱད་པ། བཅུ་པ། བཅུ་གཉིས་པ་རྣམས་ནི་ཆེ་ཟླ་སྟེ་ཞག་སོ་གཅིག་དང༌། བཞི་བ། དྲུག་པ། དགུ་བ། བཅུ་གཅིག་པ་རྣམས་ནི་ཆུང་ཟླ་སྟེ་ཞག་སུམ་ཅུ། གཉིས་པ་ལ་ཤོལ་མེད་དུས་ཞག་ཉེར་བརྒྱད་དེ་སྙོམས་ལོ་དང༌། ཤོལ་ཡོད་དུས་ཞག་ཉེར་དགུ་སྟེ་ལོ་དེ་ལ་ཤོལ་ལོ་ཞེས་ཟེར། ལུགས་འདི་ལ་ཟླ་བའི་ཉ་སྟོང་ཚེས་བཅོ་ལྔ་དང་སུམ་ཅུ་ལ་ཁེལ་བའི་ངེས་པ་མི་སྣང་ངོ་། །དབྱིན་དབྱངས་ལོ་རྩིས་ཏེ་ཉིན་ཚེས་སྦྲགས་པའི་ལོ་རྩིས་ནི། རྒྱའི་སྐད་དུ་དབྱིན་ཞེས་པ་ཐབས་ཏེ་ཟླ་བ་དང༌། དབྱངས་ཞེས་པ་ཤེས་རབ་སྟེ་ཉི་མ་ལ་གོ་དགོས་པས་ཐབས་ཤེས་སམ་གདགས་སྲིབ་བམ་ཉི་ཟླའི་བརྡའོ། །དེ་ལ་ཚེས་ཞག་མའི་རྩིས་ནི་ཟླ་བ་ལ་བརྟེན་པ་སྟེ། ཟླ་བ་འཕེལ་འགྲིབ་ཀྱི་བགྲོད་པ་གཅིག་ལ་ཞག་ཉེར་དགུ། ཆུ་ཚོད་བཅུ་གཉིས་ཧྥེང་ཞེ་བཞི་ཡིན་པས་དེ་ལ་ཟླ་བ་གཅིག་ཏུ་བཞག དེ་ལྟར་ན་ལོ་རེར་ཞག་གསུམ་བརྒྱ་ང་བཞིའམ་ཞག་སུམ་བརྒྱ་ང་ལྔ་འབྱུང་བས་ཆེ་ཟླ་ཡིན་ཚེ་སུམ་ཅུ་དང༌། ཆུང་ཟླ་ཡིན་ཚེ་ཉེར་དགུ་ཡིན། ལོ་གསུམ་གྱི་བར་ནས་ཤོལ་ཟླ་གཅིག་དོར་ནས་དུས་གཟེར་ཉེར་བཞི་དང་མཐུན་པར་བྱེད་དགོས་པས་ན་ཉིན་ཚེས་སྦྲགས་མ་ཡིན་གྱི་ཚེས་ཞག་རྐྱང་བ་མིན་ནོ། །འདི་ལྟར་རྩི་བའི་སྲོལ་ནི། ཙི་ནའི་ཞ་རྒྱལ་རབས་ཀྱི་དུས་ནས་དར་བ་སྟེ་དེའི་རྒྱལ་རབས་ཀྱི་ཐོག་མ་ནི་སྤྱི་ལོའི་སྔོན་ལོ་ཉིས་སྟོང་བརྒྱ་དང་ལྔ་ནས་ཚུགས་པར་བཤད་དེ་ད་ལྟ་ཡན་ལ་ལོ་བཞི་སྟོང་བརྒྱ་དང་རེ་བདུན་འདས་པས་བདག་ཅག་གི་སྟོན་པ་མ་འཁྲུངས་པའི་གོང་རོལ་ཞིག་གོ །

མཐུན་པ་གསུམ་གྱི་ལོ་རྩིས་ནི། ཙི་ནའི་ཧན་རྒྱལ་རབས་དུས་སུ་གཏན་ལ་ཕབ་ནས་མན་ཆིན་ཁང་ཞི་བདེ་སྐྱིད་རྒྱལ་པོའི་ཁྲི་ལོ་ཉེར་གསུམ་བར་དུ་དར་ཞིང་རྒྱས་པ་ཞིག་སྟེ། དེ་ཡང་ཞག་ཉེར་དགུ་རྗེས་འབྲང་ལ་ཟླ་གཅིག་དང༌། ལོ་སྔ་མའི་དགུན་ཉི་ལྡོག་ནས་ལོ་རྗེས་མའི་དགུན་ཉི་ལྡོག་བར་གྱི་ཞག་གྲངས་དུ་ཡོད་ལ་སཱུས་ཞེས་(ལོ་ཙཱ་བ་སྔ་མ་ཚོས་འདི་ལོ་འཕོའི་ཞག་ཏུ་བསྒྱུར་འདུག)དང༌། ཤོལ་ཟླ་བདུན་དང་བཅས་པའི་ལོ་བཅུ་དགུ་ངོ་འཁོར་བ་ལ་ཟླ་བ་དབང་མེ་ཟུང་ ༢༣༥ ཡོད་པས་དེ་ལ་ཀྲང་ཞེས་ཟེར། ཀྲང་གྱ་གཅིག་ལ་ཐུན་ཞེས་པ་དང༌། ཐུན་གསུམ་ལ་ཡོན་ཞེས་པའི་ཐ་སྙད་འདོགས། ཡོན་གཅིག་གམ་ཐུན་གསུམ་འཁོར་བའི་རྗེས་སུ། སླར་ཡང་མགོ་ཟླའི་ཡར་ངོའི་ཚེས་གཅིག་གི་ཉི་ཁམས་ཤིང་བྱིར་བབས་པའི་ཉིན་གྱི་མགོ་འཛུགས་ནམ་གུང་ཅུང་ཟད་ཀྱང་མ་ཡོལ་བའི་དུས་སུ་དགུན་ཉི་ལྡོག་འཆར་བས་ན། ཉིན་གྱི་ཐོག་མ་ནམ་གུང་དང༌། ཟླ་བའི་ཐོག་མ་ཚེས་གཅིག་དང༌། ལོའི་ཐོག་མ་དགུན་ཉི་ལྡོག་ནས་འཛིན་པའི་རྒྱུ་མཚན་འདི་ལ་ཐུག་ཅིང༌། ཐུན་གསུམ་ཞེས་པའི་མིང་ཡང་དེའི་གནད་ཀས་ཐོགས་སོ། །དེའི་ཕྱིར་རང་རེའི་ནག་རྩིས་མཁན་པོ་འགའ་ཞིག་གི་ཡི་གེར། རྒྱའི་ལུགས་ལ་མགོ་ཟླ་ནས་ལོ་མགོ་འཛིན་པ་མི་འཐད་པའི་རྒྱུ་མཚན་དུ། བོད་རྒྱལ་ཁྲི་སྲོང་དུས་སུ་རྒྱ་ལ་ལོ་གསར་གྱི་དུས་འཐབ་པར་བྱེད་ཅེས་ཆད་བསྒྲིགས་པ་ལས་བོད་ཀྱིས་མགོ་ཟླ་བར་ལོ་གསར་སྔ་བསྣུར་བྱས་ནས་རྒྱ་ཕམ་པར་མཛད་པ་ལས་དེའི་སྒྲོས་བྱུང་བ་ཡིན་སོགས་ཟེར་བ་ལ་ཁུངས་རྣམ་དག་ཡོད་མེད་བཙལ་དགོས་སོ།། ཐེན་ལིའི་ལོ་རྩིས་ནི། མན་ཆིན་ཞན་ཧྥང་རྒྱལ་པོ་ཁྲི་ལོ་གཉིས་པ་ནས་ཐུང་ཀྲི་རྒྱལ་པོ་ཁྲི་ལོ་བདུན་པའི་བར(སྤྱི་ལོ་༡༨༥༢-༡༨༦༨)དུ་འབྲི་ཆུའི་ལྷོ་འགྲམ་ནན་ཅིན་གྱི་རྒྱལ་ཕྲན་ཐེ་ཕིན་ཐེན་གོ་ཞེས་པའི་རྩིས་སྲོལ་ཏེ། དེའི་ལུགས་ལ་ལོ་གཅིག་ལ་ཞག་སུམ་བརྒྱ་རེ་དྲུག། ཟླ་བ་བཅུ་གཉིས་ལས་ཡ་ཟླ་རྣམས་ལ་ཞག་སོ་གཅིག་དང༌། ཆ་ཟླ་རྣམས་ལ་ཞག་སུམ་ཅུ། ཉ་སྟོང་ལ་མི་བལྟ་ཞིང་དུས་ཐུང་ནང་དུ་ཟླ་ཤོལ་མི་འདོན། དུས་གཟེར་ཉེར་བཞི་ལས་དཔྱིད་ཚུགས། གནམ་དྭངས། མྱུར་འདེབས། སྟོན་ཚུགས། བད་ནག ཁ་བ་ཆེ་རྣམས་ལ་ཉིན་བཅུ་དྲུག་ཡོད་པ་ལས་གཞན་ཀུན་ལ་ཉིན་བཅོ་ལྔ་རེ་དང༌། དབུགས་རྣམས་ཟླ་བ་སོ་སོའི་ཚེས་གཅིག་ལ་ཐོབ་པ་དང༌། སྒང་རྣམས་ཚེས་བཅུ་དྲུག་དང་ཚེས་བཅུ་བདུན་གང་རུང་ན་ཡོད་པ་དང༌། ལོ་བཞི་བཅུ་རེའི་མཚམས་སུ་ཟླ་ཤོལ་གཅིག་འདོན་དགོས་པས། ལོ་དེར་ཟླ་བ་སོ་སོར་ཞག་སོ་གསུམ་རེ་བྱས་པས་ལོ་གཅིག་ལ་ཞག་སུམ་བརྒྱ་གོ་དྲུག་ཡིན། དེ་ལྟར་ན་ལོ་རེར་ཆ་སྙོམས་ལྟར་ན་ཞག་སུམ་བརྒྱ་རེ་དྲུག་ལྷག་ཙམ་འབྱུང་བས། ཉི་མའི་ཁྱིམ་ལོངས་ལས་ཞག་གཅིག་གིས་མང་བའི་སྐྱོན་ཡོད་དོ། །རྒྱ་གར་གྱི་ལོ་རྩིས་ནི། རྒྱལ་པོ་དང་དམངས་ལ་གྲགས་པའི་རྩིས་ལ་ལུགས་ཐ་དད་པ་དུ་མ་སྣང་ན་ཡང༌། ཆོས་མངོན་པ་སོགས་ལས་གསུངས་པ་ནི་འདི་ལྟར། ཚེས་ཞག་དང༌། ཉིན་ཞག་དང༌། ཁྱིམ་ཞག་གི་དབང་དུ་བྱས་པ་གསུམ་ལས། ཟླ་བའི་དཀར་ཆ་འཕེལ་བའི་ཆ་བཅོ་ལྔ་དང༌། འགྲིབ་པའི་ཆ་བཅོ་ལྔ་སྟེ་སུམ་ཅུའི་ཆ་གཅིག་ལ་ཚེས་ཞག་གཅིག་དང༌། ད་ནང་ནམ་ལངས་པ་ནས་སང་གི་ནམ་ལངས་པའི་བར་ནི་ཉིན་ཞག་གཅིག་དང༌། ནམ་མཁའི་གོ་ལར་ཁྱིམ་བཅུ་གཉིས་འཁོར་མོར་ཡོད་པའི་ཁྱིམ་རེ་རེར་ཆ་སུམ་ཅུར་བགོས་པའི་ཡུལ་ལོངས་ལ་ཉི་མས་བགྲོད་ཡུན་གཅིག་ལ་ཁྱིམ་ཞག་གཅིག་ཏུ་བྱེད་དོ། །དེ་ཡང་ཞག་ལ་ཉིན་ཞག་དང༌། ཟླ་བ་ལ་ཚེས་ཟླ་དང༌། ལོ་ལ་ཁྱིམ་ལོ་དབང་བཙན་པས་ཁྱིམ་ཉིན་ཚེས་གསུམ་ཕན་ཚུན་བལྟོས་པ་ཅན་ནོ། །འདུལ་ལུགས་ལྟར་ན་ལོ་མགོ་ནི་མགོ་ཟླ་བ་ནས་འཛིན་ཅིང༌། དེ་ཡང་མར་ངོ་སྔོན་འགྲོ་ཡིན་པས་ཧོར་ཟླ་ལྟར་ན་བཅུ་བའི་བཅུ་དྲུག་ཡིན། སྐར་མའི་དབང་གིས་མར་ངོ་སྔོན་འགྲོ་དང༌། རབ་འབྲིང་ཐ་ཆུང་དབང་གིས་ཡར་ངོ་སྔོན་འགྲོ་བྱེད་སྐབས་ཀྱང་ཡོད་དོ། །ཟླ་བའི་ཡར་ངོ་ལ་དཀར་ཕྱོགས་དང༌། མར་ངོ་ལ་དམར་ཕྱོགས་ཞེས་བྱ་ཞིང༌། ཚེས་རེ་རེ་ལ་དགའ་བཟང་རྒྱལ་སྟོང་རྫོགས་ལྔས་དབྱེ་བས་ཡར་ངོའི་ཚེས་གཅིག་ནི་དཀར་ཕྱོགས་ཀྱི་དགའ་བ་དང་བོ་དང་ཚེས་སུམ་ཅུ་ནི་དམར་ཕྱོགས་ཀྱི་རྫོགས་པ་གསུམ་པ་སྟེ། དེས་གཞན་ལ་རིགས་བསྒྲེའོ། །ཧོར་ཟླའི་མགོ་ཟླ་སོགས་ཡ་ཟླ་ནི་ཞག་ཉེར་དགུ་དང༌། རྒྱལ་ཟླ་སོགས་ཆ་ཟླ་ནི་ཞག་སུམ་ཅུར་འདོད་དོ། །ཉིན་ཞག་ལ་རྣམ་པ་ཀུན་ཏུ་ཡུད་ཙམ་སུམ་ཅུ་ལོངས་ཤིང༌། ཚེས་ཞག་ལ་ཡུད་ཙམ་ཕྱེད་དང་སུམ་ཅུ་ལས་མེད། ཡུད་ཙམ་རེ་ལ་དབྱུག་གམ་ཆུ་ཚོད་གཉིས་རེ་ཡོད། དེ་འདྲེའི་ཆུ་ཚོད་རེ་ལ་ད་ལྟ་ཕྱི་གླིང་དང་རྩི་ནའི་རྩི་སྲོལ་ལྟར་གྱི་ཆུ་ཚོད་འཁོར་ལོའི་ཧྥེང་ཉེར་བཞི་རེ་ཡོད། མཛོད་ལས། ནམ་ཕྱེད་ཉི་མ་ནུབ་པ་དང༌། །ཉི་མ་ཕྱེད་དང་འཆང་དུས་གཅིག །ཅེས་གསུངས་པའི་གནད་ཀྱིས་སྔ་དྲོ་དང་ཕྱི་དྲོ་སོགས་ཀྱི་ཁྱད་ཙམ་ལས་གླིང་བཞིར་དཔྱིད་མཉམ་ཉིན་གཅིག་ལ་འབྱུང་བ་བཞིན་དུ་སྟོན་མཉམ་དང་ལྡོག་གཉིས་ཀྱང་དེས་རིགས་བསྒྲེའོ། །ཤོལ་འདོན་ཚུལ་ལ་འདུལ་བར་སྔར་བཅས་ལྟར་ན་ལོ་དྲུག་དྲུག་གི་མཐར་འདོན་པ་དང༌། རྗེས་བཅས་ལྟར་ན་ཡུལ་གྱི་རྒྱལ་པོའི་རྗེས་སུ་འབྲང་དགོས་པར་གསུངས་སོ། །ཙི་ནའི་ཟོའེ་དང་ཐང་གི་རྒྱལ་རབས་ཀྱི་དུས་སུ་སྐར་རྩིས་ལ་མཁས་པའི་རྒྱ་གར་གྱི་པཎྜིཏ་སྔ་ཕྱིར་རྒྱ་ནག་ཏུ་བྱོན་ནས་བྲམ་ཟེའི་རྩིས་གཞུང་མང་དུ་བསྒྱུར་བར་བཤད་ལ། བྲམ་ཟེ་ཞེས་པས་བྲམ་ཟེའི་གཞུང་རྐྱང་བ་ཡིན་པའི་ངེས་པ་མི་འདུག་སྟེ། བྲམ་ཟེའི་སྐད་དོད་བྲཧྨཎ་ལ་རྒྱས་ཟུར་ཆག་ནས་པོ་ལོ་མན་ཟེར་ཞིང༌། གནའ་དུས་རྒྱ་ནག་ཏུ་པོ་ལོ་མན་ཞེས་པ་རྒྱ་གར་སྤྱིའི་མིང་དུ་གྲགས་པའི་ཕྱིར་རོ། །གང་ལྟར་རྒྱ་གར་གྱི་རྩིས་གཞུང་བསྒྱུར་བ་དེ་དག་གི་ལེགས་ཆས་ཙི་ནའི་རྩིས་རིག་བརྒྱན་པར་གཟུར་གནས་མཁས་པས་ཞལ་གྱིས་འཆེའོ། །གཞན་ཡང་རྒྱུ་སྐར་ཉེར་བརྒྱད་ཀྱི་མིང་དང་ངོས་འཛིན་རྒྱ་དཀར་ནག་གཉིས་ཀར་ཡོད་མཉམ་པ་ལས། ཐོག་མར་གང་ནས་བྱུང་ཕྱོགས་གཉིས་ཀྱི་མཁས་པས་ད་སྔ་ལོ་བརྒྱ་ཕྲག་གི་རིང་རྩོད་པའི་གཞིར་གྱུར་བར་གྲགས་ན་ཡང༌། སྔོན་གྱི་གླེང་གཞི་རྣམས་སུ་རྒྱ་གར་གྱི་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་དང༌། རི་དྭགས་འཛིན་གྱི་མ་ས་ག་སོགས་སྐར་མ་དེ་དང་དེར་སྐྱེས་པའི་མིང་ཅན་མང་དུ་བྱུང་བ་དང༌། ཉི་མའི་སྙིང་པོའི་མདོ་སོགས་རྒྱལ་བའི་བཀའ་ལས་བསྐལ་བ་ཡ་ཐོག་གི་དྲང་སྲོང་རྔ་བོང་གིས་རྒྱུ་སྐར་ནམ་མཁའ་ལ་བཀོད་པའི་སྔོན་བྱུང་སོགས་གསལ་བར་གསུངས་པའི་ཕྱིར་གཞན་ལ་རག་ལས་མི་དགོས་པའི་གནས་འདི་ལ་རྩོད་པའི་གཞི་མེད་དམ་སྙམ་མོ། །ད་ལྟ་རྒྱ་ནག་གི་གྲངས་རྩིས་རིག་པར་འབྲི་བཞིན་པའི་ཨ་རབས་ཀྱི་ཨང་ཀི་ཞེས་གྲགས་པ་འདིའི་ཁུངས་ཀྱང་རྒྱ་གར་ལ་ཐུག་པར་བཤད་དེ། རྒྱ་ནག་ཏུ་གནའ་དུས་གྲངས་རྩིས་རིག་པར་འབྲི་བའི་གྲངས་ཡིག་ནི་ཧ་ཅང་སྟབས་མི་བདེ་ལ། ཕྱིས་སུ་ཨ་རབས་ཀྱི་ཨང་ཡིག་གཅིག་ནས་དགུའི་བར་དང༌། ཐིག་གི་མཚོན་དོན་སྒོར་ཐིག་འབྲི་སྲོལ་འདི་དར་བ་ནས་བཟུང་ཤིན་ཏུ་སྟབས་བདེར་གྱུར་བར་བཤད་དོ། །འོ་ན་ད་ལྟ་དར་སོ་ཆེ་བའི་ཨང་ཀི་འདི་ལ་ཨ་རབས་ཀྱི་ཨང་ཀི་ཟེར་དོན་གང་ཡིན་ཞེ་ན། གནའ་དུས་ཨ་རབས་ཀྱི་མིས་རྒྱ་གར་གྱི་ཨང་ཡིག་བསླབས་ནས་རང་ཡུལ་དུ་ལོག་པ་ན་རྒྱ་གར་གྱི་ཨང་ཀི་ཞེས་ཟེར་ལ། ཨ་རབས་ནས་རིམ་གྱིས་ཡོ་རུབ་གླིང་དུ་ཨང་ཀི་དེ་དར་བ་ན་ཡོ་རུབ་ཀྱི་མིས་ཨ་རབས་ཀྱི་ཨང་ཀི་ཞེས་རྗོད་པར་བྱེད་དོ་ཞེས་རྒྱའི་ཡི་གེ་ལས་བྱུང་བ་ཤིན་ཏུ་ཡིད་ཆེས་པའི་གཏམ་མོ། །དེ་བཞིན་དུ་བོད་ཀྱི་ཨང་ཀི་འབྲི་སྲོལ་འདི་ཡང་རྒྱ་གར་ལས་འོངས་པ་ཉིད་དེ། རང་རེའི་སྔོན་གྱི་ལོ་ཆེན་ཞྭ་ལུ་ཆོས་སྐྱོང་བཟང་བོ་ཡབ་སྲས་ཀྱི་ཨང་ཀིའི་ཕྱག་བྲིས་དངོས་སུ་མཇལ་བ་ན། ད་ལྟའི་ཨ་རབས་ཀྱི་ཨང་ཚུགས་དང་དབྱིབས་སོ་མཐུན་པའི་ཕྱིར་རང་རེའི་བོད་ཀྱི་བྲིས་རྒྱུན་གྱི་ཨང་ཡིག་འདི་རིམ་གྱིས་ཅུང་ཟད་ཚུགས་འགྱུར་བར་སྣང་ཡང་རྗེས་སུ་དཔོག་གོ །ཨ་རབས་ནི་དུས་འཁོར་ལས་བསྟན་པའི་མ་ཁའི་ཡུལ་ཁོར་ཡུག་དང་བཅས་པ་སྟེ་ཁ་ཆེའི་སྟོན་པ་མོཧམྨདའི་སྐྱེ་ཡུལ་རྒྱ་ནག་གི་སྐད་དུ་ཨ་ལ་པེ་ཟེར་བ་དེའོ། །འདི་དག་འཕྲོས་བཤད་ལྟ་བུར་སྣང་ཡང་མཁས་པ་དགྱེས་པའི་གཟིགས་མོ་རེ་ཡོད་སྲིད་དམ་སྙམ་མོ། །

གངས་ལྗོངས་བོད་ཀྱི་ལོ་རྩིས་ནི། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་སུ་རྒྱ་བཟའ་ཀོང་ཇོ་སྔ་ཕྱི་རྣམ་གཉིས་ཀྱིས་རྩིས་ཡིག་མང་བོ་བསྣམས་འོངས་ནསབསྒྱུར་བར་བྱས་པ་དང༌། སྒྲ་སྦྱོར་བམ་གཉིས་སུ། རྟའི་ལོ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཕོ་བྲང་འོན་ཤང་རྡོ་ན་བཞུགས། ཞེས་པས་མཚོན་བསམ་ཡས་དཀར་ཆག་སྦ་བཞེད་དང་ལྷ་སའི་རྡོ་རིང་རྣམས་སུ་ལོ་སྐོར་བཅུ་གཉིས་ཀྱི་མིང་རེ་མང་བྱུང་བ་དང༌། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྡོམ་ཚིག་ཏུ། རྟ་བྱ་བྱི་བ་ཡོས་ལ་ཤོལ། །སྟོན་དགུན་དཔྱིད་དབྱར་འབྲིང་པོ་གཉིས། །ཞེས་བོད་རྒྱལ་བོའི་ལུགས་ལ་ཟླ་ཤོལ་ཇི་ལྟར་འདོན་པའི་སྡོམ་གནང་བ་སོགས་ལ་དཔགས་ན་ཙི་ནའི་རྩིས་ལ་ཆ་བཞག་ནས་ལོ་རྩིས་མཛད་དམ་སྙམ་མོ། །དེ་ནས་ཕྱིས་སུ་འཁྲུལ་བྲལ་ཕུག་པའི་ལུགས་ཀྱི་སྟོན་པ་ཤཱཀྱའི་དབང་པོ་འདས་ནས་ལོ་ཆིག་སྟོང་དགུ་བརྒྱ་དང་བརྒྱད་ལོན་པ། རབ་བྱུང་དང་བོའི་མེ་ཡོས་ལོར་(སྤྱི་ལོ་༡༠༢༧)དཔལ་དུས་ཀྱི་འཁོར་ལོའི་རྒྱུད་བོད་དུ་བསྒྱུར་བ་ནས་བཟུང་དུས་འཁོར་ལ་བརྟེན་པའི་སྐར་རྩིས་རིམ་གྱིས་དར་བར་བྱས་སོ། །དེ་ལྟར་ན་དུས་འཁོར་ལུགས་ཀྱི་ལོ་དག་ནི་སངས་རྒྱས་ཀྱི་བསྟན་རྩིས་དང་རབ་བྱུང་སྦྱར་ནསབརྩི་ཞིང༌། དེ་ཡང་ནག་རྩིས་པའི་ལོ་རྒན་དྲུག་ཅུའི་ཐོག་མ་ཤིང་བྱི་དང༌། རབ་བྱུང་གི་ཐོག་མ་མེ་ཡོས་ཡིན་ཡང་ཕྱི་མ་དབང་བཙན་པར་གྲངས་མཚུངས་ཀྱིས་ལྟོ་སྦྱར་ནས་ལོ་རྒན་དྲུག་ཅུ་རབ་བྱུང་རེར་བརྩིས་པས་རབ་བྱུང་ཐོག་མ་ཚུགས་པ་ནས་ལོ་དགུ་བརྒྱ་སོ་ལྔ་འདས་པ་ད་ལྟར་རབ་བྱུང་བཅུ་དྲུག་པའི་བགྲངས་བྱ་སོ་དྲུག་པ་ཆུ་ཕོ་སྟག་གི་ལོ་ཡིན། རབ་བྱུང་དེ་དག་བརྗོད་བདེ་བའི་ཕྱིར་མཁས་པ་རྣམས་ནས་མ་བགྲོས་རང་འཆམ་ཚུལ་གྱིས་རབ་བྱུང་བཅུ་གཅིག་པ་ལ་རབ་དྲག་རབ་བྱུང་བཅུ་གཉིས་པ་ལ་རབ་ཉི། བཅུ་གསུམ་པ་ལ་རབ་འདོད། བཅུ་བཞི་པ་ལ་རབ་ཡིད། བཅོ་ལྔ་བ་ལ་རབ་ཚེས། བཅུ་དྲུག་པ་ལ་རབ་རྒྱལ་སོགས་སུ་བཏགས་པ་ལྟར། འབྱུང་འགྱུར་གྱི་རབ་བྱུང་བཅུ་བདུན་པ་ལ་ཉན་ས་ནས་གསུངས་པའི་དགེ་སྦྱོང་གི་རྒྱན་བཅུ་བདུན་དང་གྲངས་སྦྱར་བའི་རབ་རྒྱན་དང༌། རབ་བྱུང་བཅོ་བརྒྱད་པ་ལ་བུ་སྟོན་རིན་པོ་ཆེའི་མཁས་པ་དགའ་བྱེད་དུ་གསུངས་པའི་མཚན་མ་ངན་པ་བཅོ་བརྒྱད་དང་གྲངས་སྦྱར་བའི་རབ་སྐྱོན་དུ་བཏགས་ན་འོས་འགབ་ཡོད་དམ་སྙམ་ཞིང༌། དེ་ཕན་ཆད་ཀྱི་རབ་བྱུང་བཅུ་དགུ་བ་དང་ཉི་ཤུ་བ་སོགས་ལ་དེ་ལྟ་བུའི་མངོན་བརྗོད་ཀྱི་གྲངས་བརྗོད་བདེ་བ་ཞིག་མ་བྱུང་ཕྱིན་རབ་བྱུང་བཅུ་དགུ་བ་དང་ཉི་ཤུ་བ་ཞེས་པ་ལས་མིང་ཟུར་བ་ཞིག་མེད་ཀྱང་མི་འགལ་ཏེ། རབ་བྱུང་དང་བོ་ནས་བཅུ་བའི་བར་ལ་དེ་འདྲའི་ཐ་སྙད་སྦྱར་བ་སྔོན་གྱི་ཡི་གེ་རྣམས་སུ་མ་མཐོང་བའི་ཕྱིར་ཕྱིས་འབྱོན་རྩིས་རམས་པ་རྣམསཐུགས་བག་ཕབ་པར་རིགས་སོ། །ནམ་མཁའི་གོ་ལར་ཁྱིམ་བཅུ་གཉིས་པདྨ་འདབ་མ་བཅུ་གཉིས་ཀྱི་ཚུལ་དུ་ཡོད་ངོར་བགོས་པའི་ཁོངས་སུ་གྲོ་བཞིན་བྱི་བཞིན་སྐར་ཁོངས་གཅིག་ཏུ་བརྩིས་ནས་རྒྱུ་སྐར་ཉེར་བདུན་གཡས་སྐོར་དུ་འཁོད་པ་ལ་ཉི་མ་རང་འགྲོས་ཀྱིས་ལུག་ཁྱིམ་ལ་ནམ་སླེབས་པའི་ཉིན་དེ་ནས་ལོ་འགོ་ཚུགས་པ་དང༌། དེ་ཡང་ནག་པ་ཟླ་བའི་ཡར་ངོ་ལ་ཁྱིམ་དུ་སླེབས་ན་ཡར་ངོ་སྔོན་འགྲོ་དང༌། མར་ངོ་ལ་ཁྱིམ་དུ་སླེབས་ན་མར་ངོ་སྔོན་འགྲོར་བྱེད་དོ། །ལོ་ཟླ་ཞག་གསུམ་རེ་རེར་ཡང་ཁྱིམ་ཞག་ཉིན་ཞག་ཚེས་ཞག་གསུམ་གྱིས་དབྱེ་བའི་ཞག་གསུམ་གྱི་ལྔ་བསྡུས་གཟའ་ལྔ་སོགས་ཤིན་ཏུ་རྒྱ་ཆེ་ཞིང༌། ལོ་རྩིས་ལ་གཙོ་ཆེར་ཚེས་ཞག་མ་གཞིར་བྱས་བཟུང་བ་ལ་ཚེས་ཟླ་ཕྱེད་དང་སོ་གསུམ་གྱི་མཐར་ཟླ་ཤོལ་རེ་བཏོན་པས་ཉིན་ཚེས་དོ་མཉམ་པ་གཙིགས་སུ་འཛིན་པར་བྱེད་དོ། །གཟའི་རྐང་བའི་ལོངས་སྤྱོད་ཀྱི་དབང་གིས་ཚེས་ལ་ཆད་ལྷག་རྩི་བ་དང༌། ལྔ་བསྡུས་སྒྲ་གཅན་གཟའ་ལྔའི་ལོངས་སྤྱོད་རྣམས་ཞིབ་པར་བརྩིས་ནས་སྐར་ཁྱིམ་གར་སླེབ་གཏན་ལ་འབེབས་སོ། །ཧོར་ཟླ་ཞེས་པའི་ཐ་སྙད་དེ་གང་ལས་བྱུང་ཞེ་ན། ཧོར་ཇིང་གིར་རྒྱལ་པོ་ཆིང་གི་སེས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་པ་ལོ་གསར་གྱི་ཟླ་བར་བཟུང་བ་ནས་མཆུ་ཟླ་བ་དེ་ཟླ་བ་དང་བོར་བྱེད་པའི་སྲོལ་རྒྱ་བོད་ཧོར་གསུམ་དུ་དར་བར་གྱུར་པ་ལས། བོད་རང་གཞུང་གི་རྩིས་ལ་ནི་ཧོར་ཟླ་ཞེས་པའི་ཐ་སྙད་དགོས་དོན་མེད་དོ། །དེར་མ་ཟད་བུ་སྟོན་ཐམས་ཅད་མཁྱེན་པས། ཀྱེ་མ་གངས་ཅན་ཁྲོད་འདི་ན། །མཁན་སློབ་ཁྱིམ་པས་བྱེད་པ་དང༌། །སྡོམ་པ་གཏོར་མས་ལེན་པ་དང༌། །དུས་གོ་ཧོར་ཟླས་བྱེད་པ་མང༌། །ཞེས་དགེ་ཚུལ་སློང་གི་སྡོམ་པའི་དུས་གོ་བརྗོད་སྐབས་ཧོར་ཟླའི་མིང་གིས་སྨོས་ན་འདུལ་མངོན་དང་མི་མཐུན་པའི་ཕྱིར་འཁྲུལ་བར་གསུངས་སོ། །ཕྱི་དུས་ཀྱི་འཁོར་ལོའི་ཚུལ་ལ་མ་སྦྱངས་པར་སྐར་རྩིས་རྒྱ་མཚོ་ཆེན་པོའི་འཇིང་ལ་མུན་པའི་འདོམ་འཇལ་བྱེད་འདོད་པ་ནི་ཆེས་བཞད་གད་ཀྱི་གནས་སོ། །འདིར་བོད་རྩིས་ཀྱི་འགངས་ཙམ་བཀོད་པ་ལས་རྒྱས་པར་གཞན་དུ་བལྟའོ། །ཧོར་ལུགས་ཀྱི་ལོ་རྩིས་ནི། ཁ་ཆེའི་སྟོན་པ་མོཧམྨདས་བཟོས་པ་སྟེ་དེ་ལ་ཚེས་ཞག་མ་དང་ཉིན་ཞག་མ་གཉིས་ལས་དང་བོ་ནི། ཟླ་བའི་ཉ་སྟོང་ཚར་གཅིག་ལ་ཟླ་བ་གཅིག་དང༌། དེ་བཅུ་གཉིས་ལ་ལོ་གཅིག ཡ་ཟླ་ལ་ཞག་སུམ་ཅུ་དང༌། ཆ་ཟླ་ལ་ཞག་ཉེར་དགུ་སྟེ་ལོ་རིལ་བོར་ཞག་སུམ་བརྒྱ་ང་བཞི་དང༌། ཉ་སྟོང་ཚར་བཅུ་གཉིས་ལ་ཉིན་ཞག་སུམ་བརྒྱ་ང་བཞི་དང་ཆུ་ཚོད་བརྒྱད། ཧྥེང་ཞེ་བརྒྱད། མེའོ་སོ་བཞི་ཡིན་ཞིང་ཟླ་ཤོལ་ནམ་ཡང་མི་འདོན་པས་ལོ་རེར་ཆུ་ཚོད་བརྒྱད་རྗེས་འབྲང་ལྷག་པོ་འབྱུང་བས་ན་ལོ་གསུམ་ལ་ཞག་གཅིག་ལྷག ལོ་སུམ་ཅུ་རིང་ལ་ཞག་ཤོལ་བཅུ་གཅིག་སྣོན་དགོས་པས་ལོ་སུམ་ཅུའི་ལོ་གཉིས་པ། ལྔ་པ། བདུན་པ། བཅུ་པ། བཅུ་གསུམ་པ། བཅུ་དྲུག་པ། བཅོ་བརྒྱད་པ། ཉེར་གཅིག་པ། ཉེར་བཞི་བ། ཉེར་དྲུག་པ། ཉེར་དགུ་བ་རྣམས་ལ་ཞག་ཤོལ་འདོན་དགོས། དེ་ཡང་ཟླ་བཅུ་གཉིས་པའི་ནང་འདོན་པས་ཤོལ་གྱི་ལོ་དེར་ཞག་སུམ་བརྒྱ་ང་བཞི་ཡིན་པ་ལས། ལོ་བྱིངས་རྣམས་གོང་སྨོས་ལྟར་ཞག་སུམ་བརྒྱ་ང་བཞི་རེ་ཡིན་ནོ། །རྒྱ་ནག་གི་ཡི་གེ་འགར། རང་རེའི་མེ་མཁའ་རྒྱ་མཚོའི་སྔོན་གྱི་ལོ་ཞེ་གསུམ་པ་ལྕགས་གླང་སྟེ་སྤྱི་ལོ་༥༨༡པར་ཧོས་ལུགས་སྐར་རྩིས་ཀྱི་ལོ་མགོ་ཚུགས། ཞེས་པའི་བཤད་ཚུལ་གཅིག་དང༌། ཡང་རྒྱའི་ཡི་གེ་འགར། མེ་མཁའ་རྒྱ་མཚོའི་སྔོན་གྱི་ལོ་གསུམ་པ་ཆུ་རྟ་ལ་ཧོས་ལུགས་ཀྱི་བསྟན་རྩིས་ཚུགས། ཞེས་འབྱུང་སྟེ་ཕྱི་མ་ལྟར་ན་བརྟག་པར་བྱ་བ་འདི་ཡོད་དེ། དུས་འཁོར་ལས་རིགས་ལྡན་བཅུ་བ་རྒྱ་མཚོ་རྣམ་རྒྱལ་ཁྲི་ལ་ཕེབས་པའི་ལོ་དེར་ཀླ་ཀློའི་སྟོན་པ་སྦྲང་རྩིའི་བློ་གྲོས་མ་ཁར་བཞུགས་ནས་ཀླ་ཀློའི་ཆོས་སྟོན་ཅིང་མུ་སྟེགས་པའི་བྱེད་རྩིས་བརྩམས་པར་གསུངས། ལོ་དེ་ནི་མེ་མཁའ་རྒྱ་མཚོའི་ཐོག་མ་ཤིང་སྤྲེལ་ཡིན་ཞིང༌། སྤྱི་ལོ་ལྟར་ན་དྲུག་བརྒྱ་ཉེར་བཞིའི་ལོ་ཡིན། ཧོས་ལུགས་ཀྱི་འདས་ལོ་ཕྱི་མ་ནི་འདི་ལས་ལོ་གཉིས་ཀྱིས་སྔ་བ་ཆུ་རྟ་སྟེ་སྤྱི་ལོ་དྲུག་བརྒྱ་ཉེར་གཉིས་ལོ་ཡིན་པས་དེ་གཉིས་ཀྱི་ལོ་ཁྱད་གཉིས་ཙམ་ལས་མི་རྒྱུགས་པ་འདི་ནི་མཚར་བོ་ཞིག་སྟེ། ལོ་དེ་གཉིས་ཁད་ཤིན་ཏུ་ཉེ་བས་ན་འབབ་སོ་ངེས་པར་གཅིག་ཡིན་པར་སྣང༌། འོན་ཀྱང་ལོ་གཉིས་ཀྱི་ཁྱད་བྱུང་བ་ནི། མོཧམྨད་བྲོས་བཤོལ་གྱི་ལོ་དང༌། དེས་བྱེད་རྩིས་བརྩམས་པའི་ལོ་གཉིས་ལ་སྔ་འཕྱི་བྱུང་བའམ། འཕགས་ཡུལ་ལས་བོད་དུ་བསྒྱུར་བ་དང༌། མ་ཁ་ལས་རྒྱ་ནག་ཏུ་བསྒྱུར་བའི་བར་གྱི་འགྱུར་སྐྱོན་ཞིག་གམ། རྒྱུ་མཚན་གཞན་ཡོད་ད་དུང་ཞིབ་མོའི་བློས་དཔྱད་པར་བྱའོ། །ལུགས་འདིའི་ཚེས་རྩིས་ཉིན་རྩིས་དང་གཤིབས་ན། ལོ་རེ་བཞིན་བཅུ་གཅིག་ཙམ་གྱིས་ཉུང་བས་ན་སྤྱི་ལོ་༡༩༥༨ལོར་ཧོས་ལུགས་ཀྱི་ལོ་གསར་བདུན་པའི་བཅོ་བརྒྱད་ཉིན་ཡིན་པ་ལ། ༡༩༥༩ ལོར་བདུན་པའི་ཚེས་བདུན་ཉིན་ལོ་གསར་ཡིན་ཞིང༌། དེ་བཞིན་དུ་ལོ་རེ་བཞིན་ལོ་མགོ་ཕྱི་ནུར་བྱེད་པའི་གནད་ཀྱང་འདི་ལ་ཐུག་གོ །དེ་ལྟར་ན་ཚེས་ཞག་མའི་རྩིས་ནི་གཙོ་བོར་ལོ་རྒྱུས་དང་ཆོས་ཀྱི་ཕྱོགས་སུ་མཁོའོ། །སོ་ནམ་ཞིང་ལས་ལ་མཁོ་བའི་ཉིན་ཞག་མའི་རྩིས་ཀྱི་ལོ་མགོ་ནི། དཔྱིད་མཉམ་ནས་འཛིན་པདང་། དེ་ཡང་ཉི་མ་ཁྱིམ་བཅུ་གཉིས་དང་སྦྱར་བས་ལུག་གླང་འཁྲིག་སེང་བུ་མོའི་ཁྱིམ་ཅན་གྱི་ཟླ་བ་རྣམས་ལ་ཞག་སོ་གཅིག་དང༌། ཀརྐ་ཊའི་ཁྱིམ་ཟླ་ལ་ཞག་སོ་གཉིས། སྲང་སྡིག་བུམ་ཉའི་ཁྱིམ་ཟླ་ལ་ཞག་སུམ་ཅུ། གཞུ་དང་ཆུ་སྲིན་གྱི་ཁྱིམ་ཟླ་ལ་ཞག་ཉེར་དགུ་སྟེ་དྲིལ་བས་ཉིན་ཞག་སུམ་བརྒྱ་རེ་ལྔ་འབྱུང༌། དེ་ལྟར་ན་ལོ་བརྒྱ་དང་ཉེར་བརྒྱད་ཀྱི་རིང་ལ་ཉིན་ཞག་སོ་གཅིག་འདོན་དགོས་ཤིང༌། ཤོལ་བྱུང་བའི་ལོ་དེར་ཉ་ཁྱིམ་ནང་དུ་ཞག་ཤོལ་འདོན་ནོ། །དེ་ལྟར་ནའང་ལོ་ཁྲི་ཕྲག་གཅིག་གི་མཚམས་སུ་ཞག་གཅིག་གི་བར་ཁྱད་འབྱུང་བའི་སྐྱོན་བཤོལ་དུ་མེད་དོ། །མེ་ཞི་གོའི་ལོ་རྩིས་ནི། ལོ་གཅིག་ལ་ཟླ་བ་བཅོ་བརྒྱད་དང་ཟླ་བ་རེ་ལ་ཞག་ཉི་ཤུ་དང་གཟའ་འཁོར་ལྔ་རེ། གཟའ་འཁོར་རེ་ལ་ཞག་ལྔ་རེ་ཡིན། ལོ་མཇུག་ཏུ་གཟའ་འཁོར་ལྷག་པ་གཅིག་བསྣན་ནས་ལོ་གཅིག་ལ་གཟའ་འཁོར་དོན་གསུམ་དང་ཉིན་ཞག་སུམ་བརྒྱ་རེ་ལྔ་ཡིན། ལོ་བརྒྱ་དང་བཞི་ཡི་རིང་ལ་ཉིན་ཤོལ་ཉེར་ལྔ་འདོན་ཏེ་སུ་དང་ཡང་ཐུན་མོང་མ་ཡིན་པའི་རྩིས་ཤིག་གོ །

གཉིས་པ་ཙི་ནའི་རྒྱལ་ཁམས་ཀྱི་རྩིས་རིག་ལ་མཁས་པའི་ཤིང་རྟ་བ་ཆེན་པོ་རིམ་བྱོན་གྱི་ལག་རྗེས་ཆེ་ལོང་ཙམ་བརྗོད་པ་ནི། ཤར་ཕྱོགས་ཙི་ནའི་ཡུལ་གྲུར་སྔོན་བྱོན་རྩིས་ལ་མཁས་པའི་སློབ་དཔོན་མང་ན་ཡང་གྲགས་ཆེ་བ་ནི་སྔ་ཕྱིར་བཅོ་བརྒྱད་བྱོན་སྐད། དེ་དག་གིས་རྩིས་རིག་ཇེ་ཞིབ་ཏུ་བཏང་བ་དང༌། མ་དག་པ་སེལ་བ་དང༌། སྔོན་མེད་རིག་པའི་འཕྲུལ་བཀྱེས་པ་སོགས་རེ་རེས་ཀྱང་རྨད་དུ་བྱུང་བའི་ཕྱག་རྗེས་ཡ་མཚན་པ་ཅི་རིགས་བཞག་གདའ། དེ་ཡང་འདིར་རེ་གཉིས་ཀྱི་ཕྱག་རྗེས་མཚོན་ཙམ་སྨོས་ན། སྤྱི་ལོའི་སྔོན་ལོ་བརྒྱ་མ་ལོངས་ཙམ་གྱི་དུས་དེར་ལོ་རྩིས་དང་ནམ་ཟླ་འཆུགས་པའི་སྐབས། རྩིས་མཁན་ཏིང་ཕུན་གྱིས་ཟླ་རེའི་ཞག་གྲངས་ཉེར་དགུ་དང༌། ཆ་ཤས་གྱ་གཅིག་གི་ཞེ་གསུམ་ཡོད་པ་གཏན་ལ་ཕབ་སྟེ་ལོ་རྩིས་དག་པར་བཅོས་པ་དང༌། སྤྱི་ལོ་གྱ་ལྔ་བར་ལིས་ཧྥན་གྱིས་གཟའ་ལྷག་པའི་དཀྱིལ་འཁོར་གྱི་ཞག་གྲངས་བརྒྱ་བཅོ་ལྔ་དང་ཆ་ཤས་གྱ་བདུན་དུ་གཏན་ལ་ཕབ་པ་དེ་དེང་རབས་ཀྱི་ཞག་བརྒྱ་བཅོ་ལྔ་དང་ཆ་ཤས་གྱ་བརྒྱད་དང་ཧ་ཅང་ཉེ་བ་སོགས་བཟོས་པ་དང༌། སྤྱི་ལོ་བརྒྱ་བཅུ་དྲུག་ཙམ་གྱི་དུས་ཀྲང་ཧང་ཞེས་རྩིས་ལ་ཧ་ཅང་བློ་རྣོ་བ་ཞིག་གིས་ཟླ་དཀྱིལ་ལ་ཉི་འོད་ཕོག་མ་ཕོག་གི་ཆ་གཉིས་ཡོད་པ་དང༌། སྐར་ཁྱིམ་སུམ་བརྒྱ་ཉི་ཤུ་ལ་སྐར་གྲངས་ཉིས་སྟོང་ལྔ་བརྒྱ་ཡོད་པ་དང༌། ཤའི་མིག་གིས་མཐོང་འོས་པའི་རིམ་དྲུག་སྐར་གྲངས་ཉིས་སྟོང་ལྔ་བརྒྱ་ལྷག་ཡོད་པ་རྣམས་རྟོགས་པ་དང༌། སེར་ལམ་དང་དམར་ལམ་གྱི་འདྲེས་མཚམས་ལ་ཆ་ཉེར་བཞི་དང༌། གོ་ལ་རིལ་པོའི་ཟླུམ་ཚད་ལ་ཆ་སུམ་བརྒྱ་རེ་ལྔ་དང་བཞི་ཆ་གཅིག་ཏུ་བགོས་པའི་སྟེང་ཉི་ཟླ་གཟའ་ལྔ་རྒྱུ་སྐར་ཉེར་བརྒྱད་བཅས་བཀོད་པ་ཆུ་ལ་བརྟེན་ནས་བསྐོར་ཚེ་ནམ་མཁའི་གོ་ལ་དང་མཐུན་པར་འཁོར་བའི་གོ་ལའི་གཟུགས་དབྱིབས་ཀྱི་འཕྲུལ་ཆས་ཤིག་བཟོས་པ་དང༌། རླུང་གི་རྒྱུ་ཕྱོགས་བརྟག་པ་དང༌། ས་འགུལ་བརྟག་པའི་འཕྲུལ་ཆས་སོགས་བཟོས་པ་ནི་དུས་དེར་ཆེས་ངོ་མཚར་བའི་རིག་འཕྲུལ་དུ་རྩིའོ། །སྤྱི་ལོ་ཉིས་བརྒྱ་ཉེར་བདུན་དུས་སུ་དབྱང་ཝེས་ཉི་མའི་བགྲོད་ལམ་ལ་སེར་ལམ་དང༌། ཟླ་བའི་བགྲོད་ལམ་ལ་དཀར་ལམ་ཞེས་ཁྱད་ཕྱེ་ནས། དེ་ལ་ལོ་རེར་འགྱུར་བ་ཡོད་པ་རྟོགས་པ་དང༌། གཟའ་འཛིན་བྱུང་བའི་རྐྱེན་ཡང་ཡང་དཔྱད་པའི་མཐར་ངེས་པ་རྣམ་དག་རྙེད་པ་སོགས་ངོ་མཚར་བའི་གཏམ་མང་དུ་ཡོད་དོ།།

གསུམ་པ་ཉིན་ཞག་མའི་རྩིས་ཀྱི་མ་དག་པའི་ཆ་བསལ་ནས་དེ་འཛམ་གླིང་སྤྱིའི་ལོ་རྩིས་སུ་ཇི་ལྟར་བསྒྱུར་བའི་འཆར་བསྟན་པ་ལ་གསུམ། ཉིན་ཞག་མའི་ལོ་རྩིས་ཇི་ལྟར་དར་ཚུལ་དང༌། དེ་ལ་མ་དག་པའི་ཆ་ཇི་ལྟར་ཡོད་པ་དང༌། དེ་འཛམ་གླིང་སྤྱིའི་ལོ་རྩིས་སུ་སྒྱུར་བའི་འཆར་བསྟན་པའོ། །དང་བོ་ནི། གོང་དུ་བཤད་པའི་དབྱང་ལིའི་ལོ་རྩིས་སམ་ཉིན་ཞག་མའི་ལོ་རྩིས་དེ་ལ་ད་ལྟ་ལུགས་གསར་གྱི་ལོ་རྩིས་ཞེས་གྲགས་ལ། དེའི་ཟླས་དྲངས་པའི་རང་རེའི་ཁ་ལ་བྱང་བའི་ལུགས་རྙིང་གི་ལོ་རྩིས་ནི་གོང་དུ་བཤད་པའི་ཞ་རྒྱལ་རབས་ཀྱི་ལོ་རྩིས་ཡིན་ནོ། །དེས་ན་འདིར་བཤད་པ་ལ་སྐབས་སུ་བབ་པའི་ཉིན་ཞག་མའི་ལོ་རྩིས་དེ་ད་ལྟ་འཛམ་གླིང་དུ་ཧ་ཅང་དར་ཆེ་བས་དེ་ཐོག་མར་ཇི་ལྟ་བུས་དར་བ་ཡིན་ཞེ་ན། བརྗོད་པར་བྱ་སྟེ། སྤྱི་ལོ་མ་ཚུགས་པའི་གོང་རོལ་དུ་ཡོ་རུབ་གླིང་གི་རོ་མ་རྒྱལ་ཁབ་ཏུ་ཉིན་ཚེས་སྦྲགས་པའི་རྩིས་བཀོལ་བ་དེ་ཇི་སྲིད་ཅིག་ན་ཤིན་ཏུ་འཁྲལ་འཁྲུལ་ཅན་དུ་གྱུར། དེ་ནས་རྩིས་མཁན་མཁས་པ་ཞིག་གིས་སྤྱི་ལོ་༣༢༣ ལོར་རྩིས་བཅོས་ནས། ལོ་གསུམ་ལ་བསྟུད་མར་ཞག་སུམ་བརྒྱ་རེ་ལྔ་དང༌། དེ་ནས་ལོ་བཞི་བ་ལ་ཞག་སུམ་བརྒྱ་རེ་དྲུག་ཏུ་བྱས་ནས་ལོ་དེ་ལ་ཤོལ་ལོ་ཞེས་མིང་གིས་བཏགས། དེའི་ཚེ་དཔྱིད་མཉམ་ནི་ལོ་རེའི་གསུམ་པའི་ཉེར་གཅིག་ལ་ཁེལ་བར་བཟོས་སོ། །དེ་ལྟར་བྱས་ཀྱང་ལོ་བརྒྱ་ཉེར་བརྒྱད་ཀྱི་མཚམས་སུ་ཞག་གཅིག་ལྷག་པའི་སྐྱོན་སེལ་མ་ཐུབ་པར་ལུས། དུས་དེར་རྩིས་སྲོལ་འདི་ཡེ་ཤུ་སྐྱབས་སུ་འཛིན་པའི་རྒྱལ་ཁབ་ཕལ་ཆེར་གྱིས་ཚད་མར་བྱེད། སྤྱིར་ཉི་མ་དཔྱིད་མཉམ་གྱི་ཚངས་ཐིག་ཏུ་སླེབས་ནས་ཕྱི་ལོར་ཚངས་ཐིག་དེར་སླེབས་པའི་ཡུན་ཚད་དམ་སའི་གོ་ལ་ཉི་མར་འཁོར་བའི་འགྲོས་རྫོགས་པའི་ཚད་ཡང་དག་པ་ནི། ཙི་ནའི་ཟླ་མེད་པའི་རྩིས་མཁན་ཀོ་ཧྲོའུ་ཅིན་གྱིས་སྤྱི་ལོ་ཆིག་སྟོང་ཉིས་བརྒྱ་གྱ་གཅིག་ལོར་ངེས་རྟོགས་བྱུང་བ་ལྟར་ན། ཉིན་ཞག་མདའ་དུས་མེ་༣༦༥དང་ཆ་ཤས་དེ་ཉིད་ཡུལ་༢༤༢༥ཏེ་ཆུ་ཚོད་ལྔ༌། ཧྥེང་ཞེ་བརྒྱད། མེའོ་ཞེ་དྲུག་ཡིན་ལ། རོ་མ་རྒྱལ་ཁབ་ཀྱི་རྩིས་ལྟར་ན་ཞག་མདའ་དུས་མེ་དང༌། ཆུ་ཚོད་དྲུག་ཁ་འགྲིག་ཡིན་པས་དེའི་བར་ཁྱད་དུ་ཧྥེང་བཅུ་གཅིག་དང་མེའོ་བཅུ་བཞི་རྒྱུགས། དེའི་ཕྱིར་རོ་མའི་རྩིས་ལ་ནོར་བ་ཆེན་པོ་མེད་པ་ལྟར་སྣང་ཡང༌། ལོ་བརྒྱ་ཉེར་བརྒྱད་ཀྱི་མཐར་ཞག་གཅིག་ལྷག་པས་ན་ལོ་དེར་དཔྱིད་མཉམ་ཚེས་ཉི་ཤུ་ལ་བབས། སྐྱོན་དེ་བསགས་པས་སྤྱི་ལོ་ཆིག་སྟོང་ལྔ་བརྒྱ་གྱ་གཉིས་ལོར་དཔྱིད་མཉམ་གསུམ་པའི་བཅུ་གཅིག་ལ་བབས་པས་ལོ་རྩིས་དང་དུས་གཟེར་བར་ཁྱད་ཉིན་ཞག་བཅུ་ཡིས་འཆུགས། སྐབས་དེར་རོ་མ་རྒྱལ་ཁབ་ཀྱི་རྒྱལ་པོ་ཀེ་ལི་ཁྲི་རབས་བཅུ་གསུམ་པས་རྩིས་མཁན་རྣམས་བཀས་བསྡུས་ནས་ལོ་དེའི་བཅུ་པའི་ཚེས་བཞིའི་རྗེས་ནས་ཞག་ལྷག་བཅུ་ལྟོས་མེད་དུ་དོར་ཏེ་ཚེས་བཅོ་ལྔ་རུ་བསྣུར་ནས་རྩིས་དག་པར་བཅོས་པ་དེ་ལ་གོང་མ་དེའི་མིང་གི་དྲས་པའི་ཀེ་ལིའི་ལོ་རྩིས་ཞེས་སུ་གྲགས། སྤྱི་ལོ་དེ་ནས་བཟུང་ཡེ་ཤུ་སྐྱབས་སུ་འཛིན་པའི་རྒྱལ་ཁབ་རོ་མ། དབྱི་ཏ་ལིས། ཧྥ་རན་སི་སོགས་ཀྱིས་བཀོལ་བ་དང༌། སྤྱི་ལོ་ཆིག་སྟོང་བདུན་རྒྱ་ང་ལྔ་ལོ་ནས་དབྱིན་གོ་དང༌། ཆིག་སྟོང་བརྒྱད་བརྒྱ་དོན་གསུམ་ལོ་ནས་རི་པང་དང༌། ཆིག་སྟོང་དགུ་བརྒྱ་བཅུ་གཉིས་ལོ་ནས་རང་རེའི་ཀྲུང་གོ་རྒྱལ་ཁབ་དང༌། ཆིག་སྟོང་དགུ་བརྒྱ་བཅོ་བརྒྱད་ལོ་ནས་སུའུ་ལེན་གྱིས་བཀོལ་བའི་མཐར་ད་ལྟ་འཛམ་གླིང་ཡོངས་རྫོགས་ཀྱིས་བཀོལ་བར་གྲགས་སོ།།

 

གཉིས་པ་དེ་ལ་མ་དག་པའི་ཆ་ཇི་ལྟར་ཡོད་ཚུལ་བཤད་པ་ནི། ཀེ་ལིའི་ལོ་རྩིས་དེར་ལོ་སུམ་སྟོང་སུམ་བརྒྱ་ཉེ་ཤུའི་མཐར་ཉིན་གཅིག་གིས་འཆུགས་པའི་སྐྱོན་ཤིན་ཏུ་ཕྲ་མོ་ཙམ་ཞིག་ལས་སྐྱོན་གཞན་མེད་སྙམ་ན། ཞིབ་པར་བརྟགས་ན་ད་དུང་སྐྱོན་བག་རེ་ཡོད་དེ། ལོ་གཅིག་གི་ཆ་སྙོམས་ཞག་གྲངས་དང་ཉི་མར་བགྲོད་ཡུན་གྱི་ལོ་གཉིས་ཇི་མ་ཇི་བཞིན་པར་དོ་མི་མཉམ། ལོ་གཅིག་གི་དུས་གཟེར་རྣམས་ཀྱི་ཡུན་ཚད་མི་འདྲ་ཞིང་ལོ་སྟོད་སྨད་ཀྱི་ཞག་གྲངས་མི་མཉམ། ཟླ་བ་སོ་སོའི་ཞག་གྲངས་ལ་རིགས་བཞི་ཡོད་པས་ཟླ་བའི་རིང་ཐུང་མི་མཉམ། ལོ་རེ་དང་ཟླ་རེ་ལ་གཟའ་འཁོར་འཆར་ཚད་མི་མཐུན། ཟླ་བ་དང་བོའི་ཚེས་གཅིག་གང་ལ་ཁེལ་བའི་ཉིན་དེ་ལོ་མགོར་བཟུང་བ་ལ་རིགས་པ་དང་མངོན་སུམ་གང་གིས་ཀྱང་སྒྲུབ་བྱེད་སྟོན་མི་ཐུབ་ཕྱིར་རོ། །དང་བོ་གྲུབ་སྟེ། སའི་གོ་ལ་ཉི་མར་འཁོར་བའི་ཡུན་ཚད་ལས། ཀེ་ལིའི་ལོ་རྩིས་ཀྱི་ལོའི་ཡུན་ལ་མེའོ་ཉེར་དྲུག་གིས་ཉུང་བའི་ཕྱིར། གཉིས་པ་གྲུབ་སྟེ། དཔྱིད་ཟླ་ལ་ཞག་གོ་གཉིས། དབྱར་ལ་ཞག་གོ་གསུམ། སྟོན་དགུན་གཉིས་ལ་ཞག་གྱ་དགུ་རྗེས་འབྲང་བཅས་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། ཟླ་བ་ལ་ལོ་ཤོལ་གྱི་དུས་སུ་གཉིས་པར་ཞག་ཉེར་དགུ་དང༌། རྒྱུན་དུ་ཞག་ཉེར་བརྒྱད། ཟླ་བ་གཞན་པར་ཞག་སུམ་ཅུ་དང༌། སོ་གཅིག་ཅན་ཏེ་རིགས་བཞི་ཡོད་པའི་ཕྱིར། བཞི་བ་གྲུབ་སྟེ། དཔེར་ན་ད་ལོའི་དང་བོའི་ཚེས་གཅིག་ལ་གཟའ་ཉི་མ་ཡིན་ན་ཕྱི་ལོའི་ཉིན་དེར་གཟའ་དེ་ཁེལ་བའི་ངེས་པ་མེད་པའི་ཕྱིར། ལྔ་བ་གྲུབ་སྟེ། ལོ་རེའི་ལོ་མགོ་ཚུགས་པའི་ཉིན་དེར་དགུན་ཉི་ལྡོག་གམ་དཔྱིད་ཉིན་མཚན་མཉམ་པ་ལྟ་བུའི་དུས་གཟེར་གྱི་ཐོག་མ་དང་ཁེལ་དཀའ་བའི་ཕྱིར།

 

གསུམ་པ་དེ་འཛམ་གླིང་སྤྱིའི་ལོ་རྩིས་སུ་སྒྱུར་བའི་འཆར་བསྟན་པ་ནི། གོང་དུ་བཤད་པའི་སྐྱོན་དེ་དག་དང་བཅས་པའི་ཕྱིར་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་བ་ནས་བཟུང་རྒྱལ་སྤྱིའི་རང་བཞིན་གྱི་ལོ་རྩིས་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་བཀོལ་བདེ་བ་ཞིག་བཟོ་རྒྱུར་ཕྱི་གླིང་རྒྱལ་ཁབ་རྣམས་ཀྱིས་སྐར་རྩིས་མཁན་གྱིས་འཆར་སྒོ་བཏོན་པར་གྲགས་སོ། །དེའི་ཚུལ་ནི་གོང་བཀོད་ཀེ་ལིའི་ལོ་རྩིས་གཞིར་བཟུང་ནས་བཟོ་སྙམ་པ་སྟེ། འདི་ལྟར། ལོ་རེ་ལ་དུས་ཚིགས་ཆ་མཉམ་བཞིར་བགོས་ནས་དུས་ཚིགས་རེར་ཟླ་བ་གསུམ་ལས་ཟླ་བ་དང་བོ་ལ་ཞག་སོ་གཅིག་དང་། ཕྱི་མ་གཉིས་ལ་ཞག་སུམ་ཅུ་རེ་སྟེ་དུས་ཚིགས་གཅིག་ལ་ཞག་གོ་གཅིག་དང༌། དེ་ཡང་དུས་ཚིགས་རེ་ལ་གཟའ་འཁོར་ཚར་བཅུ་གསུམ་རེ་འབྱུང་བ་ལས། དུས་བཞིའི་མགོ་རྩོམ་ཉིན་གཟའ་ཉི་མ་དང༌། མཐའི་ཉིན་པར་གཟའ་སྤེན་པ་འཆར་བ་དང༌། ལོ་རེའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་དང་ཕྱི་ལོའི་དང་བོའི་ཚེས་གཅིག་གི་བར་དུ་ཞག་གཅིག་ཐོལ་བྱུང་དུ་བསྣན་ཏེ། དེ་ལ་རྒྱལ་སྤྱིའི་ལོ་གསར་སྤྲོ་བསང་གནང་གཏོང་གི་ཉིན་ཞེས་ཐ་སྙད་བཏགས་ནས་ཟླ་བ་སྔ་ཕྱི་གང་གི་ཡང་གྲས་སུ་མི་རྩི་བ་དང༌། ལོ་ཤོལ་ནམ་བྱུང་གི་ལོ་དེར་ཟླ་བ་དྲུག་པའི་ཚེས་སུམ་ཅུའི་མཐར་ཉིན་ལྷག་གཅིག་བསྣན་ནས་དེ་ལ་སྤྲོ་བསང་གནང་གཏོང་གི་ཉིན་ཞེས་བཏགས་ན་འོས་པའི་འཆར་སྟོན་བཀོད་དོ། ། དེའི་ཚུལ་ནི་རེའུ་མིག་ཏུ་བཀོད་ན་འཆད་བདེ་བས་འདི་ལྟར།

དུས་བཞི།

དུས་ཚིགས་དང་པོ་སྟེ་དཔྱིད་ཟླ་གསུམ།

ཟླ་གྲངས།

དང་པོ།

གཉིས་པ།

གསུམ་པ།

གཟའ་འཁོར།

ཉི་མ། ༡༢༣༤༥༦

ཉི་མ། ༡༢༣༤༥༦

ཉི་མ། ༡༢༣༤༥༦

ཚེས་གྲངས།

༡༢༣༤༥

༦༧༨༩༡༠

༡༡༡༢༡༣༡༤

༡༥༡༦༡༧༡༨

༡༩༢༠༢༡༢༢

༢༣༢༤༢༥༢༦

༢༧༢༨༢༩༣༠༣༡

༡༢༣༤༥

༦༧༨༩༡༠

༡༡༡༢༡༣༡༤

༡༥༡༦༡༧༡༨

༡༩༢༠༢༡༢༢

༢༣༢༤༢༥༢༦

༢༧༢༨༢༩༣༠

༡༢༣༤༥

༦༧༨༩༡༠

༡༡༡༢༡༣༡༤

༡༥༡༦༡༧༡༨

༡༩༢༠༢༡༢༢

༢༣༢༤༢༥༢༦

༢༧༢༨༢༩༣༠

 

དུས་ཚིགས་གཉིས་པ་སྟེ་དབྱར་ཟླ་གསུམ།

བཞི་པ།

ལྔ་པ།

དྲུག་པ།

ཉི་མ། ༡༢༣༤༥༦

ཉི་མ། ༡༢༣༤༥༦

ཉི་མ། ༡༢༣༤༥༦

༡༢༣༤༥༦༧༨

༩༡༠༡༡༡༢༡༣༡༤

༡༥༡༦༡༧༡༨༡༩

༢༠༢༡༢༢༢༣༢༤༢༥

༢༦༢༧༢༨༢༩༣༠༣༡

༡༢༣༤༥༦༧༨

༩༡༠༡༡༡༢༡༣༡༤

༡༥༡༦༡༧༡༨༡༩

༢༠༢༡༢༢༢༣༢༤༢༥

༢༦༢༧༢༨༢༩༣༠

༡༢༣༤༥༦༧༨

༩༡༠༡༡༡༢༡༣༡༤

༡༥༡༦༡༧༡༨༡༩

༢༠༢༡༢༢༢༣༢༤༢༥

༢༦༢༧༢༨༢༩༣༠

 

དུས་ཚིགས་གསུམ་པ་སྟོན་ཟླ་གསུམ།

བདུན་པ།

བརྒྱད་པ།

དགུ་པ།

ཉི་མ། ༡༢༣༤༥༦

ཉི་མ། ༡༢༣༤༥༦

ཉི་མ། ༡༢༣༤༥༦

༡༢༣༤༥༦༧༨

༩༡༠༡༡༡༢༡༣༡༤

༡༥༡༦༡༧༡༨༡༩

༢༠༢༡༢༢༢༣༢༤༢༥

༢༦༢༧༢༨༢༩༣༠༣༡

༡༢༣༤༥༦༧༨

༩༡༠༡༡༡༢༡༣༡༤

༡༥༡༦༡༧༡༨༡༩

༢༠༢༡༢༢༢༣༢༤༢༥

༢༦༢༧༢༨༢༩༣༠

༡༢༣༤༥༦༧༨

༩༡༠༡༡༡༢༡༣༡༤

༡༥༡༦༡༧༡༨༡༩

༢༠༢༡༢༢༢༣༢༤༢༥

༢༦༢༧༢༨༢༩༣༠

 

དུས་ཚིགས་བཞི་པ་སྟེ་དགུན་ཟླ་གསུམ།

བཅུ་པ།

བཅུ་གཅིག

བཅུ་གཉིས།

ཉི་མ༡༢༣༤༥༦

ཉི་མ༡༢༣༤༥༦

ཉི་མ༡༢༣༤༥༦

༡༢༣༤༥༦༧༨

༩༡༠༡༡༡༢༡༣༡༤

༡༥༡༦༡༧༡༨༡༩

༢༠༢༡༢༢༢༣༢༤༢༥

༢༦༢༧༢༨༢༩༣༠༣༡

༡༢༣༤༥༦༧༨

༩༡༠༡༡༡༢༡༣༡༤

༡༥༡༦༡༧༡༨༡༩

༢༠༢༡༢༢༢༣༢༤༢༥

༢༦༢༧༢༨༢༩༣༠

༡༢༣༤༥༦༧༨

༩༡༠༡༡༡༢༡༣༡༤

༡༥༡༦༡༧༡༨༡༩

༢༠༢༡༢༢༢༣༢༤༢༥

༢༦༢༧༢༨༢༩༣༠

*

* སྐར་རྟགས་ཀྱི་རྟགས་ཅན་གཉིས་ནི་སྤྲོ་བསང་གནང་གཏོང་གི་བརྡ།

 

དེ་ལྟར་འཛམ་གླིང་ཐུན་མོང་གི་ལོ་རྩིས་འདི་ནི་ལོ་ལོ་བཞིན་མི་འགྱུར་བའི་གཏན་ལེ་ཡིན་པས་སུས་ཀྱང་ཡིད་ལ་འཛིན་བདེ་བ་དང༌། དེང་རབས་ཀྱི་སྐར་རྩིས་པ་རྣམས་ཀྱིས་མཆོག་ཏུ་རྩི་ནའང༌། ཟླ་བ་ཉ་སྟོང་དང་ཉ་སྐར་གང་ལ་སླེབས་པ་སོགས་དུས་བཟང་ངོས་མི་ཟིན་པའི་སྐྱོན་རྩ་བ་ནས་བཤོལ་དུ་མེད་པའི་ཁར། སྤྲོ་བསང་གནང་གཏོང་གི་ཉིན་གཉིས་ཀ་ཟླ་བ་གང་གིའང་ཁོངས་སུ་མི་གཏོགས་པ་དེ་ཡང་བཤོལ་དུ་མེད་པའི་སྐྱོན་དུ་བལྟའོ། །དེ་ལྟ་ན་ཡང་རྩི་ཚུལ་འདི་ད་ལྟའི་བར་རྒྱལ་ཁབ་གང་དུ་ཡང་སྤྱོད་པའི་གཏམ་མི་སྣང་ངོ༌།།

 

གཉིས་པ་འཕྲོས་པའི་དོན་ལ་གཉིས། སྤྱི་ལོ་ཞེས་གྲགས་པའི་འདས་ལོའི་རྣམ་གཞག་བཤད་པ་དང༌། རྩིས་ཕྲན་ཐོར་བུ་འགའ་ཞིག་གི་དོན་བཤད་པའོ། །དང་བོ་ནི། ད་ལྟ་སྤྱི་ལོ་ཞེས་གྲགས་པའི་འདས་ལོ་ནི་སྐར་རྩིས་མཁན་ཐུན་མོང་གིས་བརྩི་བར་བྱ་བའི་འདས་ལོར་བཀོད་པས་ན་དེ་སྐད་ཅེས་བྱ་ལ། དེའི་ཐོག་མའི་ལོ་ནི་ཐེན་ཀྲུའུ་དང་ཅི་ཏོའུ་ཆོས་ལུགས་ཀྱི་རྩ་བའི་སྟོན་པ་ཡེ་ཤུ་མ་ཤི་ཀ་ཞེས་པ་དེ་ཉིད་ཡོ་རུབ་གླིང་གི་ཡོའུ་ཐེ་ཞེས་པའི་རིགས་སུ་སྐྱེས་པའི་ལོ་སྟེ། འདས་ལོ་འདིའི་ཐོག་མའི་འབྱུང་ཁུངས་ནི་དེ་ཡིན་ནོ། །འདས་ལོ་ཞེསཔའི་ཐ་སྙད་ནི་རང་རེའི་གངས་ཅན་སྐར་རྩིས་པ་རྣམས་ཀྱི་ངག་ལ་བྱང་བ་དེ་ཉིད་འདིར་སྦྱར་བ་ཙམ་ཡིན་གྱི། སྤྱི་ལོའི་ལོ་རྣམས་ནི་ངོ་ཐོག་གི་ལོ་ལས་འདས་པའི་ལོ་མིན་ནོ། །གནའ་དུས་ཕྱི་གླིང་རྣམས་སུ་ཡེ་ཤུའི་གྲུབ་མཐའ་དར་ཆེ་བར་བརྟེན་དེའི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ལོ་རྒྱུས་དང་སྐར་རྩིས་དང་སྔོན་རབས་རྣམས་རྩི་བའི་ཚེ་ན་འདས་ལོ་དེ་གཞིར་བཟུང་ནས་རྩི་བའི་རྒྱུན་ཆགས་པའི་ཤུགས་ཀྱིས། རིམ་པ་བཞིན་དེའི་གྲུབ་མཐའ་ལ་ཞུགས་པ་དང་མ་ཞུགས་པའི་རྒྱལ་ཁབ་གང་གིས་ཀྱང་ཐུན་མོང་དུ་སྤྱོད་པའི་འདས་ལོ་རྩོད་བྲལ་ཞིག་ཏུ་གྱུར་བ་ཡིན་ནོ། །དེ་བཞིན་དུ་སྤྱི་ལོ་མ་ཚུགས་པའི་གོང་གི་འདས་ལོ་རྩི་བ་ན་ཡང༌། ལུགས་ལྡོག་གི་ཚུལ་དུ་ལོ་གྲངས་གྱེན་འདེད་ཀྱིས་སྤྱི་ལོ་སྔོན་གྱི་ལོ་གོ་དགུ་བ་དང་ལོ་བརྒྱ་བ་ཞེས་སོགས་སུ་རྩི་བའི་སྲོལ་ཆགས་ཡོད་དོ། །གཞན་ཡང་ཧོར་སྨིན་གྲོལ་སྐུ་ཕྲེང་བཞི་བ་བཙན་པོ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་འཛམ་གླིང་སྤྱི་བཤད་དུ། རབ་ཡིད་ལྕགས་འབྲུག་ལོར་ད་ལྟའི་རྩི་སྲོལ་ལྟར་ན་སྤྱི་ལོ་༡༨༢༠ཡིན་པ་ལ། དེར་ཡེ་ཤུ་བྱུང་ནས་ལོ་༡༨༣༢ལོན་ཞེས་བཤད་པ་དང༌། རྡོ་བྲག་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་བོ་ཞེས་བོད་རྒྱལ་རབས་རྩོམ་འཕྲོ་ཞིག་ཡོད་པ་དེར་ཡེ་ཤུ་གྲོངས་པའི་ལོ་ནས་བརྩིས་པ་དང༌། དབྱིན་གོའི་ཨེམ་ཆི་མཁས་པ་ཞིག་གིས་ངག་ལས་སྤྱི་ལོ་ཚུགསཔའི་ལོ་ལ་ལོ་བཞིས་ཉུང་སྐྱོན་ཤོར་ཀྱང་ད་ལྟ་མ་དག་རྒྱུན་འབྱམས་འདི་ག་དར་ཆེ་ཞེས་དངོས་སུ་ཐོས་པ་བཅས་དེ་དག་ལ་ཞིབ་མོའི་བློས་དཔྱད་རྒྱུ་ཡོད་ཀྱང་སྣག་ཤོག་གྲོན་པའི་རྒྱུ་ལས་མི་འདུག་པས་བཏང་སྙོམས་སུ་བཞག་གོ །དེ་ཡང་ཡེ་ཤུ་སྐྱེས་པའི་ལོ་དེ་ནས་འདས་ལོར་རྩི་བའི་སྲོལ་དར་བ་མ་ཡིན་གྱི། སྤྱི་ལོ་༥༣༢ཀྱི་དུས་སུ་ཡེ་ཤུའི་རྗེས་འབྲང་བ་ཞིག་གིས་དེ་འདས་ལོར་བཀོད་པ་ནས་བཟུང་དར་བར་གྲགས་སོ། །དེ་ལྟ་ན་ཡང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྐར་རྩིས་སམ་གྲངས་ཀྱི་རྩིས་ལུགས་གཏན་ལ་འབེབས་སྐབས་ཡེ་ཤུའི་འདས་ལོ་འདི་མི་སྤྱོད་ཀ་མེད་ཡིན་ཡང༌། རང་བསྟན་ཐུན་མོང་མ་ཡིན་པའི་སྐབས་རྣམས་སུ། སྔོན་ནས་བཟུང་སྟོན་པའི་འདས་ལོ་རྩི་བའི་སྲོལ་ཆགས་པ་འདི་ལ་རྟེན་འབྲེལ་གྱི་དགེ་མཚན་ཆེན་པོ་ཞིག་ཡོད་དོ། །དེ་ཡང་ཡིན་ཏེ། སྔོན་རྒྱ་གར་གྱི་ཉན་ཐོས་སྡེ་བའི་གཙུག་ལག་ཁང་དུ་གནས་བརྟན་གྱིས་ཉི་མ་རེ་རེ་བཞིན་སྟོན་པ་འདས་ནས་ལོ་ཟླ་ཞག་གྲངས་འདི་སྙེད་ཅིག་གོ་ཞེས་བསྒྲགས་པའི་སྲོལ་ཡོད་པ་དང༌། བོད་གངས་ཅན་གྱི་མཁས་པ་བུ་སྟོན་རིན་ཆེན་གྲུབ་སོགས་ཀྱིས་བསྟན་བཅོས་ཆེན་པོ་རེ་བརྩམས་གྲུབ་པའི་མཇུག་ཏུ་སྟོན་པའི་འདས་ལོ་འགོད་པའི་སྲོལ་ག་ལྟར་རང་རེའི་སྔོན་དང་ད་ལྟའི་མཁས་པ་རྣམས་ཀྱི་ཕྱག་ལེན་དུ་ཡང་གྲྭ་མ་ཉམས་པར་གནས་པ་དང༌། སྔོན་བྱོན་བོད་རྒྱལ་རྣམས་ཀྱིས་ཡབ་མེས་རྣམས་གཤེགས་པའི་འདད་མཛད་པའི་དུས་སུ་ཡང་སྟོན་པའི་ལོ་རྩི་བའི་སྲོལ་བཟང་ཡོད་པ་སོགས་ཀྱིས་མཚོན་སྔོན་ཆད་ནས་བཟུང་དེའི་ཕྱག་ལེན་དར་ཆེ་བ་དང༌། ད་ལྟ་ཐེག་དམན་ཤིན་ཏུ་དར་བའི་ཧིན་དུ་ཏྲི་ནའི་རྒྱལ་ཁབ་རྣམས་སུ་ཡང༌། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པའི་འདས་ལོ་དེ་རྒྱལ་ཁབ་ཡོངས་རྫོགས་ཀྱིས་སྤྱོད་པའི་ལོ་རྩིས་ཀྱི་འདས་ལོར་བགྲང་བར་བྱེད་དོ། །ཞེས་ལོ་རྒྱུས་ཀྱི་ཡི་གེ་རྣམས་སུ་བྲིས་སྣང་ངོ༌། །རྒྱུ་མཚནདེ་དག་གི་ཕྱིར་རང་རེ་ཐུབ་པའི་དབང་བོ་སྐྱབས་སུ་འཛིན་པ་རྣམས་ཀྱིས་ནི། རྒྱལ་བའི་བསྟན་ལ་མི་ཕྱེད་པའི་དད་པ་མཚོན་པའི་སླད་དུ་བསྟན་རྩིས་མཁན་དང༌། ལོ་རྒྱུས་མཁན་དང༌། སྐར་རྩིས་མཁན་དང༌། གྲངས་རྩིས་མཁན་དང༌། འདུལ་མངོན་གྱི་དུས་ཚིགས་ཕྱག་ལེན་དུ་སྤྱོད་པའི་སྡེ་སྣོད་གསུམ་འཛིན་དགེ་བའི་བཤེས་མཉེན་རྣམས་ནས་མགྲིན་དབྱངས་གཅིག་གྱུར་གྱིས། དུས་འཁོར་གྱི་རབ་བྱུང་གི་འདས་ལོ་བགྲང་བ་དང་ཁྱད་མེད་པའི་སྒོ་ནས་འཁྲུལ་བྲལ་སྟོན་པའི་འདས་ལོ་ཁ་གསལ་ཡིད་ལ་འཛིན་བདེ་བ་ཞིག་རྩི་བའི་སྲོལ་ཁྱབ་གདལ་དུ་དར་བ་ཞིག་བྱུང་ན་སྙམ་པ་ནི་བདག་གི་སྙིང་ལ་ཆེས་ཆེར་གཅགས་པའི་རེ་བ་བླ་ན་མེད་པ་ཞིག་ལགས་སོ། །འདི་ལས་འཕྲོས་ནས་ད་ལྟ་དར་ཁྱབ་ཆེ་བའི་གནས་བརྟན་སྡེ་བའི་ལུགས་ཀྱི་སྟོན་པའི་འདས་ལོ་སོགས་ལ་དཔྱད་པ་ཤིནཏུ་བྱེད་དགོས་ནའང་གཞན་དུ་སྤྲོ་བར་འདོད་དོ།།

 

གཉིས་པ་རྩིས་ཕྲན་ཐོར་བུ་འགའ་ཞིག་གི་དོན་བཤད་པ་ནི། ལུགས་གསར་གྱི་ལོ་འགོ་(ཡྭན་ཏན་)ནི། ཉིན་ཞག་མའི་ལོ་རྩིས་ཀྱི་ཟླ་བ་དང་བོའི་ཚེས་གཅིག་སྟེ་དགའ་སྟོན་ཡོ་ལང་གི་དུས་ཆེན་དང༌། ལུགས་རྙིང་གི་ལོ་གསར་(ཁྲུན་ཅེ)ནི། གནའ་དུས་ས་གླང་བརྟགས་པའི་ཉིན་ལ་ངོས་འཛིན་ཀྱང་དེང་སང་ཚེས་ཞག་མའི་ལོ་རྩིས་ཀྱི་ཧོར་ཟླ་དང་བོའི་ཚེས་གཅིག་སྟེ་ལོ་གཅིག་གི་རིང་ལ་ཆེས་ཆེ་བའི་དགའ་སྟོན་ཡོ་ལང་གི་ཉིན་དང་། དཔྱིད་ཀྱི་གཡང་སྐར་(ཁྲུན་ཧྲེ)ནི་དཔྱིད་ཚུགས་ཀྱི་རྗེས་ས་ཕོ་ལྔ་བའི་ཉིན་ཏེ་ཞིང་ཕར་འདེབས་ཀྱི་རྟེན་འབྲེལ་སྒྲིག་པའི་ཉིན་དང༌། སྟོན་གྱི་གཡང་སྐར་(ཆོའུ་ཧྲེ)ནི་སྟོན་ཚུགས་ཀྱི་རྗེས་ས་ཕོ་ལྔ་བའི་ཉིན་ཏེ་སྟོན་ཐོག་མཛོད་སྡུད་ཀྱི་རྟེན་འབྲེལ་སྒྲིག་པའི་ཉིན་དང༌། ལྔ་བའི་ཚེས་ལྔ་(ཏོན་ཨུའམ་ཏོན་དབྱང་)ནི། སྤྱི་ལོ་སྔོན་༢༧༨ལོར་བློན་པོ་སྙན་ངག་མཁན་ཆུའུ་ཡོན་ཞེས་པས་གཞན་ཕན་གྱི་བསམ་པས་འབྲི་ཆུར་སྐུ་སྲོག་བཏང་བའི་རྗེས་དྲན་གྱི་དུས་ཆེན་ཏེ། ཉིན་དེར་འབྲི་ཆུའི་འགྲམ་རྒྱུད་དུ་འཁོད་པའི་རྒྱ་མི་ཚོས་འབྲུག་དབྱིབས་ཀྱི་གྲུ་གཟིངས་ཆུ་ལ་བཏང་ནས་རྩེད་མོ་བྱེད་པ་དང༌། བོད་རོང་གནས་ཕལ་ཆེར་གྱིས་ཀྱང་སྡོང་ལོ་དང་མེ་ཏོག་ཞིང་ཁ་དང་སྒོ་ཁར་འཛུགས་པའི་སྲོལ་ཡོད་པ་དེ་ལ་གྲོང་སྐད་འགར་ལྔ་བའི་ཡ་ཏུང་དང༌། ལྔ་བའི་བ་ཞིས་སོགས་ཟེར་རོ། །བརྒྱད་པའི་བཅོ་ལྔ་(ཀྲུང་ཆོའུ)ནི། ཟླ་བ་མཆོད་པའི་དུས་ཚིགས་ཏེ་འོད་ཁང་འདོགས་པ་དང༌། ཤིང་ཐོག་བཤམས་ནས་ཟླ་བ་ལ་མཆོད་པའི་སྲོལ་ཡོད་དོ།། དགུ་འདྲེན་པ་(ཅོའུ་ཅོའུ)ནི། དགུན་ཉི་ལྡོག་གི་ཕྱི་ཉིན་ནས་བཟུང་དགུ་དང་བོ་འདྲེན་ཞིང་རིམ་བཞིན་དགུ་དགུ་བའི་བར་དུ་འདྲེན་ནོ། །དེ་ཡང་གྲང་ངད་ཆེ་ཆུང་མཚོན་པའི་བརྡར་དགུ་དང་བོ་ལ་ས་འགད། གཉིས་པ་རྡོ་འགད། གསུམ་པ་ལ་ལྕགས་ཀྱི་བ་རུ་ཐུ་ལུམ་འགད། བཞི་བ་ཕོ་སྤྱང་གི་གདོང་བ་འགད། ལྔ་བ་དྲོད་མེ་སྟག་ཙམ་ཞིག་རྒྱ་མཚོའི་སྟེང་ནས་རི་རབ་རྩེ་བར་དུ་འགྲོ། དྲུག་པ་སྐྱ་མི་མགོ་བོའི་ཞྭ་ཕུད། རྐང་ཐང་རྐང་བའི་ལྷམ་ཕུད་སོགས་ཡུལ་དུས་དང་བསྟུན་པའི་ཁ་དཔེ་འདྲ་མིན་དར་ཆེ་བ་རེ་ཡོད་དོ། །ཚེས་ཅིག་(ལོ)ནི་ཉི་ཟླ་ལམ་ཐིག་གཅིག་ཏུ་རྒྱུ་བའི་དུས་ཏེ་ཟླ་བ་བགྲོད་པའི་ལམ་འཁོར་མོ་ལ་ཆ་སུམ་བརྒྱ་དྲུང་ཅུར་བགོས་པའི་ཐོག་མའི་གནས་ཐིག་ལེའི་སྟེང་དུ་སླེབས་པའི་སྐབས་སོ། །སྟོན་ཕྱེད་(ཧྲང་ཞྭན)ནི་ཡར་ངོའི་ཟླ་ཕྱེད་དེ་དུས་དེར་ཟླ་བའི་ལམ་ཆ་དགུ་བཅུ་ལ་གནས་པའི་སྐབས་སོ། །ཚེས་བཅོ་ལྔ་(ཝང་)ནི་ཟླ་ཉིའི་བར་དུ་ས་དཀྱིལ་དྲང་ཐད་དུ་བབས་པའི་དུས་དེར་ཟླ་བའི་ལམ་ཆ་བརྒྱ་དང་བརྒྱད་ཅུའི་སྟེང་ཟླ་བ་ཉ་གང་བའི་དུས་སོ། །སྨད་ཕྱེད་(ཞ་ཞྭན)ནི་མར་ངོའི་ཟླ་ཕྱེད་དེ་དུས་དེར་ཟླ་བའི་ལམ་ཆ་ཉིས་བརྒྱ་བདུན་ཅུ་ལ་གནས་པའི་སྐབས་སོ། །དེ་དག་སྐབས་སུ་ཉི་ཟླ་འཆར་ནུབ་ཀྱི་ཚད་ནི། ཚེས་གཅིག་ལ་ཉི་ཟླ་མཉམ་ཤར་དང༌། ཉི་ཟླ་མཉམ་ནུབ། སྟོད་ཕྱེད་ལ་ཉིན་གུང་ཟླ་ཤར་དང༌། ནམ་གུང་ཟླ་ནུབ། ཚེས་བཅོ་ལྔ་ལ་ཉི་ནུབ་ཟླ་ཤར་དང༌། ཉི་ཤར་ཟླ་ནུབ། སྨད་ཕྱེད་ལ་ནམ་གུང་ཟླ་ཤར་དང༌། ཉིན་གུང་ཟླ་ནུབ། ཅེས་ཡིད་ལ་ངེས་པར་བྱའོ།།

 

 

ཉི་འཛིན་དང་ཟླ་འཛིན། 

བཞི་བ་ཉི་ཟླ་གཟའ་འཛིན་འབྱུང་རྐྱེན་གྱི་གོ་དོན་བཤད་པ་ལ་བརྒྱད། ཉི་ཟླ་ས་གསུམ་གྱི་ཚད་དང་བར་ཐག་བཤདཔ། གཟའ་འཛིན་འབྱུང་བའི་རྐྱེན་དང་རྒྱུ་མཚན་བཤད་པ། ཟླ་བ་རེ་རེ་ལ་གཟའ་འཛིན་མི་འབྱུང་བའི་རྒྱུ་མཚན་འགོད་པ། ཉི་འཛིན་རིགས་གསུམ་དང་ཟླ་འཛིན་རིགས་གཉིས་ཀྱི་ཁྱད་པར་བཤད་པ། ཟླ་བའི་འཕེལ་འགྲིབ་ཀྱི་གང་སྟོང་དང་ཟླ་བ་གཟའ་འཛིན་ནི་ཐ་དད་པའི་དོན་གཉིས་ཡིན་པ་བཤད་པ། རིལ་འཛིན་དང་ཆ་འཛིན་གྱི་དུས་ཚོད་ལྔ་དང་གསུམ་གྱི་ཁྱད་པར་བཤད་པ། འཛིན་ཆ་འཛིན་ཕྱོགས་ཁ་དོག་གསུམ་གྱི་གོ་དོན་བཤད་པ། ཉི་ཟླ་གཟའ་འཛིན་གཉིས་ཀྱི་གང་མང་བཤད་པའོ།། དང་བོ་ནི། ཙི་ནའི་སྐར་རྩིས་རིག་པའི་གཞུང་ལས་བཤད་ཚོད་ལྟར་ན། ཉི་ཟླ་ས་གསུམ་གྱི་དཀྱིལ་འཁོར་ནི་ཟླུམ་པོ་གོང་བུའི་དབྱིབས་ཅན་ཏེ། དེ་ཡང་ས་དཀྱིལ་གྱིས་ཉི་མར་གཡོན་སྐོར་རྒྱུན་ཆད་མེད་པར་བྱེད་པ་དང༌། ཟླ་བ་ས་དཀྱིལ་གར་འགྲོའི་རྗེས་སུ་འབྲངས་ནས་གཡོན་སྐོར་བྱེད་བཞིན་དུ་ཉི་མ་ལ་ཡང་ངང་ངམ་ཤུགས་ཀྱིས་སྐོར་བ་བྱེད་དོ་ཞེས་པ་ནི་ལུགས་འདིའི་རྩ་བའི་འདོད་ཚུལ་ཐུན་མོང་མ་ཡིན་པའོ།། འགྲོས་ཀྱི་དབང་དུ་བཏང་ན་ས་ཟླ་གཉིས་ལ་སྤྱི་འགྲོས་དང་རང་འགྲོས་གཉིས་ལས་ས་དཀྱིལ་ལ་དཔེར་མཚོན་ན། སྤྱི་འགྲོས་ནི་ལོ་གཅིག་གིས་བགྲོད་པ་རྫོགས་པ་དང༌། རང་འགྲོས་ནི་སའི་གོ་ལའི་ངོས་གཅིག་ཉི་མ་ལ་ཕྱོགས་པ་དེ་ཉིན་མོ་དང༌། དེའི་ལྡོག་ཕྱོགས་མུན་རུབ་པའི་ངོས་དེར་མཚན་མོ་བྱུང་བ་ནི་ཉིན་ཞག་རེ་ལ་རང་འགྲོས་ཀྱིས་གཡོན་སྐོར་ཚར་གཅིག་བྱས་པ་ལས་བྱུང་བའོ།། དེའི་ཕྱིར་རྒྱ་རྩིས་ཀྱི་ལག་ལེན་དུ། ཉི་མའི་སྤྱི་འགྲོས་དྷུ་ཝ་དང༌། ཉི་ཟླའི་རང་འགྲོས་དྷུ་ཝ་ཞེས་པའང་གནད་འདི་ལ་ཐུག་གོ ། འོ་ན་དཀྱིལ་འཁོར་དེ་གསུམ་གྱི་ཚད་དང་བར་ཐག་ཅི་ཙམ་ཞེ་ན། ཉི་དཀྱིལ་གྱི་སྲིད་དུ་སྤྱི་ལེ་ཁྲི་ཚོ་བརྒྱ་སོ་དགུ་དང་ཟླ་དཀྱིལ་གྱི་སྲིད་དུ་སྤྱི་ལེ་སུམ་སྟོང་བཞི་བརྒྱ་དོན་དྲུག་ཡིན་པས་ཉི་སྲིད་ལས་ལྡབ་བཞི་བརྒྱས་ཆུང་བ་དང༌། (ཉི་སྲིད་བཞི་བརྒྱས་བགོས་པས་ཟླ་སྲིད་འབབ)ས་དཀྱིལ་ལམ་སའི་གོ་ལའི་སྲིད་དུ་སྤྱི་ལེ་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་བཞི་བཅུ་དང༌། གོ་ལའི་དམར་ལམ་ཁོར་ཡུག་ཏུ་སྤྱི་ལེ་ཁྲི་ཚོ་བཞི་དང་དོན་ལྔ་ལྷག་ཡོད་དོ།། བོངས་ཚོད་ཀྱི་དབང་དུ་བཏང་ན། ཉི་མའི་བོངས་ཚོད་ཁྲི་ཚོ་བརྒྱ་དང་སུམ་ཅུ་ལྷག་ཏུ་བགོས་པའི་ཆ་གཅིག་ནི་སའི་གོ་ལ་དང་དོ་མཉམ་ཞིང་སའི་གོ་ལའི་བོངས་ཚོད་ཞེ་དགུར་བགོས་པའི་ཆ་གཅིག་ནི་ཟླ་བ་དང་དོ་མཉམ་པར་བཤད་དོ།། འདིར་བཤད་པའི་སྲིད་ཚད་ཅེས་པ་ནི། དཔེར་ན་སའི་གོ་ལ་རིལ་མོའི་ཤར་ནུབ་ཚངས་ཐིག་གི་ལྟེ་བ་ཕན་ཚུན་དྲང་བོར་བརྟོལ་ནས་བརྩིས་པའི་དབང་དུ་བྱས་པ་ཡིན་ལ། དམར་ལམ་ཞེས་པ་ནི་ཟླུམ་པོ་གང་དང་གང་གི་འཕྲེད་དཀྱིལ་འཁོར་མོའི་ཚང་ཐིག་གི་གནས་ལ་ཟེར་བས་ན་རྩིས་ཀྱི་ལག་ལེན་དུ་གནམ་ཐིག་དམར་བོའི་དཀྱུས་ཞག་ཟེར་བ་ལྟ་བུ་ཡིན། སྤྱི་ལེ་ཞེས་པ་ཡོངས་གྲགས་རྒྱའི་ལེ་དབར་གཉིས་སམ་སྤྱི་ཁྲེ་ཆིག་སྟོང་གི་ཚད་དེ། རྒྱ་ལེ་གཅིག་ལ་རྒྱ་ཁྲེ་བཅུ་ཀྲང་གཅིག་ཏུ་བརྩིས་པའི་ཀྲང་བརྒྱ་ལྔ་བཅུ། (གཞུ་འདོམ་སུམ་བརྒྱ་དྲུག་ཅུ)དང་ཁྲེ་གང་ལ་རྒྱ་ཁྲེ་གསུམ་སྟེ་རགས་རྩིས་ཀྱི་མཛུབ་མཐོ་དྲུག་ཡོད། ཉི་མ་དང་ས་དཀྱིལ་གྱི་བར་ཐག་ཏུ་ཆ་སྙོམས་ལྟར་ན་སྤྱི་ལེ་དུང་ཕྱུར་གཅིག་དང་ཕྱེད་ཀ་ཙམ་དང༌། ས་ཟླའི་བར་ཐག་ཏུ་ཆ་སྙོམས་ལྟར་ན་སྤྱི་ལེ་ཁྲི་ཚོ་སོ་བརྒྱད་བཞི་སྟོང་བཞི་བརྒྱ་ཡོད་པས་ཉི་མའི་བར་ཐག་ལས་ལྡབ་སུམ་བརྒྱ་དང་དགུ་བཅུས་ཉེའོ།། ཞེས་འདོད་དོ།།

 

གཉིས་པ་གཟའ་འཛིན་འབྱུང་བའི་རྐྱེན་དང་རྒྱུ་མཚན་བཤད་པ་ནི། གོང་སྨོས་ལྟར་སའི་གོ་ལ་དང་ཟླ་བས་ཉི་མར་སྐོར་བ་བྱེད་པ་དང༌། ཟླ་བས་སའི་གོ་ལ་མི་གཏོང་བར་རྒྱུན་མི་ཆད་པར་སའི་གོ་ལར་སྐོར་བ་བྱེད་པ་ནི་ཉི་ཟླ་གཟའ་འཛིན་འབྱུང་བའི་རྐྱེན་གྱིས་གཙོ་བོར་གྲུབ་བོ།། དེ་ལས་གཞན་པའི་རྐྱེན་གཅིག་ནི། ཟླ་བ་རང་སྟེང་ནས་འོད་འཕྲོ་རྒྱུ་མེད་དེ། ས་དཀྱིལ་བཞིན་ཞེས་འདོད་པ་ལ། འོ་ན་རང་རེས་མཐོང་བའི་ཟླ་འོད་དེ་གང་ལས་བྱུང་ཞེ་ན། དེ་ནི་ཟླ་དཀྱིལ་ངོས་ལ་ཉི་འོད་ཕོག་པ་ལས་བྱུང་བ་ཡིན་ཏེ། ས་དཀྱིལ་ལ་ཉི་འོད་ཕོག་པའི་ཉིན་མོ་བཞིན་ཞེས་པའི་སྒྲུབ་བྱེད་འགོད་དོ།། གོ་ལ་ཉི་མརའཁོར་སྐབས་ཉི་མ་ལ་ཕྱོགས་པའི་ངོས་དེར་ནམ་ཡང་སྣང་བ་འབྱུང་ཞིང༌། མ་ཕྱོགས་པའི་ངོས་དེར་མུན་པ་འཐིབས་པ་དེ་ལྟ་བས་ན་མུན་འཐིབས་པའི་ངོས་དེར་གྲིབ་མ་རིང་བོ་ཞིག་འབྱུང་འོས་པ་དང༌། དེ་བཞིན་དུ་ཟླ་བས་གོ་ལར་འཁོར་སྐབས་ཀྱང་དེ་དང་འདྲ་བར་ཉི་མ་ལ་རྒྱབ་བསྟན་པའི་ངོས་དེར་གྲིབ་མ་ཞིག་འབྱུང་ངེས་པས་འདི་ནི་མེད་དུ་མི་རུང་བའི་རྐྱེན་གཅིག་ཏུ་གྲུབ་བོ།། དེའི་ཕྱིར་རྒྱ་རྩིས་རི་མོའི་ལག་ལེན་དུ། གྲིབ་མའི་ཕྱེད་སྲིད་དང༌། ངེས་པའི་གྲིབ་མ་ཞེས་པ་རྣམས་ཀྱི་གནད་འདི་ལ་ཐུགགོ། དེ་ལྟར་མིན་པར་ཟླ་བ་རང་སྟེང་ནས་འོད་འཕྲོ་བ་ཡིན་ན། ཟླ་བ་མར་ངོ་ལ་ནག་ཆ་འབྱུང་མི་སྲིད་པས་ནམ་ཡང་ཉ་གང་བའི་ཟླ་བ་འབའ་ཞིག་ཏུ་མཐོང་བར་འགྱུར་རོ་ཞེས་འདོད་དོ།། རྐྱེན་དེ་དག་ཚོགས་པའི་དབང་གིས་ཉི་ཟླ་ས་གསུམ་ཚངས་ཐིག་དྲང་བོ་གཅིག་ལ་བབས་ཚེ་ཡང་ན་ཟླ་འཛིན་དང་ཡང་ན་ཉི་འཛིན་འབྱུང་ལ་དེ་ཡང་ཉི་མ་དང་གོ་ལའི་བར་དུ་ཟླ་བ་ཆུད་ཚེ་ཟླ་བས་ཉི་མ་བསྒྲིབས་ནས་ཉི་འོད་གོ་ལར་མ་ཕོག་པས་ཉི་འཛིན་འབྱུང་བ་དང་། ཉི་ཟླའི་བར་དུ་གོ་ལ་ཆུད་ཚེ་གོ་ལའི་གྲིབ་མ་ཟླ་བར་ཕོག་པས་ཟླ་འཛིན་བྱུང་བ་ཡིན་ནོ།། གལ་ཏེ་བརྟག་པ་མཐའ་བཟུང་གིས་ཉི་འཛིན་བྱུང་དུས། ཉི་འོད་ཕོག་མེད་པའི་ཟླ་བའི་སྟེང་དུ་འུ་ཅག་སོང་ནས་ལྟ་བའི་དབང་དུ་བཏང་ན། སོམས་དང་མིག་ལམ་ཅི་སྣང་བར་འགྱུར། དེར་གདོན་མི་ཟ་བར་ཉིན་མོ་བྱུང་བའི་གོ་ལའི་ངོས་དེར་གྲིབ་མ་ནག་པོ་ཞེང་ཕྲ་མོ་ཅན་ཞིག་ནུབ་ནས་ཤར་དུ་རྒྱུགས་པ་མཐོང་སྟེ། དེ་ནི་ཟླ་བའི་གྲིབ་མ་གོ་ལར་ཕོག་པ་ཡིན་པས་དེ་དུས་གོ་ལར་འཁོད་པ་ཚོས་ཉི་འཛིན་མཐོང་ཞིང་ཟླ་བར་གནས་པ་ཚོས་ས་འཛིན་ཅེས་པའི་མིང་འདོགས་སམ་གང་ལྟར་གོ་ལ་གཟའ་འཛིན་དུ་མཐོང་ངེས་པ་ཡིན། ཞེས་སྨྲའོ།། ཟླ་འཛིན་བྱུང་བའི་རྒྱུ་མཚན་ཉི་འཛིན་གྱི་རིགས་པས་གོ་བར་ནུས་ལ། ཁྱད་པར་ནི་ཉི་ཟླའི་བར་དུ་གོ་ལ་ཆུད་པ་སྟེ་དེ་ལ་ཡང་བརྟག་པ་མཐའ་བཟུང་གིས་ཟླ་འཛིན་བྱུང་དུས་རང་རེ་ཟླ་བའི་སྟེང་ཡོད་པ་ལྟ་ན། ཉི་མ་ལ་སའི་གོ་ལས་སྒྲིབ་པ་མཐོང་སྟེ་གོ་ལའི་སྟེང་ནས་ཟླ་འཛིན་དུ་མཐོང་དུས། ཟླ་བའི་སྟེང་ནས་ཉི་འཛིན་དུ་མཐོང་ལ། དེ་ཡང་ཟླ་བས་བསྒྲིབས་པའི་རིལ་འཛིན་ལས་གོ་ལས་བསྒྲིབས་པའི་ཉི་མ་རིལ་འཛིན་ནི་ཤིན་ཏུ་མཚར་ཆེ་བར་སྣང་འོས་སོ།། ཞེས་འདོད་དོ།། གཞན་ཡང་ཉི་མའི་སྒྲིབ་བྱེད་ཟླ་བ་དང༌། ཟླ་བའི་སྒྲིབ་བྱེད་གོ་ལའི་གཟུགས་གྲིབ་ཡིན་པའི་སྒྲུབ་བྱེད་གཅིག་ནི། ཟླ་བ་ལ་ཆུ་ཁམས་ཞན་པས་ཟླ་དཀྱིལ་སྟེང་སྤྲིན་དང་ན་བུན་སོགས་མེད་པས་ཉི་འཛིན་གྱི་ཚེ་ཁྲིགས་ཆོད་ཀྱི་རི་མོ་ཤར་བ་དང༌། སའི་གོ་ལར་རླུང་ཁམས་ཆེན་པོས་བཏུམས་ཏེ་ཡོད་པས་ན་དེའི་གྲིབ་མ་ལ་ཁྲིགས་ཆོད་ཀྱི་རི་མོ་ཤར་བར་སབ་སིབ་ཏུ་སྣང་བ་འདི་ལ་དཔགས་ན་ཡང་རིགས་པ་རྣོ་བ་ཡིན་ནོ།། ཞེས་ཀྱང་སྨྲའོ།། གཟའ་འཛིན་གྱི་བཤད་སྲོལ་འདི་རྒྱ་རྗེ་ཐང་རྒྱལ་རབས་ཀྱི་རྩིས་མཁན་ཁུང་ཡུན་ཏཱ་ཟེར་བས་ངེས་པ་རྙེད་ནས་སྤེལ་བར་གྲགས་ཏེ། དེས་ཟླ་བ་ལ་རང་འོད་མེད་པ་དང༌། ཟླ་བའི་འོད་ནི་ཉི་མའི་དབང་གིས་བྱུང་བ་དང༌། ཉ་གང་བའི་དུས་ནམ་ཡིན་ལ་ཟླ་འཛིན་མི་འབྱུང་བ་ནི་བགྲོད་ལམ་གྱི་དབང་གིས་ཡིན་པ་དང༌། ཉི་ཟླའི་ལམ་ལ་སྣོལ་སྡེབ་ཀྱི་རྣམ་པ་ཡོད་པ་དང༌། ཉ་སྟོང་ལས་གཞན་ལ་གཟའ་འཛིན་མེད་པའི་གནད་སོགས་སྔོན་མེད་པའི་རིག་པ་རྙེད་དོ་ཞེས་ཤིན་ཏུབསྔགས་སོ།། དེ་ལྟ་ན་ཡང་དུས་དེར་བཤད་སྲོལ་དེ་རྒྱ་རྗེ་གོང་མའི་ཕོ་བྲང་ནང་ཁོ་ནའི་སྐར་རྩིས་ཀྱི་མན་ངག་ཏུ་བྱེད་པ་ལས་ཡོངས་ལ་མི་སྤེལ་བ་ཤས་ཆེ་བའི་སྟབས་ཀྱིས། བོད་དུ་བྱོན་པའི་རྒྱ་བཟའ་ཀོང་ཇོ་སྔ་ཕྱི་རྣམ་གཉིས་ཀྱིས་ཀྱང་ནག་རྩིས་སུ་གྲགས་པའི་རྒྱ་ནག་གི་རྩིས་ཡིག་དུ་མ་བོད་དུ་བསྒྱུར་ན་ཡང༌། དེར་གཙོ་བོར་སྤར་སྨེ་ཀླུང་རྟ་ས་བདག་སོགས་ལས་གཟའ་འཛིན་གྱི་སྒྲོས་ཙམ་ཡང་མ་བྱུང་སྣང་ངོ༌།། དེ་ནས་ཟོའི་རྒྱལ་རིང་གི་དུས་སུ་གཟའ་འཛིན་གྱི་དུས་ཚོད་དང༌། ཡུལ་གྲུ་གང་གང་ནས་མཐོང་བ་དང༌། ཅི་ཙམ་འཛིན་པའི་ཆ་སྲང་བཅས་སྔར་ལས་ཇེ་ཞིབ་ཏུ་བཏང་ནས་གཏན་ལ་ཕབ་པར་གྲགས་སོ།། དེས་ན་བཤད་སྲོལ་ཐུན་མོང་མ་ཡིན་པ་འདི་རང་རེའི་བོད་ཀྱི་ཡིག་ཆར་ཐོག་མར་འགོད་མཁན་ནི། ལྕང་སྐྱ་རོལ་བའི་རྡོ་རྗེའི་སྐུ་དུས་སུ་གོང་མའི་ཕོ་བྲང་དུ་རྒྱུན་བཞུགས་མཛད་མཁན་མཁས་པའི་དབང་པོ་ཨ་ཀྱ་ཧོ་ཐོག་ཐུ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་དེ་ཉིད་ཡིན་ནམ་སྙམ་སྟེ། དེས་གསུང་འབུམ་རྒྱ་ནག་པར་མ་པོད་གཉིས་བཞུགས་པའི་ཟིན་བྲིས་ཤིག་ན་འདི་ལྟར་བྱུང་སྟེ། གཟའ་འཛིན་འབྱུང་བའི་རྒྱུ་ཡང་སྒྲ་གཅན་གྱིས་སྒྲིབ་པ་སོགས་མི་འདོད་ཀྱི། འཇིག་རྟེན་ཆགས་པའི་ས་འདི་ཟླུམ་པོ་ལ་ཉི་ཟླ་གཟའ་སྐར་ཕལ་ཆེ་བ་ཞིག་སྟེང་འོག་ཏུ་འཁོར་ཞིང་འགྲོ་བས་བགྲོད་ཚུལ་གྱི་དབང་གིས་ཉི་མ་ཟླ་བས་སྒྲིབ་པ་དང་ཟླ་བ་ས་གཞི་ཉི་མ་རྣམས་ཐད་དྲང་བོར་བབས་པ་ན་ས་གཞིའི་གྲིབ་མ་ཟླ་བ་ལ་ཕོག་པའི་དབང་གིས་ཟླ་འཛིན་བྱུང་བ་ཡིན་ཟེར། ཞེས་གསུངས་སོ།།

 

གསུམ་པ་ཟླ་བ་རེ་རེ་ལ་གཟའ་འཛིན་མི་འབྱུང་བའི་རྒྱུ་མཚན་འགོད་པ་ནི། སྤྱིར་ལུགས་འདིར་ངེས་པའི་དོན་དུ་ན་ལོ་གཅིག་གི་རིང་གོ་ལས་ཉི་མར་འཁོར་ཐེངས་གཅིག་བྱེད་པ་ཡིན་ཞིང༌། དེ་ལ་བགྲོད་ལམ་ངེས་པ་ཅན་ཡོད་པ་ལ། གོ་ལའི་སྟེང་ནས་བལྟས་ཚོད་ལ་གོ་ལ་གཡོ་མེད་དུ་བརྟན་པོར་གནས་པའི་བར་སྣང་དུ་ཉི་མ་དལ་བུས་བགྲོད་པ་མཐོང་ངོ༌།། དེའི་ལོ་གཅིག་ལ་སྐོར་བ་ཐེངས་གཅིག་བྱེད་རིང་གི་བགྲོད་ལམ་དེ་ལ་སེར་ལམ་ཞེས་པའི་ཐ་སྙད་སྦྱོར་ཞིང༌། བལྟས་ཚོད་ཀྱིས་ཉི་མའི་བགྲོད་ལམ་དུ་སྣང་བ་ཡིན་ནོ།། ཞེས་ཟེར། རྩིས་ཀྱི་ལག་ལེན་དུ་གནམ་ཐིག་སེར་བོའི་དཀྱུས་ཞག་ཟེར་བའང་གནད་འདི་ལ་ཐུག་གོ ཟླ་བ་ནི་གོ་ལར་ཟླ་གཅིག་ལ་ཐེངས་གཅིག་འཁོར་བས་ན། ཟླ་བའི་བགྲོད་ལམ་དེ་ལ་དཀར་ལམ་ཞེས་པའི་ཐ་སྙད་སྦྱོར་རོ།། དེ་ལྟ་བུའི་སེར་ལམ་དང་དཀར་ལམ་དེ་གཉིས་ཀྱི་ཁྱུད་མོ་ཕན་ཚུན་ཆ་ཚད་ལྔ་ལྷག་བཟུར་སྟབས་ཀྱིས་རྭ་གཉིས་སྤྲད་པ་ལྟ་བུའི་སྣོལ་སྡེབ་འབྱུང་བ་ནི་(སྣོལ་སྡེབ་ཅེས་པ་རྒྱ་གྲམ་གྱི་རེ་ཁ་ལ་གོ་དགོས)དཔེར་ན་ཨ་ལོང་ཆེ་ཆུང་གཉིས་གཅིག་ལ་གཅིག་བསྐོན་པའི་ཚེ་ན་སྣོལ་སྡེབ་ཀྱི་གནས་ཕར་ཚུར་གཉིས་ན་གཉིས་ཡོད་པ་དེ་ནི་ཉི་ཟླ་ས་གསུམ་ཚངས་ཐིག་གཅིག་དུ་ཁེལ་བའི་དཔེར་ཤེས་པར་བྱ་ལ། འདི་ལ་རྩིས་ཀྱི་ལག་ལེན་དུ། རྭ་གདོང་བར་ཁྱད་དག་པ་སོགས་སུ་གྲགས་སོ།། ཚངས་ཐིག་ཅེས་པའང་དཔེར་ན་ཟླ་བ་ཉི་མ་དང་གོ་ལའི་བར་དུ་ཆུད་ནས་སྣོལ་སྡེབ་ཀྱི་ཚངས་ཐིག་དངོས་སམ་དེ་དང་ཉེ་བར་དཀར་ལམ་ཆ་སུམ་བརྒྱ་དྲུག་ཅུར་བགོས་པའི་ཆ་ལྔའི་ནང་རོལ་ཡིན་ཚེ་ཉི་འཛིན་འབྱུང་ངེས་པ་དང༌། ཚངས་ཐིག་ཏུ་མ་ཁེལ་བར་མ་ཟད། དེ་དང་ཉེ་བ་ཆ་ལྔའི་ཕན་ཆད་དུ་འདས་ཚེ་ཉི་འཛིན་འབྱུང་མི་སྲིད་དོ།། དེའི་གནད་ནི་ཟླ་བ་ཉི་མ་དང་གོ་ལའི་བར་ཆུད་ན་ཡང༌། ཉི་འཛིན་མི་ཤར་བའི་དུས་དེར་གོ་ལའི་སྟེང་ནས་བལྟས་ཚེ་ཟླ་བ་ཡང་ན་ཉི་མའི་གནས་ལས་མཐོ་ཞིང་ཡང་ན་དམའ་བའི་རྟགས་ཡིན་པས་ན་རྩིས་ཀྱི་ལག་ལེན་དུ་ཟླ་བའི་མཐོ་དམའི་ཆ་རགས་ཟེར་བའང་གནད་འདི་ལ་རེག་གོ ། དེའི་ཕྱིར་ཟླ་བ་ནམ་ཡིན་ལ་ཟླ་འཛིན་དང་ཉི་འཛིན་མི་འབྱུང་བའི་རྒྱུ་མཚན་ནི་རིགས་པ་འདིས་རྗེས་སུ་དཔོག་གོ ། ཞེས་འདོད་དོ།།

 

བཞི་པ་ཉི་འཛིན་རིགས་གསུམ་དང་ཟླ་འཛིན་རིགས་གཉིས་ཀྱི་ཁྱད་པར་བཤད་པ་ནི། ཉི་འཛིན་ལ་རིགས་གསུམ་སྟེ། རིལ་འཛིན་དང༌། གདུབ་འཛིན་དང༌། ཆ་འཛིན་ནོ།། དེ་ལ་རིལ་འཛིན་ནི། ཟླ་བས་ཉི་དཀྱིལ་ཡོངས་རྫོགས་ཁེབས་པར་བསྒྲིབས་པ་སྟེ། འདིའི་ཡུན་ནི་ཅི་ཙམ་རིང་ན་ཡང་སྐར་མའམ་ཧྥེང་བརྒྱད་ལས་མི་འདའ་ཞིང༌། ཕལ་ཆེ་བ་ནི་ཧྥེང་གཉིས་སམ་གསུམ་དང་ཐུང་མཐའ་མེའོ་རེ་གཉིས་ཙམ་ལས་མི་འགྱང་བའོ།། དེ་ཡང་གོ་ལའི་དམར་ལམ་གྱི་ཐད་དུ་ཧྥེང་བརྒྱད་ཙམ་གྱི་ཡུན་འབྱུང་བ་ལས། དེ་ལས་ཞན་པའི་གོ་ལའི་ཟླུམ་ཐད་དུ་ཅི་ཙམ་རིང་ཡང་ཧྥེང་གཉིས་གསུམ་ལས་མི་འབྱུང་བར་བཤད་དོ།། གདུབ་འཛིན་ནི། སྔོན་ཆད་བསྒྱུར་བའི་རྒྱ་རྩིས་གཞུང་དུ་འདིའི་ཐ་སྙད་མི་འབྱུང་ཡང་གོ་དོན་ནི་སྐབས་འགར་ཉི་དཀྱིལ་གྱི་དབུས་སུ་ཟླ་བ་ཁྲིགས་ཀེར་ཚུད་པའི་ཚེ་མཐའ་སྐོར་དུ་ཅུང་མ་ཁེབས་པའི་ཆ་དེར་ཉི་མའི་འོད་གོར་མོ་གདུ་བུ་ལྟ་བུ་ཞིག་སྣང་བ་དེ་ལ་ཉི་མ་གདུབ་འཛིན་དུ་བཏགས་ན། རྒྱ་ཡིག་གི་ཧྭན་ཧྲི་ཞེས་པའི་འགངས་ལེགས་པར་ཐོན་སྣང་ངོ་།། སུམ་པ་པཎྜིཏའི་ཆོས་འབྱུང་གི་མཁས་གྲུབ་རྗེའི་རྣམ་ཐར་དུ་ཉི་མ་གདུབ་འཛིན་གྱི་སྒྲོས་ཤིག་ཡོད་པ་འདི་ལྟར། རབ་ཉི་མེ་སྟག་ལོའི་(སྤྱི་ལོ་༡༧༤༦)གནམ་སྟོང་གི་ཉི་དྲོས་ཉི་མ་རིལ་འཛིན་ཞིག་གི་ཚེ་མཐའ་ཨ་ལོང་འདྲ་བ་ཞིག་ལུས་པ་དེ་དུས་ཀུན་གྱིས་མཐོང་ཞིང་། དེ་ཡང་མངོན་པ་མཛོད་དུ་ཟླ་ཉི་ཆེ་ཆུང་བཤད་པ་དང་ཤིན་ཏུ་འགྲིག་སྟེ། དེའི་ཚེ་ཉི་ཟླ་གཉིས་སྟེང་འོག་རྒྱང་མི་རིང་བར་ཡོད་པའི་གནད་ཀྱིས་ཡིན། ཞེས་གསུངས་འདུག ཉི་མ་ཆ་འཛིན་ནི། ཉི་མའི་དཀྱིལ་འཁོར་ཆ་བརྒྱའམ་ཆ་བཅུར་བགོ་བའི་བཤད་ཚུལ་གཉིས་ལས། གང་ལྟར་རགས་ཞིབ་ཙམ་ལས་དོན་ལ་མི་འདྲ་བ་མེདདོ།། བཅུ་ཆའི་གཅིག་ནས་དགུ་བར་རམ་བརྒྱ་ཆའི་བཅུ་ནས་དགུ་བཅུ་བར་གང་ཡིན་ཡང་ཆ་འཛིན་དུ་གོ་བར་བྱའོ།། ཉི་མ་རིལ་འཛིན་དང་གདུབ་འཛིན་ཤིན་ཏུ་འབྱུང་དཀའ་སྟེ། ཡུལ་གྲུ་འགར་རིལ་འཛིན་དང་གདུབ་འཛིན་དུ་མཐོང་ན་ཡང་ཡུལ་གྲུ་གཞན་ཕལ་ཆེ་བ་ནས་སྐབས་དེར་ཆ་འཛིན་ལས་མི་མཐོང་ངོ༌།། རིལ་འཛིན་དང་ཆ་འཛིན་གྱི་རྣམ་པར་ཤར་དོན་ནི། ཟླ་བ་ལ་གྲིབ་གཟུགས་དངོས་དང་དེའི་ཕྱི་རོལ་དུ་ཡོད་པའི་གྲིབ་འདྲ་གཉིས་ལས། སྔ་མའི་སྲིད་དུ་མ་མཐའ་སྤྱི་ལེ་ཁྲི་ཚོ་སོ་བདུན་ཙམ་ཡོད་ལ། དེ་ཕོག་པའི་སར་གྲིབ་མ་ཧ་ཅང་གནག་པས་རིལ་འཛིན་དུ་མཐོང་བ་དང༌། ཕྱི་མ་ཕོག་པའི་གྲིབ་མ་དེ་ཙམ་མི་འཐུག་པས་ཆ་འཛིན་དུ་མཐོང་བ་ཡིན་ཞེས་འདོད། དེ་གཉིས་ནི་རྒྱ་རྩིས་ཀྱི་ལག་ལེན་དུ་རིམ་པར་ངེས་པའི་གྲིབ་མ་དང༌། གྲིབ་མའི་ཕྱེད་སྲིད་ཅེས་པ་དེ་ཡིན་པ་འདྲའོ།། དེ་ཡང་དཔེར་མཚོན་ན། རབ་རྒྱལ་ལྕགས་སྦྲུལ་ལོའི་བརྒྱད་པའི་ཚེས་གཅིག་(སྤྱི་ལོ་༡༩༤༡ལོའི་དགུ་བའི་ཉེར་གཅིག)གི་ཉིན་གུང་དུས་སུ་ཉི་མ་རིལ་འཛིན་བྱུང་བའི་ཚེ། སྐབས་དེར་ཁོ་བོ་ཅག་གང་དུ་གནས་པའི་རི་ཁྲོད་ཀ་རིང་ཨེ་ཝཾ་དགའ་ཚལ་ནས་བལྟས་དུས། ཧྥེང་གཉིས་ཀྱི་ཡུན་ལ་གློ་བུར་དུ་མུན་རུབ་ཅིང་སྐར་མ་མཐོང་བ་དང་ཀླད་པ་སྙི་བ་རྣམས་མགོ་ཡོམ་འཁོར་ཞིང་སྟོང་སྐྱུགས་བྱེད་པ་དང༌། ནགས་ཀྱི་འདབ་ཆགས་རྣམས་འུར་ཟིང་འཚུབ་ལོང་བྱེད་པས་མཚོན་དེ་དང་ལམ་ཐིག་དྲང་བའི་ཀན་སུའུའི་ཀ་ཅུ་དང༌། ཧུའི་པེ་ཨུ་ཧན་གྲོང་ཁྱེར་སོགས་ནས་རིལ་འཛིན་དུ་མཐོང་ཡང༌། པེ་ཅིན་དང༌། ཧྲང་ཧེ་སོགས་ནས་ཆ་འཛིན་དུ་མཐོང་བའི་མྱོང་བྱང་བཀོད་ཡོད་པ་ལྟ་བུའོ།། ཚུལ་འདི་དང་འདྲ་བ་ཞིག་སུམ་པ་པཎྜིཏའི་རང་རྣམ་དུ་ཡང་བཀོད་འདུག་པ་འདི་ལྟར། རབ་འདོད་ལྕགས་སྦྲུལ་ལོའི་ས་ཟླའི་སྟོང་ལ་ཉི་འཛིན་ཡོད་པའི་རི་མོ་བཻ་དཀར་དང་བྱེད་རྩིས་ལ་མ་ཤར་ཡང་དགའ་ལྡན་རྩིས་གསར་ལ་ནམ་ལངས་ནས་ཆུ་ཚོད་དྲུག་གི་མཚམས་སུ་ཉི་མའི་ཆ་གཅིག་ལྷག་འཛིན་པ་ཤར་བ་མཚོ་སྔོན་གྱི་ས་ཆ་ནས་མཐོང༌། དེའི་ཚེ་ཨ་ལ་ཤ་ནས་ཕྱེད་འཛིན་དང༌། མཁར་སྔོན་ནས་རིལ་འཛིན་སྒྲིབ་བྱུང་ནས་སྐར་མ་ཐམས་ཅད་མཐོང་ཞིང་སྒྲོན་མེ་སྤར་དགོས་བྱུང་འདུག་པས་ཟླ་གཅིག་ལྷག་ཙམ་འགྲོ་དགོས་པའི་བར་ལ་ཁྱད་པར་དེ་ཙམ་འོངས། ཞེས་གསུངས་སོ།། གདུབ་འཛིན་དུ་ཤར་དོན་ནི། ཟླ་བའི་དཀར་ལམ་དེ་དབྱིབས་ཅུང་ཟད་ནར་མོ་ཞིག་ལས་ཟླུམ་པོ་དངོས་གནས་པ་མིན་པས་ཟླ་བ་གོ་ལ་དང་ཉེ་བའི་སྐབས་དང་རིང་བའི་སྐབས་གཉིས་ཡོད། དེ་བཞིན་དུ་སའི་གོ་ལའི་སེར་ལམ་དེ་ཡང་ཟླུམ་པོ་མཚན་ཉིད་པ་ཞིག་མིན་པའི་རྒྱུ་མཚན་གྱིས་གོ་ལ་ཡང་ཉི་མ་དང་ཉེ་བའི་སྐབས་དང་རིང་བའི་སྐབས་གཉིས་ཡོད་པ་ལྟར་དུ་ཟླ་བ་ཡང་ཉི་མ་དང་ཉེ་བའི་སྐབས་དང་རིང་བའི་སྐབས་གཉིས་ལས། གདུབ་འཛིན་ཤར་བའི་དུས་སུ་ཟླ་བ་ཉི་མ་དང་ཉེ་བའི་སྐབས་ཡིན་ནོ།། གདུབ་འཛིན་གྱི་དུས་སུ་ཟླ་བའི་གྲིབ་གཟུགས་དངོས་ས་ཐོག་ཏུ་མི་འབབ་སྟེ། དེ་དུས་ཟླ་བ་གོ་ལ་དང་རིང་བའི་རྒྱུ་མཚན་གྱིས་ཡིན་ནོ།། ཟླ་བ་གོ་ལ་དང་ཅི་ཙམ་རིང་བས་ཉི་མ་དང་དེ་ཙམ་གྱིས་ཉེ་བར་སྣང་བའི་སྐབས་གཅིག་ཡོད་དོ།། གདུབ་འཛིན་གྱི་ཚེ་ན་ཟླ་བ་ཉི་མ་ལས་ཆུང་བའི་ཚུལ་ཡང་བདེ་བླག་ཏུ་རྟོགས་པར་ནུས་སོ།། ཟླ་འཛིན་ལ་རིགས་གཉིས་ཏེ། རིལ་འཛིན་དང་ཆ་འཛིན་ནོ།། རིལ་འཛིན་ལ་སྐབས་འགར་ཡུན་ཧ་ཅང་རིང་བའི་ཚེ་ཆུ་ཚོད་གསུམ་མམ་བཞི་ཡོད་པ་ལས་རིལ་བོར་སྒྲིབ་ཡུན་ལ་ཡང་ཆུ་ཚོད་གཉིས་ཙམ་འབྱུང་སྲིད་དོ།། སའི་གོ་ལར་གྲིབ་གཟུགས་དངོས་དང༌། གྲིབ་འདྲ་གཉིས་ལས་ཕྱི་མ་ལ་འོད་ཤིན་ཏུ་ཆེ་བས་ཟླ་བ་དེའི་ནང་དུ་སོན་ཀྱང་ཟླ་འཛིན་གྱི་རྣམ་པ་མི་ཤར་ལ། གོ་ལའི་གྲིབ་གཟུགས་དངོས་ཀྱི་ནང་དུ་ཟླ་བའི་ཆ་ཤས་སམ་ཟླ་བ་རིལ་བོ་སོན་ཚེ་ཟླ་འཛིན་དུ་མཐོང་ཐུབ་པའི་ཁྱད་པར་སྣང་ངོ་།། ཟླ་བ་ལ་གདུབ་འཛིན་མེད་དེ་གོ་ལའི་གྲིབ་གཟུགས་ཐུང་ཤོས་ལའང་སྤྱི་ལེ་ཁྲི་ཚོ་བརྒྱ་སོ་བདུན་དང་བདུན་སྟོང་ཡོད། ས་ཟླ་གཉིས་ཀྱི་བར་འགྱངས་ཆེས་རིང་ཚད་ལ་ཡང་སྤྱི་ལེ་ཁྲི་ཚོ་བཞི་བཅུ་དང་བརྒྱད་སྟོང་ཡིན་པས་གྲིབ་གཟུགས་ཧ་ཅང་རིང་བས་ཟླ་འཛིན་བྱུང་སྐབས་གྲིབ་གཟུགས་དེའི་རྩེ་མོ་ཙམ་ཞིག་ལས་མི་ཕོག་པ་འབྱུང་མི་སྲིད་པའི་གནད་འདི་ལ་ཐུག་པར་འདོད་དོ།།

 

ལྔ་བ་ཟླ་བའི་འཕེལ་འགྲིབ་ཀྱི་གང་སྟོང་དང་ཟླ་བ་གཟའ་འཛིན་ནི་ཐ་དད་པའི་དོན་གཉིས་ཡིན་པ་བཤད་པ་ནི། ཟླ་བའི་ཕྱོགས་གཅིག་ལ་ཉི་འོད་ཕོག་པ་དང་ཕྱོགས་གཅིག་ལ་ཉི་འོད་མི་ཕོག་པ་ནི་ལུགས་འདིར་རྣམ་པ་ཀུན་ཏུ་འགྱུར་བ་མེད་ན་ཡང་སའི་གོ་ལའི་སྟེང་ནས་བལྟས་ཚོད་ལ་སྐབས་འགར་ཟླ་ཚེས་དང༌། སྐབས་འགར་ཉ་གང་བ་དང༌། སྐབས་འགར་མི་མཐོང་བ་སྟེ་ཟླ་བ་ལ་འཕེལ་འགྲིབ་འོང་ངོ༌།། ཟླ་བ་གོ་ལ་དང་ཉི་མའི་བར་དུ་ཚུད་པའི་ཚེ་ཡང་ཉི་མ་ལ་སྟོན་པའི་ཕྱོགས་དེར་འོད་འཕྲོ་ཞིང༌། གོ་ལར་སྟོན་པའི་ཕྱོགས་དེར་འོད་མེདདོ།། གལ་ཏེ་དུས་དེར་སྣོལ་སྡེབ་ཀྱི་ཚངས་ཐིག་དངོས་སམ་དེ་དང་ཉེ་བར་སོན་ཚེ་གདོན་མི་ཟ་བར་ཉི་འཛིན་འབྱུང་བ་དང་སྣོལ་སྡེབ་ཀྱི་ཐིག་དང་བར་ཐག་རིང་བར་གྱུར་ནས་ས་ཟླ་གཉིས་ལ་མཐོ་དམན་བྱུང་ཚེ་ཉི་འཛིན་མི་འབྱུང་བ་སྔར་ཡང་བཤད་པ་ལྟར་ལ། དུས་དེར་ཡང་ཟླ་བ་ནམ་མཁར་གནས་པ་ལ་སུས་ཀྱང་བསྙོན་དུ་མེད་པས་དེའི་ཚེ་ཉི་འོད་ཀྱི་གཟི་ཆེ་སྟབས་ཤའི་མིག་གིས་ཟླ་བ་མ་མཐོང་བ་ཡིན་ནོ།། ཚེས་ཞག་མ་ལྟར་ན་དུས་དེ་ནི་ཚེས་གཅིག་ཡིན། དེའི་ཕྱིར་ཉི་འཛིན་ཚེས་གཅིག་ལ་འབྱུང་དགོས་པའི་གནད་ཀྱང་དེ་ལ་ཐུག་གོ ཟླ་བའི་འཕེལ་འགྲིབ་ཐེངས་གཅིག་ནི། ཉིན་ཞག་མ་ལྟར་ན་ཞག་ཉེར་བདུན། ཆུ་ཚོད་བདུན། ཧྥེང་ཞེ་གསུམ། མེའོ་བཅུ་གཅིག དེའི་ཆ་ཤས་ཞེ་བདུན་དང༌། ཚེས་ཞག་ལྟར་ན་ཞག་ཉེར་དགུ། ཆུ་ཚོད་བཅུ་གཉིས། ཧྥེང་ཞེ་བཞི། མེའོ་གཉིས། དེའི་ཆ་ཤས་དོན་བརྒྱད་ཀྱི་ཡུན་ཏེ། དེའི་རིང་ལ་ཟླ་བའི་བགྲོད་པ་གཅིག་རྫོགས་པ་ཡིན་ནོ།། ཚེས་གཅིག་ནས་བཟུང་ཚེས་སུམ་ཅུའི་བར་དུ་ཟླ་བའི་ངོས་ནས་ཕྱོགས་གཅིག་ཉི་མར་འཁོར་བས་འོད་འཕྲོ་ཞིང༌། ཕྱོགས་གཅིག་ལ་ཉི་འོད་མི་འཕོག་པས་མུན་འཐིབས་པ་ཡིན་ཡང༌། གོ་ལའི་སྟེང་ནས་བལྟས་ཚེ་ཡར་གྱི་ངོ་ནས་བཟུང་ཟླ་བ་སེན་རྗེས་ཀྱི་དབྱིབས་ཅན་དང༌། སྨིན་མའི་དབྱིབས་ཅན་དང༌། ཟོར་བའི་དབྱིབས་ཅན་དང༌། ཟླ་གམ་གྱི་དབྱིབས་སུ་མཐོང་ལ། དེ་ནས་ཚེས་བཅོ་ལྔ་ལ་སླེབས་ཚེ། ཚུར་བསྟན་པའི་ཟླ་བའི་ངོས་དེར་ཉི་འོད་ཕོག་ཚད་མཐར་གཏུགས་ནས་ཟླ་བའི་འཕེལ་བ་ཡོངས་སུ་རྫོགས་པའི་དུས་དེར། ཟླ་བ་ཉི་མ་ལ་ཕྱོགས་པའི་ཚད་ཅི་ཙམ་པ་དེ་སའི་གོ་ལར་ཕྱོགས་ནས་ཡོད། དེའི་ཕྱིར་དུས་དེར་ཟླ་བའི་ཉ་ཡོངས་སུ་གང་བ་ཡིན། རིགས་པ་དེས་མར་ངོ་ཡང་ཤེས་སླའོ།། འོན་ཀྱང་ཡར་ངོའི་དུས་ཟླ་བའི་རྭ་ཤར་དུ་འཁོར་ཞིང་མར་ངོའི་དུས་སུ་ནུབ་ཏུ་འཁོར་བ་ནི་མི་འདྲ་བའི་ཁྱད་པར་རོ།། རྒྱུ་མཚན་དེ་དག་གི་ཕྱིར་ཟླ་བ་ལ་རང་སྟེང་ནས་འོད་མེད་པ་གྲུབ་བོ།། གལ་ཏེ་ཟླ་བ་རང་སྟེང་ནས་འོད་ཡོད་ན་ཡར་ངོ་མར་ངོ་ནམ་དུ་ཡང་ཟླ་བ་ཉ་གང་ནས་ཡོད་དགོས་སོ།། དེ་བས་ན་ཟླ་བའི་འཕེལ་འགྲིབ་དང་ཟླ་འཛིན་གཉིས་ཀྱི་ཁྱད་ཕྱེད་དགོས་ཏེ། འཕེལ་འགྲིབ་ནི་ཉི་ཟླ་ས་གསུམ་གྱི་གནས་ཡུལ་མི་འདྲ་བའི་དབང་ལས་བྱུང་བ་དང༌། ཟླ་འཛིན་ནི་དེ་གསུམ་ཚངས་ཐིག་གཅིག་ཏུ་བབས་ནས་གོ་ལའི་གཟུགས་གྲིབ་ཀྱིས་སྒྲིབ་པ་ཡིན་ནོ།། ཞེས་འདོད་དོ།། ཡར་ངོ་དང་མར་ངོ༌། དཀར་ཕྱོགས་དང་དམར་ཕྱོགས་ཞེས་པའི་ཐ་སྙད་ནི་རྒྱ་གར་ལས་བྱུང་བ་དང༌། རྒྱ་ནག་ལྟར་ན་ཟླ་སྟོད། ཟླ་དཀྱིལ། ཟླ་སྨད་ཅེས་ཉིན་བཅུ་རེ་ལ་དེ་དག་གི་ཐ་སྙད་འདོགས་པའི་ཁྱད་པར་ཡང་ཤེས་པར་བྱའོ།།

 

དྲུག་པ་རིལ་འཛིན་དང་ཆ་འཛིན་གྱི་དུས་ཚོད་ལྔ་དང་གསུམ་གྱི་ཁྱད་པར་བཤད་པ་ནི། རིལ་འཛིན་ལ་དུས་ཚོད་ལྔ་སྟེ། འཛིན་མགོ་རྩོམ་དུས། བསྒྲིབས་མ་ཐག་དུས། བསྒྲིབས་མཐར་སོན་དུས། འོད་འགྱེད་རྩོམ་དུས། རྫོགས་པར་གྲོལ་དུས་སོ།། ཆ་འཛིན་ལ་དུས་ཆོད་གསུམ་སྟེ། གཉིས་པ་དང་བཞི་བ་དོར་བའི་ལྷག་མ་གསུམ་མོ།། དེ་ལ་འཛིན་མགོ་རྩོམ་དུས་ནི་ཉི་ཟླ་རིལ་འཛིན་དང་ཆ་འཛིན་གང་ཡིན་ཀྱང་འདྲ་སྟེ་ཐོག་མར་སྒྲིབ་པའི་མགོ་ཚུགས་དུས་ཡིན། བསྒྲིབས་མ་ཐག་དུས་ནི་ཉི་ཟླ་གང་ཡིན་ཡང་རིལ་འཛིན་གྱི་རྣམ་པ་ཤར་མ་ཐག་གི་དུས་ཏེ་འདི་རིལ་འཛིན་གྱི་སྒེར་ཆོས་ལས་ཆ་འཛིན་ལ་མེད་དོ།། བསྒྲིབས་མཐར་སོན་དུས་ནི། ཆ་འཛིན་ལ་མཚོན་ན་ཉི་མར་ཟླ་བས་བསྒྲིབས་ཚད་མཐར་ཐུག་པའམ། ཟླ་བར་གོ་ལའི་གཟུགས་གྲིབ་ཕོག་པ་མཐར་ཐུག་པའི་ཚད་དང་། རིལ་འཛིན་ལ་མཚོན་ན། ཟླ་ཉིའི་སྒྲིབ་བྱེད་གང་ཡིན་པ་དེས་རིལ་བོར་བསྒྲིབས་པར་མ་ཟད། དེ་ཕན་ཆད་དུ་འགྲོ་རྒྱུར་གཏུགས་པའི་དུས་སོ།། འོད་འགྱེད་རྩོམ་དུས་ནི། རྩིས་ཀྱི་ལག་ལེན་དུ་མཐའ་ནས་གསོ་དུས་ཞེས་བསྒྱུར་བ་དེ་ཡིན་ལ། འདི་ཡང་ཟླ་ཉིའི་རིལ་འཛིན་གྱི་སྒེར་ཆོས་ལས་ཆ་འཛིན་མི་འབྱུང་སྟེ། ཟླ་ཉི་རང་རང་གི་སྒྲིབ་བྱེད་ཀྱིས་རིལ་བོར་བསྒྲིབས་པ་ལས་སླར་ཡང་སོས་པའི་མགོ་ཚུགས་ནས་འོད་གསར་དུ་སྦྱིན་པའི་དུས་སོ།། རྫོགས་པར་གྲོལ་དུས་ནི་རིལ་འཛིན་དང་ཆ་འཛིན་གཉིས་ཀར་འདྲ་སྟེ། གཟའ་འཛིན་གྱི་ཆོ་ག་ཡོངས་སུ་རྫོགས་པའི་དུས་སོ།། དེའི་ཕྱིར་དུས་ཚོད་དེ་རེ་རེ་ལ་ཆུ་ཚོད་འཁོར་ལོའི་སྟེང་ནས་དུས་ཁེ་ཧྥེང་མེའོ་མི་འདྲ་བ་རེའི་གནས་སྐབས་འཆར་རྒྱུ་ཡོ་དོ།།

 

བདུན་པ་འཛིན་པའི་ཆ་སྲང་འཛིན་གཏོང་གི་ཕྱོགས་ཁ་དོག་བཅས་ཀྱི་གོ་དོན་བཤད་པ་ནི། ཉི་ཟླ་གང་ཡིན་ཀྱང་ཟླུམ་དཀྱིལ་གྱི་མཐའ་ནས་མཐའི་བར་དུ་ཆ་བཅུར་ཡིད་ཚོད་ཀྱིས་བགོས་པ་ལ། སྒྲིབ་བྱེད་ཀྱིས་དེའི་ཆ་གཅིག་གམ་གཉིས་སོགས་ཟིན་པ་ལ་ཆ་འཛིན་དང༌། ཆ་བཅུ་ཡོངས་རྫོགས་ཟིན་པ་ལ་རིལ་འཛིན་དང༌། ཆ་ལྔ་ཟིན་པ་ལ་ཕྱེད་འཛིན་ཅེས་བརྡ་སྦྱོར་ཞིང༌། སྐབས་འགར་ཉི་འཛིན་གྱི་སྐབས་སུ་ཉི་མ་ཆ་བརྒྱར་བགོས་ནས་འཛིན་ཆའི་ཁ་དམར་འདོགས་པའང་གོང་གི་རིགས་པ་དེས་ཤེས་སླ་སྟེ། དཔེར་ན་ཆ་ལྔ་བཅུ་ཟིན་པ་ནི་ཕྱེད་འཛིན་ཡིན་པ་ལྟ་བུའོ།། འཛིན་གཏོང་གི་ཕྱོགས་ཀྱི་གོ་དོན་ནི། ཟླ་འཛིན་ལ་མཚོན་ན། ཟླ་བ་བར་མ་ཆད་པར་ནུབ་ནས་ཤར་དུ་ཕྱོགས་ཏེ་སའི་གོ་ལར་སྐོར་བ་བྱེད་པས་ན། ཟླ་བའི་ཤར་ངོས་དེ་ཐོག་མར་གོ་ལའི་གཟུགས་གྲིབ་དང་ཕྲད་པ་དང༌། ཕྱོགས་དེར་ཐོག་མར་མུན་འཐིབ་པ་བཞིན་དུ། གཏོང་བའི་སྐབས་སུ་ཡང་ཕྱོགས་དེ་ནས་ཐོག་མར་གྲིབ་གཟུགས་དང་ཁ་འབྲལ་ཞིང༌། ཕྱོགས་དེ་ནས་ཐོག་མར་འོད་འབྱིན་ནོ།། རིག་པ་འདིས་ཉི་མའི་འཛིན་གཏོང་གི་ཕྱོགས་ཀྱང་རིག་པར་བྱའོ།། ཟླ་བ་རིལ་འཛིན་སྐབས་སུ་ཁ་དོག་ལ་ལྕགས་སྲེག་གི་མདོག་ལྟ་བུར་ཤར་བ་ནི། གོ་ལའི་མུ་ཁྱུད་ཀྱི་རླུང་ཁམས་ལ་ཉི་འོད་ཕོགས་པའི་འོད་དེ་སླར་ཡང་ཟླ་བའི་ངོས་ལ་ཤར་བའི་མདངས་སུ་འདོད་ལ། དེ་བཞིན་དུ་ཉི་འཛིན་སྐབས་སུ་ཁ་དོག་སྔོ་བསངས་ཤར་བ་ནི་ཟླ་གཟུགས་མུན་འཐིབས་པའི་རྣམ་པ་དེ་ཤར་བར་འདོད་དོ།།

 

བརྒྱད་པ་ཉི་ཟླ་གཟའ་འཛིན་གཉིས་ཀྱི་གང་མང་བཤད་པ་ནི། སྤྱིར་རང་རེའི་མཐོང་ཚོད་ཀྱི་དབང་དུ་བཏང་ན། ཉི་འཛིན་མཐོང་བ་ཉུང་ཞིང་ཟླ་འཛིན་མཐོང་བ་མང་ངོ༌།། ངེས་པའི་དོན་དུ་ན། ཟླ་འཛིན་ལས་ཉི་འཛིན་མང་དུ་འབྱུང་ཡང་ཉི་འཛིན་བྱུང་ཚད་མཐོང་དཀའ་བས་སོ།། རྩིས་ཁོག་ཏུ་ཤར་བ་ལྟར་ན། ལོ་གཅིག་ལ་ཉི་འཛིན་ཉུང་ཤོས་ཚར་གཉིས་དང༌། མང་ཤོས་ཚར་ལྔ་འབྱུང་བ་དང༌། ཟླ་འཛིན་ཅི་ཙམ་མང་ཡང་ཚར་གསུམ་ལྷག་ཡོད་མི་སྲིད་ལ། གཏན་ནས་མེད་པའི་ལོ་ཡང་ཡོད་དོ།། ཉི་འཛིན་མཐོང་དཀའ་བའི་རྒྱུ་མཚན་གསལ་བར་བཤད་ན་འདི་ལྟར། ཉི་འཛིན་གྱི་སྐབས་སུ་སྒྲིབ་བྱེད་ཟླ་བའི་གྲིབ་གཟུགས་དངོས་སམ། གྲིབ་འདྲ་གོ་ལར་ཕོག་པའི་སར་ཉི་འཛིན་མཐོང་བ་ལས་གྲིབ་གཟུགས་སམ་གྲིབ་འདྲ་མེད་སར་གཏན་ནས་མི་མཐོང༌། དེ་ཡང་ཟླ་བ་བོངས་ཆུང་བས་དེའི་གྲིབ་མ་ཡང་ཆུང་སྟེ། གྲིབ་གཟུགས་དངོས་ཀྱི་སྲིད་དུ་སྤྱི་ལེ་ཉིས་བརྒྱ་བདུན་ཅུ་ལས་མེད། ཉི་མ་གདུབ་འཛིན་ལེགས་པར་མཐོང་ཐུབ་པའི་ས་ཁྱོན་དུ་སྤྱི་ལེ་བཞི་བརྒྱ་ལྔ་བཅུ་ལས་མེད། ཟླ་བའི་གྲིབ་འདྲ་ནི་གྲིབ་གཟུགས་དངོས་ལས་ཅུང་ཟད་ཞེང་ཁ་ཆེ་སྟེ། སའི་ཐོག་ཏུ་སྤྱི་ལེ་བདུན་སྟོང་ཙམ་ཡོད། འོན་ཀྱང་གྲིབ་གཟུགས་དངོས་དང་ཐག་ཉེ་ས་ནས་མངོན་ཙམ་གྱི་ཆ་འཛིན་མཐོང་ན་ཡང༌། གྲིབ་འདྲ་ཕྱོགས་སུ་གཞོལ་ཆེ་ས་ནས་ཆ་འཛིན་ཕྲ་མོ་ཙམ་ལས་མི་མཐོང་བས་ཉི་འཛིན་ཡོད་ཀྱང་དམངས་མར་སྣང་ལ་མ་ངེས་པའི་བློ་སྐྱེས་པར་ཟད་དོ།། ཉི་འཛིན་མཐོང་ཐུབ་པའི་ས་ཐོག་གི་རྒྱུད་ལ་མཚོན་ན། སྐབས་འགར་རིང་ཚད་སྤྱི་ལེ་ཁྲི་ཚོ་རེ་ཡོད་སྲིད་ཀྱང༌ཞེང་ཁ་ཤིན་ཏུ་ཕྲ། ཉི་འཛིན་གྱི་རྒྱུད་ཕྲ་མོ་དེ་ཡང་ཕལ་ཆེར་རྒྱ་མཚོའི་གླིང་ངམ། བྲག་གཡང་གཅོང་རོང་ཟབ་མོར་ཁེལ་ཚེ་སུས་ཀྱང་མཐོང་དཀའོ།། དེ་ཡང་ས་ཁུལ་གཅིག་ལ་ཆ་བཞག་ན། ཆ་སྙོམས་ལོ་བཞི་བརྒྱའི་རིང་ལ་ཉི་མ་རིལ་འཛིན་རེ་རེ་ལས་མི་མཐོང་ཞིང༌། མི་ཚེ་གང་བོར་ཉི་མ་རིལ་འཛིན་མི་མཐོང་བ་ཡང་ཡོད་དོ།། ཟླ་འཛིན་ནི་དེ་ལྟ་མ་ཡིན་ཏེ། གོ་ལའི་གྲིབ་མ་ཤིན་ཏུ་ཆེ་བས། གོ་ལ་ཕྱེད་ཀ་ཡོངས་རྫོགས་ནས་མཐོང་ཐུབ་པ་དང༌། ལྷག་པར་ཟླ་བ་རིལ་འཛིན་ལ་མཚོན་ན། མགོ་ཚུགས་པ་ནས་གྲོལ་ཟིན་བར་དུ་ཆུ་ཚོད་བཞི་ལྷག་འགྱང་སྲིད་པས། དུས་དེར་གོ་ལ་རང་འགྲོས་ཀྱི་དྲུག་ཆ་གཅིག་འགྲོ་སྟབས། གོ་ལ་ཕྱེད་ཀྱི་ལྗོངས་སུ་འཁོད་པའི་སྐྱེ་འགྲོས་མཐོང་ཐུབ་བོ།། ཞེས་འདོད་དོ།། ཙི་ནའི་ལུགས་ཀྱི་གཟའ་འཛིན་འདི་རྣམ་པར་དག་པའི་རྒྱུ་མཚན་ནི་གཙོ་བོ་ལོ་ངོ་སྟོང་ཕྲག་དུ་མའི་མྱོང་བྱང་བསགས་ནས་རི་མོའི་ངེས་པ་ཇེ་དག་ཏུ་བཏང་བ་དང༌། དུས་ཕྱིས་ལོ་ཉིས་བརྒྱའི་སྔོན་ཙམ་ནས་གཟའ་སྐར་ལ་ལྟ་བའི་འཕྲུལ་གྱི་རྒྱང་མཐོང་གིས་ཡང་ཡང་རྟོག་འཇུག་བྱས་པ་དང༌། ཁྱད་པར་དུ་རྒྱལ་ཁབ་ཕྱི་རོལ་གྱི་རྩིས་རིག་པ་རྣམས་དང་ཟབ་འབྲེལ་བསྒྲིགས་ནས་གོ་བསྡུར་ཞིབ་འཇུག་བྱེད་རེས་ཟམ་མ་ཆད་པ་བཅས་ཀྱི་ཐབས་མཁས་དང་ལྡན་པའི་དབང་གིས་ཡིན་ནོ།། ཞེས་གོ་བར་བྱའོ།། མྱོང་བྱང་བསགས་པའི་ཚུལ་ཡང༌། ཉི་འཛིན་ལ་གྲགས་ཚོད་ལྟར་ན་ཆེས་སྔ་ཤོས་སྤྱི་ལོ་སྔོན་༢༡༣༧ ལོའི་བཅུ་བའི་ཉེར་གཉིས་ཀྱི་ཉི་འཛིན་མྱོང་བྱང་ཡོད་པར་བཤད་དེ། དེ་ལ་སྤྱི་ལོ་ཚུགས་ནས་འདས་པའི་ལོ་༡༩༦༢ བསྲེས་པས་ད་ལྟ་ཡན་ལ་ལོ་༤༠༩༩ ལོན་པ་དང༌། རྩོད་མེད་ཀྱི་མྱོང་བྱང་ནི་སྤྱི་ལོ་སྔོན་༧༧༦ ལོའི་ཉི་འཛིན་མྱོང་བྱང་ཡོད་དེ། དེ་ནི་ཡོ་རུབ་གླིང་གི་མྱོང་བྱང་ལས་ལོ་བརྒྱ་དང་གོ་གཅིག་གིས་སྔ་བ་དང༌། འདི་ལ་སྤྱི་ལོའི་འདས་ལོ་༡༩༦༢ བསྲེས་པས་ད་ལྟ་རབ་རྒྱལ་ཆུ་སྟག་ཡན་ལ་ལོ་༢༧༣༨ ལོན་ཏེ་ཕུག་ལུགས་ལྟར་ན་བདག་ཅག་གི་སྟོན་པ་འདས་ནས་ལོ་བརྒྱ་དང་ལྔ་བ་སྟེ་སྟོན་པའི་གཏད་རབས་བདུན་གྱི་དུས་སོ།། མདོར་ན་དབང་ཕྱོགས་ཙི་ནའི་ལྗོངས་སུ་གནའ་སྔ་མོ་ནས་སྐར་རྩིས་རིག་པ་ཤིན་ཏུ་དར་ཆེ་ཞིང་གཞན་ལ་ངོམ་དུ་རི་བའི་བྱས་རྗེས་མང་བ་དང༌། བློ་ངོར་འཆར་བདེ་བའི་དཔེ་རིས་དང༌། གོང་འོག་འདུམ་བདེ་བའི་གཞུང་སོགས་དུས་ཐོག་དེ་དང་དེའི་མཁས་པའི་བརྩམ་ཆོས་ཧ་ཅང་མང་ན་ཡང༌། འདིར་རང་གི་བློ་ཚོད་དང་བསྟུན་ནས་སྙིང་བོ་ཙམ་ཞིག་བསྟུས་ཏེ་བྲིས་པ་རང་དང་སྐལ་མཉམ་རྣམས་ལ་རིག་པའི་བགོ་བཤའ་ཕྲ་མོ་ཞིག་ཕུལ་བའི་དོད་དུ་འགྱུར་ཡང་སྲིད་སྙམ་པ་སྟེ། རེ་ཞིག་མཇུག་ཉེ་བར་རྫོགས་སོ།། །།

 

འདིར་སྨྲས་པ། ཀོ་ཀིའི་གདངས་སྙན་པའི་བརྗོད་བྱེད་སྒྲས། །ཁོ་ལག་ཡོངས་སུ་རྫོགས་པའི་རྒྱ་རྩིས་ཀྱི། །གོ་དོན་རྣམ་གཞག་རྩི་ནའི་རིང་ལུགས་གང༌། །ངོ་མཚར་གླེགས་བུའི་ལྟོ་བར་བསྐྱིལ་འདི་རྨད། །བཤད་སྲོལ་དཀྱུས་དང་གཏན་ནས་མི་མཐུན་པའི། །ཉི་ཟླ་ས་གསུམ་ནམ་མཁར་འཁོར་ཚུལ་གྱིས། །གཟའ་འཛིན་འཆར་བ་ཡིན་ཞེས་འཛམ་གླིང་དུ། །ད་ལྟ་སྐྱེ་བོ་ཡོངས་ལ་རླུང་ལྟར་གྲགས། །གང་ཡང་རླན་གཤེར་ཕོར་གང་ལས་ཅན་གྱི། །ལྷ་མི་ཡི་དྭགས་གསུམ་གྱི་སྣང་ཚུལ་དཔེས། །ཀུན་རྫོབ་འཇིག་རྟེན་སྣོད་བཅུད་ལྟད་མོ་ལ། །སྣ་ཚོགས་མཐོང་སྣང་འཆར་བ་སུ་ཡིས་འགོག །ངེས་འབྱུང་བསམ་པའི་ནོར་ལྡན་དགེ་སྦྱོང་དང༌། །བཟའ་ཉོག་སྡུག་ཕྲུག་སྐྱོང་བའི་ཁྱིམ་བདག་གཉིས། །ཁྱིམ་གྱི་འདོད་ཡོན་གཞི་གཅིག་ལ་ལྟ་བའི། །དགའ་སྡུག་སྣང་འཆར་འདྲ་བར་ཡོད་དམ་ཅི། །ཡང་གཅིག་ཕལ་བོ་ཆེ་ཡི་མདོ་ཉིད་དུ། །འཇིག་རྟེན་ལ་ལ་གྲུ་བཞི་ཟླུམ་པོ་དང༌། །ལ་ལ་ཟུར་གསུམ་སྣྲེལ་ཞི་རུ། །གསུངས་པའི་ཞིང་ཁམས་དེ་ཡང་རྗེས་སུ་སོམས། །དྲན་ཉེ་མདོ་རུ་ཉི་ཟླའི་འོད་ཟེར་གྱིས། །མ་ཁྱབ་རྒྱ་མཚོ་ཆེན་པོའི་ཕྱེད་ཀྱི་ན། །མུན་པ་ཆེན་པོས་ཁེབས་པར་གསུངས་པ་སོགས། །ཡོངས་གྲགས་མངོན་པའི་ལུགས་ལས་གཞན་མིན་ནམ། །དུས་ཀྱི་འཁོར་ལོའི་ལྷུན་པོ་རྭ་ལྔ་བ། །བསིལ་རིས་གབ་པའི་ཚུལ་ལ་རབ་རྨོངས་ཤིང༌། །མངོན་པར་གཅིག་ཏུ་ཞེན་པའི་བློ་ཁྱད་ཀྱིས། །རི་རབ་འཚོལ་བའི་ངལ་བ་ཚེགས་སུ་ཆེ། དཔལ་ལྡན་ཆོས་ཀྱི་གྲགས་པས་བྲམ་ཟེ་མོའི། །རྐང་སོར་ཐ་གུའི་གསང་ཚིག་བླངས་པ་བཞིན། །འདིར་ཡང་ཙི་ནའི་སྐར་རྩིས་ལས་འོངས་བའི། །གསང་ཚིག་ཉེ་བར་བཀོད་ལ་འགལ་ཅི་ཡོད། །རྒྱུ་མཚན་མ་རྟོགས་རི་མོའི་གབ་རིས་དང༌། །གཞན་ལུགས་མ་ངེས་རང་ལུགས་སྒྲོས་འགེབས་ཀྱི། །རྩིས་འབྲས་ལུང་དུ་སྟོན་པའི་སྐར་རྩིས་མཁན། །དེ་དག་མལ་དུ་བདེ་བར་གཟིམས་ན་ལེགས། །ཕྱི་ནང་རྣམ་གཞག་སོ་སོའི་ཁྱད་པར་ཆོས། །ཀུ་ཤའི་རྩེ་ལྟར་མ་འདྲེས་ཕྱེད་བའི་བློས། །བརྒལ་ཞིང་བརྟག་གམ་བླང་དོར་གང་བྱེད་དེ། །ལྔ་རིག་མཁས་པའི་སྤྱོད་ཡུལ་ཁོ་ན་ཡིན། །དེ་སྐད་སྨྲ་ལ་སྤོབས་པའི་གཟེངས་མཐོ་བ། །ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་ཡིས། །ཚུལ་འདིར་རྣམ་དཔྱོད་ཡངས་པའི་སྐལ་བཟང་ལ། །སྔོན་མེད་རིག་པའི་སྐྱེས་སུ་བསྟབས་པ་དགེ  །།

 

གཟའ་འཛིན་དང་ཟླ་བ་ཆེ་ཆུང་གི་རེའུ་མིག 

༄༅།།དང་བོའི་སངས་རྒྱས་དུས་ཀྱི་འཁོར་ལོ་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། དེ་ལ་འདིར་ཉི་ཟླ་གཟའ་འཛིན་གྱི་རྩིས་ལ་གནའ་དུས་རིང་མོ་ནས་མཁས་པ་སོ་སོའི་རིག་འཕྲུལ་སྣ་ཚོགས་པའི་སྒོ་ནས་རྟོགས་ཐབས་དུ་མ་ཞིག་མཛད་ལ། གྲགས་ཆེ་བ་ནི་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ལྟར་ཉི་ཟླ་གཉིས་རླུང་གི་གོ་ལའི་སྟེང་དུ་རང་འགྲོས་ཀྱིས་གཡོན་སྐོར་དང༌། རླུང་འགྲོས་ཀྱི་གཡས་སྐོར་དུ་བར་མ་ཆད་པར་འཁོར་བའི་བར་མཚམས་དག་ཏུ་སྒྲ་གཅན་རྣམ་པ་ཀུན་ཏུ་གཡས་སུ་འཁོར་བའི་དབང་གིས་སྒྲ་གཅན་རང་གཟུགས་ཟླ་བར་ཕོག་ན་ཟླ་འཛིན་དང༌། ཉི་མར་ཕོག་ན་ཉི་འཛིན་གྱི་རི་མོ་འཁྲུལ་བ་མེད་པར་སྟོན་པ་བཤད་སྲོལ་ཆེན་པོ་གཅིག་དང༌། ཡང་ཉི་མ་བརྟེན་གཞི་བྱས་ནས་སའི་གོ་ལ་གཡོན་དུ་འཁོར་ཞིང༌། སའི་གོ་ལ་བརྟེན་གཞི་བྱས་ནས་ཟླ་བ་གཡོན་དུ་འཁོར་བའི་དབང་གིས་སྐབས་འགར་ཉི་མ་དང་ཟླ་བའི་བར་དུ་སའི་གོ་ལ་ཆུད་ནས་གསུམ་གའང་ཐད་ཀ་ཐད་སོར་ཚངས་ཐིག་གཅིག་ཏུ་བབས་ཚེ་ཟླ་འཛིན་འབྱུང་བ་དང༌། ཉི་མ་དང་སའི་གོ་ལའི་བར་དུ་ཟླ་བ་དེ་ལྟར་ཆུད་ཚེ་ཉི་འཛིན་འབྱུང་བར་སྟོན་པའི་བཤད་སྲོལ་གསར་བ་གཅིག་སྟེ། གཟའ་འཛིན་གྱི་ཚུལ་ལ་དེ་ལྟ་བུའི་བཤད་སྲོལ་གཏན་ནས་མི་འདྲ་བ་གཉིས་ཡོད་པ་ལས། འདིར་རེ་ཞིག་བཤད་སྲོལ་ཕྱི་མ་ལ་བརྟེན་ནས་ཕུད་པའི་ཕྱིས་འབྱུང་གཟའ་འཛིན་མང་ཙམ་ཞིག་གི་མྱོང་བྱང་རྒྱ་ནག་གི་སྐད་ལས་བོད་སྐད་དུ་བསྒྱུར་བར་འདོད་དོ།། དེ་ཡང་འབྲི་ཆུའི་ཀླུང་ཆེན་ཤར་རྒྱ་མཚོ་ཆེན་པོར་འབབ་པའི་ཉེ་འགྲམ་གྱི་གྲོང་ཁྱེར་ཆེན་པོ། སྔོན་གྱི་རྒྱ་ནག་གོང་མ་རྣམས་གཏན་བཞུགས་མཛད་པའི་ཕོ་བྲང་ཆེན་པོ་བཞིའི་ཡ་གྱལ། ད་ལྟ་རྒྱུན་དུ་སྐྱེ་བོ་མི་གྲངས་འབུམ་ཕྲག་བཅུ་གསུམ་ཙམ་འཁོད་པའི་མཁར་ཆེན། ནན་ཅིན་ཞེས་པ་དེར། མཚོ་དང་རྫིང་བུ། རི་དང་སྤང་ལྗོངས། ནགས་ཚལ་དང་ལྡུམ་ར། ལམ་པོ་ཆེ་དང་ལམ་ཕྲན། མཁར་དང་གྲོང་རྡལ་སོགས་ལྟ་བས་ཆོག་མི་ཤེས་པ་དང༌། སྔོན་བྱོན་ཆོས་ཀྱི་སློབ་དཔོན་གྲགས་པ་ཅན་གྱི་མགོན་གནས་དང༌། ནང་བ་སངས་རྒྱས་པའི་སྡེ་སྣོད་གསུམ་ཅི་རིགས་ལས་བརྩམས་པའི་རྒྱ་ཡིག་གི་དཔར་ཁང་ཆེན་མོ་དང༌། སྐམ་ཀླུང་བར་སྣང་གསུམ་དུ་བདེ་ཞིང་མགྱོགས་པར་བགྲོད་པའི་གནམ་གྲུ་མཚོ་གྲུ་མེ་འཁོར་སོགས་འཕྲུལ་གྱིས་བཟོས་པའི་ཐེག་པ་དང༌། མདོག་སྤུས་ལེགས་ཤིང་ཁྱད་མཚར་རི་མོ་ཐགས་སུ་བཀྲ་བའི་དར་གོས་འཐག་གྲྭ་སོགས་ཆོས་དང་སྲིད་ཀྱི་དགེ་མཚན་མཆོག་ཏུ་དར་བའི་གྲོང་ཁྱེར་དེའི་ཤར་ཕྱོགས་ན། ཀྲུང་གོའི་ཁྱོན་དུ་མིང་གྲགས་དང་ལྡན་པའི་ཙི་ཅིན་ཧྲན་ཐེན་བུན་ཐེ་ཞེས་བྱ་བ་ཙི་ཅིན་རི་བོའི་རྩེ་མོར་གནམ་རིག་ལྟ་བའི་སྟེགས་བུ་སྟེ་ནམ་མཁའི་གོ་ལའི་གཟའ་སྐར་ལ་རྟོག་འཇུག་བྱེད་པའི་རྩིས་གྲྭ་དེ་ཡོད་དོ།། དེར་རབ་རྒྱལ་མེ་སྤྲེལ་ལོར་ལྗོངས་རྒྱུ་བར་བྱེད་སྐབས། སྔོན་གྱི་རྒྱ་ནག་གོང་མ་ཧན་རྒྱལ་རབས་ཀྱི་རིང་སྤྱི་ལོ་ཉེར་བརྒྱད་པ་སྟེ་འཕགས་པ་ཐོགས་མེད་སྐུ་ཚེ་སྟོད་ཙམ་གྱི་དུས་སུ་བཟོས་ཤས་ཆེ་བའི་ཧུན་ཡི། ཀྱན་ཡི། ཐེན་ཐིས་ཡེ། ཏིས་ཕིན་ཅིན་ཝེ་ཡི། གོས་སེའོ། ལེས་ཧུའུ་ཞེས་ཟེར་བ་སོགས་ནམ་མཁའི་གོ་ལའི་སྟེང་གི་དགུ་ཚིགས། སྨེ་བདུན། བརྟན་པ། ཉིག་ལིང་ཟེར་བའི་རྒྱུ་སྐར་རྣམས་ཀྱི་ཆགས་ཚུལ་དང༌། ཉི་ཟླ་སོགས་གཟའ་སྐར་རྒྱུ་ཚུལ། དུས་བཞི་དང་དབུགས་སྒང་འབྱུང་ཚུལ། དབྱར་དགུན་ཉི་ལྡོག་ཤར་ཚད། ལྷོ་བྱང་གི་ཚངས་ཐིག་ངོས་འཛིན་སྤྱད་སོགས་བདེ་བླག་ཏུ་རྟོགས་པའི་འཕྲུལ་ཆས་གོང་མའི་མཛོད་ཀྱི་གཅེས་ནོར་སྔོན་ཆད་མཐོང་དཀའ་བ་དུ་མ་དང༌། ད་ལྟའི་ཚུལ་དང་མཐུན་པའི་སྨན་རྫས་ལེགས་པར་སྦྱར་བའི་རྒྱང་མཐོང་ཆེན་པོ་ཐོག་སོ་ལ་སླེབ་པ་ཉིན་མཚན་གྱི་ཆུ་ཚོད་ཉེར་བཞིར་ནམ་འདོད་དུ་གཟའ་སྐར་ལ་བལྟས་ཆོག་པ་དང༌། རྒྱང་ཤེལ་དེར་ཤར་བའི་གཟའ་སྐར་གྱི་བཀོད་པ་ཆེས་ཡ་མཚན་པ་དུ་མ་བརྙན་དཔར་དུ་བླངས་པའི་དཔེའུ་རིས་མང་བོ་དངོས་སུ་མཐོང་ཞིང༌། དེ་གའི་འགན་འཛིན་རྒྱའི་བློ་མཐུན་ཞིག་ནས་གོང་སྨྲོས་འཕྲུལ་ཆས་སོ་སོར་ངོ་སྤྲོད་ཞིབ་མོ་རེ་བྱས་མཐར། དྲི་བ་དང་འབེལ་བའི་གཏམ་ཡང་ཅུང་ཟད་བགྱིས་ཤིང༌། སླར་འོངས་དུས་ཉི་ཟླ་གཟའ་འཛིན་གྱི་མྱོང་བྱང་བསྡུས་གསལ་ཞིག་ཀྱང་སྐྱེས་ཀྱི་ཚུལ་དུ་བྱིན་པ་དེ་གཞིར་བཟུང་ནས་ཚིག་སྣ་བསྡུས་ཏེ་བསྒྱུར་ཅིང་པར་དུ་བཀོད་པ་འདི་བཞིན་ལགས་ཏེ་གླེང་བསླངས་པའི་སྐབས་སོ།། བླ་བྲང་དགོན་པའི་ཀྱེ་རྡོར་འདུ་ཁང་རྙིང་པའི་སྒོ་སྦྱོར་གཡས་ངོས་སུ་ནམ་མཁའི་གོ་ལའི་དཔེའུ་རིས་ཡོངས་གྲགས་དང་མི་མཐུན་པ་ཞིག་བྲིས་འདུག་པ་དེ་ཡང་གོང་སྨོས་འཕྲུལ་ཆས་གཅིག་ལས་ངོ་བཤུས་བྱས་པར་སྣང་ངོ་།།

 རྒྱ་རྩིས་གོ་དོན།

 

རབ་

བྱུང་

༡༦

 

 

སྤྱི་

ལོ།

 

 

ཟླ་

 

ཚེས།

 

འཛིན་

པའི་

ཆ་

སྲང་།

 

འཛིན་

མགོ་

རྩོམ་

དུས།

 

སྒྲིབ་

མ་

ཐག་

དུས།

 

སྒྲིབ་

མཐར་

སོན་

དུས།

 

འོད་

འགྱེད་

རྩོམ་

དུས།

 

རྫོགས་

པར་

གྲོལ་

དུས།

 

མེ།

 

༡༩༥༦

༡༥

རིལ  ༡

འཛིན༣༢

༤༥

༥༢

༣༢

༡༢

༡༩

 

བྱ།

 

༡༩༥༧

༡༦.༡༧

༢༠

༤༨

༢༢

༡༢

༢༢

༢༨

༢༢

༤༤

 

ས་ཁྱི།

 

༡༩༥༨

༡༥

ཆ་འཛིན

༠༣

༡༩

༥༠

 

༢༠

༡༡

 

༢༠

༣༢

 

ས་ཕག

 

༡༩༥༩

 

༡༧

༢༧

༡༩

 

༡༧

 

༡༥

 

ལྕགས།

 

༡༩༦༠

༡༦

༥༢

༡༤

༤༠

༡༥

༤༢

༡༦

༣༠

༡༧

༡༨

༡༨

༢༠

 

བྱི།

 

༡༩༦༠

༡༥

༤༣

༡༧

༣༤

༡༨

༣༨

༡༩

༢༣

༢༠

༢༡

༡༢

 

ལྕགས།

 

༡༩༦༡

༡༦

༨༢

༢༠

 

༢༡

༣༢

 

༢༣

 

གླང་།

 

༡༩༦༡

༡༦

༢༩

༡༡

༡༡

༡༡

༡༥

༡༢

༤༧

 

ཆུ།

 

༡༩༦༣

༡༦

༢༧

༣༢

 

 

༢༨

 

 

ཡོས།

 

༡༩༦༣

༡༡

༡༥

༣༥

༡༧

༢༠

༡༨

༢༥

༡༩

༡༩

༤༩

༢༠

༥༤

 

ཤིང་།

 

༡༩༦༤

༡༦

༥༧

༡༧

༡༨

༥༦

༡༠

༥༧

 

འབྲུག

 

༡༩༦༤

༡༡

༡༦

༡༨

༥༡

༡༠

༡༠

༣༥

༡༡

༡༢

༡༩

 

ཤིང་སྦྲུལ།

 

༡༩༦༥

༡༥

༢༠

 

༥༡

 

༡༠

༤༡

 

མེ།

 

༡༩༦༧

༡༥

༣༣

༡༨

༢༠

༡༩

༢༦

༢༠

༢༠

༤༨

༢༡

༥༤

 

ལུག

 

༡༩༦༧

༡༥

༡༤

༡༦

༣༣

༡༧

༤༨

༡༨

༡༩

༡༨

༤༤

༡༩

༥༩

 

ས།

 

༡༩༦༨

༡༦

༡༣

༡༡

༡༢

༢༡

༡༢

༤༩

༡༣

༡༧

༡༤

༣༢

 

སྤྲེལ།

 

༡༩༦༨

༡༥

༡༧

༥༧

༡༩

༡༠

༡༤

༤༡

༢༠

༡༢

༢༡

༢༥

 

ལྕགས།

 

༡༩༧༠

༡༦

༡༦

 

༡༧

༣༡

 

༡༦

༥༧

 

ཁྱི།

 

༡༩༧༠

༡༦

༤༢

༡༠

༡༤

 

༡༡

༢༥

 

༡༢

༢༦

 

ལྕགས།

 

༡༩༧༡

༡༥

༣༠

༡༣

༥༥

༡༥

༡༥

༤༢

༡༦

༢༡

༡༧

༢༩

 

ཕག

 

༡༩༧༡

༡༧

༧༢

༥༢

༥༣

༤༤

༣༥

༣༦

 

ཕག

 

༡༩༧༡

༣༢

༡༥

༡༧

༡༡

༡༨

༣༢

༡༨

༥༣

༡༩

༡༤

༢༠

༣༥

 

ཆུ་བྱི།

 

༡༩༧༢

༡༦

༥༧

༡༣

༥༨

 

༡༥

༡༨

 

༡༦

༣༨

 

ཆུ་གླང་།

 

༡༩༧༣

༡༡

༡༦

༡༠

 

༡༢

 

༤༨

 

༡༠

༢༤

 

ཤིང་།

 

༡༩༧༤

༡༥

༨༢

༤༡

 

༡༤

 

༤༧

 

སྟག

 

༡༩༧༤

༡༠

༡༦.༡༧

༢༩

༢༡

༣༠

༢༢

༣༨

༢༣

༡༦

༢༣

༥༤

 

ཤིང་།

 

༡༩༧༥

༡༥

༤༦

༡༡

༥༧

༡༣

༡༣

༤༦

༡༤

༣༡

༡༥

༣༥

 

ཡོས།

 

༡༩༧༥

༡༠

༡༧

༤༢

༢༤

༤༧

 

མེ་འབྲུག

 

༡༩༧༦

༡༦

༡༤

 

༥༠

 

༣༣

 

མེ་སྦྲུལ།

 

༡༩༧༧

༡༦

༢༡

༡༡

༣༠

 

༡༢

༢༡

 

༡༣

༡༢

 

ས།

 

༡༩༧༨

༡༦.༡༠

 

༤༦

༢༢

༣༦

༢༣

༤༠

༢༥

༡༠

༡༤

 

རྟ།

 

༡༩༧༨

༡༥

༦༨

༡༦

༢༢

༤༤

༥༠

 

ས་ལུག

 

༡༩༧༩

༡༦

༨༧

༣༦

 

༡༠

 

༤༤

 

ས་ལུག

 

༡༩༧༩

༡༥

༡༢

༡༧

༡༡

༡༨

༢༨

༡༨

༥༤

༡༩

༢༠

༢༠

༣༧

 

ལྕགས།

 

༡༩༨༡

༡༦

༥༧

༡༡

༢༨

 

༡༢

༤༨

 

༤༨

 

བྱ།

 

༡༩༨༡

༡༢

༡༦

༣༥

༡༤

༥༦

༣༨

༤༣

 

ཆུ་ཁྱི།

 

༡༩༨༢

༡༡

༡༦

༢༠

༡༧

༤༡

༡༨

༥༣

༡༩

༢༦

༡༩

༥༩

༢༡

༡༡

 

ཆུ་ཕག

 

༡༩༨༣

༡༤

༣༤

༡༥

༢༠

 

༡༦

༢༥

 

༡༧

༣༠

 

ཤིང་།

 

༡༩༨༥

༡༦

༢༣

༡༡

༢༢

༥༧

༣༢

༤༣

 

གླང་།

 

༡༩༨༥

༡༦

༢༢

༤༣

༢༥

 

མེ།

 

༡༩༨༦

༡༦

༢༢

༡༨

༥༩

༢༠

༡༠

༢༠

༤༤

༢༡

༡༨

༢༢

༢༤

 

སྟག

 

༡༩༨༦

༡༥

༢༧

༣༣

༤༢

༡༩

༥༦

རབ་བྱུང་༡༧

མེ་ཡོས།

 

༡༩༨༧

༡༥

༡༡

༤༨

 

༡༡

༥༩

 

༡༢

༡༠

 

ས་འབྲུག

 

༡༩༨༨

༡༦

༣༠

༡༨

 

༡༩

 

༢༠

 

ས།

 

༡༩༨༩

༡༥.༡༧

༢༨

༢༡

༥༡

༢༢

༥༩

༢༣

༣༧

༡༥

༢༣

 

སྦྲུལ།

 

༡༩༨༩

༡༦

༦༠

༡༤

༡༠

༡༥

༡༡

༡༡

༥༣

༡༢

༥༤

 

ལྕགས་རྟ།

 

༡༩༩༠

༡༥

༣༠

༤༩

༡༢

༣༥

༥༤

 

ལྕགས་རྟ།

 

༡༩༩༠

༡༧

༦༨

༢༠

༤༠

 

༢༢

 

༢༣

༣༤

 

ལྕགས་ལུག

 

༡༩༩༡

༡༡

༡༦

༡༧

༥༩

 

༡༨

༣༤

 

༡༩

 

ཆུ།

 

༡༩༩༢

༡༧

༦༩

༡༡

༣༠

 

༡༢

༥༠

 

༡༤

༢༤

 

སྤྲེལ།

 

༡༩༩༢

༡༡

༡༧

༢༧

༥༧

༤༣

༢༠

༢༩

 

ཆུ།

 

༡༩༩༣

༡༥

༥༧

༡༩

༡༠

༢༠

༡༡

༢༡

༢༡

༤༩

༢༢

༥༠

 

བྱ།

 

༡༩༩༣

༡༠

༡༦

༡༡

༡༢

༤༣

༡༤

༢༦

༡༤

༥༡

༡༦

 

ཤིང་ཁྱི།

 

༡༩༩༤

༡༥

༢༧

༡༠

༣༠

 

༡༡

༢༨

 

༢༦

 

ཤིང་ཕག

 

༡༩༩༥

༡༦

༡༢

༡༩

༣༨

 

༢༠

༡༧

 

༢༠

༢༦

 

མེ།

 

༡༩༩༦

༡༧

༣༧

༢༡

༢༧

༥༡

༥༧

 

བྱི།

 

༡༩༩༦

༡༥

༢༤

༡༠

༡༧

༡༠

༥༣

༡༡

༢༩

༡༢

༣༣

 

མེ་གླང་།

 

༡༩༩༧

༡༦

༩༣

༡༡

 

༡༢

༤༡

 

༡༤

༡༨

 

མེ་གླང་།

 

༡༩༩༧

༡༦

༢༠

༡༧

༤༧

༢༠

༣༢

 

ས།

 

༡༩༩༩

༡༦

༤༢

༡༨

༢༤

 

༡༩

༣༦

 

༢༠

༤༧

 

ཡོས།

 

༡༩༩༩

༡༢

༡༥

༣༥

༡༠

༥༧

༡༢

༡༢

༤༤

༡༣

༢༦

༡༤

༣༡

 

ལྕགས་འབྲུག

 

༢༠༠༠

༡༥

༧༧

༢༠

༢༡

༢༡

༥༥

༢༢

༤༦

༢༣

༤༧

 

གོང་གསལ་རེའུ་མིག་ཏུ་བཀོད་པའི་ཟླ་ཚེས་ནི་ཧོར་ཟླ་ལྟར་དང༌། འཛིན་པའི་ཆ་སྲང་ནི་ཟླ་དཀྱིལ་བརྒྱ་ཆར་ཕྱེ་བའི་ཚད་དེ། དཔེར་ན་༡༣༢ འདི་ལྟ་བུ་བྱུང་ན་ཆ་བརྒྱ་དང་སོ་གཉིས་བསྒྲིབས་པས་ན་རིལ་འཛིན་དང༌། ༣ འདི་ལྟ་བུ་བྱུང་ན་ཆ་གསུམ་ཙམ་བསྒྲིབས་པས་ན་ཆ་འཛིན་ཡིན་པ་ལྟ་བུའོ།། འཛིན་མགོ་རྩོམ་དུས་དང་རྫོགས་པར་གྲོལ་དུས་ཀྱི་གོ་དོན་ནི་མིང་གིས་ཀྱང་གསལ་བས་གོ་སླ་ལ། ས་ཚིགས་ནི་ནན་ཅིན་གྲོང་ཁྱེར་གཞིར་བཟུང་བ་སྟེ་ཡུལ་གྲུ་སོ་སོར་སྔ་ཕྱིར་འབྱུང་བའི་རིགས་པ་ནི་རྒྱ་རྩིས་གཞུང་བཞིན་འདིར་ཡང་སྦྱར་དགོས། བསྒྲིབས་མ་ཐག་དུས་དང་འོད་འགྱེད་རྩོམ་དུས་གཉིས་ནི་ཟླ་བ་རིལ་སྒྲིབ་ཀྱི་སྒེར་ཆོས་ཡིན་པས་སྔ་མ་ནི་ཟླ་དཀྱིལ་ཡོངས་རྫོགས་ལ་གྲིབ་བརྙན་ཕོག་པ་དང༌། ཕྱི་མ་ནི་ཟླ་བའི་དཀར་ཆ་གསར་དུ་འབུས་པའི་དུས་ཡིན། སྒྲིབ་མཐར་སོན་དུས་ནི་གྲིབ་བརྙན་གྱི་སྣེ་སླེབས་པའི་ཆ་མཐར་ཐུག་པའི་དུས་ཏེ་འདི་རིལ་འཛིན་དང་ཆ་འཛིན་གཉིས་ཀ་ལ་ཡོད་དོ།།

༈ རབ་རྒྱལ་བགྲང་བྱ་ཉེར་ལྔ་བ་ལྕགས་ཡོས་ནས་རབ་སྐྱོན་བགྲང་བྱ་ང་བཞི་བ་ལྕགས་(སྤྲེལ་སྤྱི་ལོ་༡༩༥༡ ནས ༢༡༠༠)ལོའི་བར་གྱི་ལོ་བརྒྱ་དང་ལྔ་བཅུའི་རིང་ལ་འཛམ་གླིང་ཆེན་པོའི་ས་ནས་མཐོང་ཐུབ་པའི་ཉི་འཛིན།

 

 

 

རབ་

བྱུང་

 

 

ལོའི་གྲངས

 

 

རབ་

བྱུང་

 

 

སྤྱི་ལོ་

 

ཉི་མ་

རིལ་

འཛིན་

ཚར

 

གདུབ་

འཛིན་

ཆེན་པོ་

ཚར་

 

གདུབ་

འཛིན་

ཚར་

 

ཆ་

འཛིན་

ཚར་

 

དྲིལ་

བར་

 

 

༡༦

 

རབ་རྒྱལ་

ལྕགས་ཡོས་

ནས་རབ་རྒྱན་

ལྕགས་འབྲུག་

 

 

༡༩

 

 

༡༩༥༡ - ༢༠༠༠

 

 

༣༥

 

 

 

 

༣༤

 

 

༣༩

 

 

༡༡༡

 

 

༡༧

 

རབ་རྒྱན་

ལྕགས་སྦྲུལ་

ནས་རབ་སྐྱོན་

ལྕགས་རྟ་

 

 

 

 

༢༠༠༡ - ༢༠༥༠

 

 

༣༤

 

 

 

 

༣༧

 

 

༣༥

 

 

༡༠༠

 

 

༡༨

 

རབ་སྐྱོན་

ལྕགས་ལུག་

ནས་རབ་སྐྱོན་

ལྕགས་སྤྲེལ།

 

 

 

 

 

༢༠༥༡ - ༢༡༠༠

 

 

༣༦

 

 

 

 

༣༦

 

 

༤༡

 

 

༡༡༤

 

༑རབ་རྒྱལ་བགྲང་བྱ་ཉེར་ལྔ་བ་ལྕགས་ཡོས་ནས་རབ་སྐྱོན་བགྲང་བྱ་ང་བཞི་བ་ལྕགས་སྤྲེལ་(སྤྱི་ལོ་༡༩༥༡ - ༢༡༠༠) ལོའི་བར་གྱི་རིང་ལ་ཀྲུང་གོ་ནས་མཐོང་ཐུབ་པའི་ཉི་མ་རིལ་འཛིན་དང་གདུབ་འཛིན་དུ་ཡོད་ཀྱི་རེའུ་མིག

 

 

རབ་བྱུང་དང་ལོའི་ཁམས།

 

སྤྱི་ལོ།

 

ཧོར་ཟླའི་ཚེས་གྲངས།

 

ཉི་མ་འཛིན་ཚུལ།

 

༡༦   ས་ཁྱི།

 

༡༩༥༨

 

༣ ༡

 

གདུབ་འཛིན།

 

མེ་རྟ།

 

༡༩༦༦

 

༤ ༡

 

གདུབ་འཛིན།

 

ས་སྤྲེལ།

 

༡༩༦༨

 

༨ ༡

 

རིལ་འཛིན།

 

མེ་འབྲུག

 

༡༩༧༦

 

༤ ༡

 

གདུབ་འཛིན།

 

ལྕགས་སྤྲེལ།

 

༡༩༨༠

 

 

 

རིལ་འཛིན།

 

༡༩   མེ་ཡོས།

 

༡༩༨༧

 

༨ ༡

 

གདུབ་འཛིན།

 

ས་བྱི།

 

༢༠༠༨

 

༧ ༡

 

རིལ་འཛིན།

 

ས་གླང་།

 

༢༠༠༩

 

༦ ༡

 

རིལ་འཛིན།

 

ལྕགས་སྟག

 

༢༠༡༠

 

༡༢ ༡

 

གདུབ་འཛིན།

 

ཆུ་འབྲུག

 

༢༠༡༢

 

༤ ༡

 

གདུབ་འཛིན།

 

ལྕགས་བྱི།

 

༢༠༢༠

 

༥ ༡

 

གདུབ་འཛིན།

 

ཤིང་སྟག

 

༢༠༣༤

 

༢ ༡

 

རིལ་འཛིན།

 

ཤིང་ཡོས།

 

༢༠༣༥

 

༨ ༡

 

རིལ་འཛིན།

 

ལྕགས་བྱ།

 

༢༠༤༡

 

༩ ༡

 

གདུབ་འཛིན།

 

༡༨ མེ་གླང

 

༢༠༥༧

 

༦ ༡

 

གདུབ་འཛིན།

 

ལྕགས་འབྲུག

 

༢༠༦༠

 

༤ ༡

 

རིལ་འཛིན།

 

ཆུ་ལུག

 

༢༠༦༣

 

༧ ༡

 

རིལ་འཛིན།

 

ཤིང་སྤྲེལ།

 

༢༠༦༤

 

༡ ༡

 

གདུབ་འཛིན།

 

ལྕགས་སྟག

 

༢༠༧༠

 

༣ ༡

 

རིལ་འཛིན།

 

ཤིང་རྟ།

 

༢༠༧༤

 

༡ ༡

 

གདུབ་འཛིན།

 

ཤིང་སྤྲེལ།

 

༢༠༨༥

 

༥ ༡

 

གདུབ་འཛིན།

 

ས་སྤྲེལ།

 

༢༠༨༨

 

༣ ༡

 

རིལ་འཛིན།

 

ས་བྱ།

 

༢༠༨༩

 

༩ ༡

 

རིལ་འཛིན།

 

ཤིང་ཡོས།

 

༢༠༩༥

 

༡༠ ༡

 

གདུབ་འཛིན།

 

གོང་གསལ་དུ་བཀོད་པ་དེ་ཐམས་ཅད་ཀྱི་ནང་ནས་རབ་རྒྱལ་ས་སྤྲེལ་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ཉིན་(སྤྱི་ལོ་

༡༩༦༨ ཟླ་༩ ཚེས༢༢)རིལ་འཛིན་འཆར་བ་དེ་བྱང་མཐའི་མཚོ་གླིང་དང༌། སུའུ་ལེན་དང༌། ཀྲུང་གོ་རྣམས་ནས་མཐོང་ཞིང་། ཁྱད་པར་སྔོན་ལི་ཡུལ་ལྕང་ར་སྨུག་པོར་འབོད་པ་ད་ལྟའི་ཤིན་ཅང་གི་གྲོང་ཁྱེར་ཆེན་པོ་ཨུ་ལུ་མུ་ཆི་ནས་ཉི་མ་ནུབ་ཁར་སྐར་མ་ཕྱེད་ཙམ་གྱི་རིང་ཆུ་ཚོད་༡༩ དང་སྐར་མ་༥༡ ཐོག་གསལ་བར་མཐོང་ཐུབ་ཡང་རབ་རྒྱལ་ལྕགས་སྤྲེལ་ཧོར་ཟླ་དང་བོའི་ཚེས་གཅིག་ཉིན་(སྤྱི་ལོ་༡༩༨༠ ལོའི་ཟླ༢ ཚེས་༡༦)རིལ་འཛིན་འཆར་བ་དེ་ནུབ་རྒྱ་མཚོ་ཆེན་པོའི་གླིང་དང་། ཧྥེ་གླིང༌། རྒྱ་གར་མཚོ་གླིང༌། རྒྱ་གར། འབར་མ། ཀྲུང་གོ་རྣམས་ནས་མཐོང་ཞིང༌། ཆུ་ཚོད་བཅོ་བརྒྱད་ཐོག་སྐར་མ་གཉིས་ཀྱི་རིང་ཡུན་ནན་དང༌། ཀོས་ཀྲིག་ཞིང་ཆེན་གཉིས་ནས་གསལ་བར་མཐོང་ཐུབ་ལ། དེའི་ཚེ་ལྷ་ས་ནས་ཆ་བརྒྱད་ཙམ་དང༌། ལན་ཀྲོའུ་ནས་ཆ་བདུན་ལས་རིལ་འཛིན་མི་འཆར་རོ།། ཐམས་ཅད་ཀྱི་ནང་ནས་གལ་ཆེ་ཤོས་ནི། ཕུག་ལུགས་ལྟར་ན་སྟོན་པ་ཐུགས་རྗེ་ཅན་འདས་པའི་ལོ་དཔའ་བོ་ལྕགས་འབྲུག་ནས་བརྩིས་པའི་ལོ་༢༨༩༠ ལ་བབས་པ། རབ་རྒྱན་བགྲང་བྱ་ཉེར་གསུམ་པ་ས་གླང་ལོའི་ཧོར་ཟླ་དྲུག་པའི་ཚེས་༡ ཉིན་(སྤྱི་ལོ་༢༠༠༩ ལོའི་ཟླ་༧ ཚེས་༢༢ སྔ་དྲོ་ཉི་མ་ཀླུང་ལ་བབས་པའི་དུས་སུ)དབུས་ཀྱི་ལྷོ་ཁ་ནས་བཟུང་འབྲི་ཆུའི་རྒྱུད་དུ། ཟི་ཁྲོན། ཧུའུ་པེ། ཨན་ཧའི། ཀྲེ་ཅང༌། ཅང་སུའུ། ཧྲང་ཧེ་སོགས་རིང་ཚད་སྤྱི་ལེ་སུམ་སྟོང་ཙམ་དང༌། ཞེང་ཚད་སྤྱི་ལེ་ཉིས་བརྒྱ་སུམ་ཅུ་ཙམ་གྱི་སར་སྐར་མ་དྲུག་ཙམ་གྱི་ཡུན་ལ་རིལ་སྒྲིབ་འཆར་བས་འདི་འདྲ་བ་ནི་བརྒྱ་ལམ་ཙམ་ན་མ་གཏོགས་ཤིན་ཏུ་མཐོང་དཀའ་ལ། དེའི་ཚེ་པེ་ཅིན་ཆུ་ཚོད་༩ །༣༣ ཐོག་ཉི་མ་ཆ་བདུན་ལྷག་ཙམ་དང༌། ལན་ཀྲོའུ་ནས་ཆུ་ཚོད་༩ །༠ །༧ ཐོག་ཆ་བརྒྱད་ལྷག་དང༌། ལྷ་ས་ནས་ཆུ་ཚོད་༨་།༥༥ ཐོག་ཆ་དགུ་ལྷག་སྒྲིབ་པར་མཐོང་བ་ལས་རིལ་འཛིན་དུ་མི་མཐོང་ངོ༌།། ཡང་རབ་རྒྱན་ཤིང་ཡོས་ཧོར་ཟླ་༨ ཚེས ༡ ཉིན་(སྤྱི་ལོ་༢༠༣༥ ལོའི་ཟླ་ཚེས་)གྱི་ཉི་མ་རིལ་འཛིན་ནི། ཞིན་ཅང༌། ཏུང་ཧང༌། ནང་སོག ཀྲང་ཀྱ་ཁོའུ། པེ་ཅིན་རྣམས་ནས་གསལ་བོར་མཐོང་ཐུབ་བོ།།

 

རབ་བྱུང་བཅུ་བདུན་པ་ལ་རབ་རྒྱན་ཞེས་བཏགས་པའི་རྒྱན་ནི། ཉན་ས་ལས་བཤད་པའི་དགེ་སྦྱོང་གི་རྒྱན་བཅུ་བདུན་ཏེ། དད་པ་དང་ལྡན་པ་དང༌། གཡོ་མེད་པ་དང༌། ནད་ཉུང་བ་དང༌། བརྩོན་འགྲུས་རྩོམ་པའི་རང་བཞིན་ཅན་དང༌། ཤེས་རབ་རྣོ་བ་དང༌། འདོད་པ་ཉུང་བ་དང༌། ཆོག་ཤེས་པ་དང༌། གསོ་སླ་བ་དང༌། དགང་སླ་བ་དང་། སྦྱང་པའི་ཡོན་ཏན་དང་ལྡན་པ་དང༌། མཛེས་པ་དང༌། དྲོད་རིག་པ་དང༌། སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་དང༌། མཁས་པའི་རྟགས་དང་ལྡན་པ་དང༌། བཟོད་པ་ཆེ་བ་དང༌། དེས་པ་དང༌། གྱ་ནོམ་པའོ།།

 

རབ་སྐྱོན་ཞེས་པའི་སྐྱོན་བཅོ་བརྒྱད་ནི། མགོ་སྐྲ་བྱི་བ་དང༌། ངན་པ་དང༌། དཔྲལ་བ་ཆུང་བ་དང༌། མདོག་སེར་སྐྱ་དང༌། མིག་སེར་བ་དང༌། སྨིན་མཚམས་འབྱར་བ་དང༌། སྣ་ལེབ་པ་དང༌། སོ་སྟོ་བ་དང༌། དིག་པ་དང༌། མིག་ཟླུམ་པ་དང༌། མིག་ཆུང་བ་དང༌། སྒུར་བ་དང༌། ལྟོ་བ་ཆེ་བ་དང༌། དཔུང་བ་དང་རྗེ་ངར་ཐུང་བ་དང༌། སྤུ་ཅན་དང༌། ལག་པ་དང་རྐང་བ་མི་མཉམ་པ་དང༌། ཚིགས་སྦོམ་པ་དང༌། ཁ་དང་ལུས་ལ་དྲི་ངན་པ་འབྱུང་བའོ།།

 

ཟླ་བ་ཆེ་ཆུང་གི་ཁྱད་པར།

 

༣༧

 

རབ་རྒྱལ་

ཆུ་ཡོས།

 

 

༢×

 

 

༤×

 

༤×

 

 

༦×

 

 

༨×

 

 

༡༠

 

༡༡

 

༡༢×

 

༣༨

 

ཤིང་འབྲུག

 

 

༢×

 

 

༤×

 

༥×

 

 

༧×

 

 

༩×

 

༡༠

 

༡༡

 

༡༢

 

 

 

༣༩

 

ཤིང་སྦྲུལ།

 

༡×

 

 

༣×

 

 

༥×

 

༦×

 

 

༨×

 

༩×

 

༡༠

 

༡༡

 

༡༢×

 

 

༤༠

 

མེ་རྟ།

 

 

 

 

༣×

 

 

༥×

 

༦×

 

 

༨×

 

༩×

 

༡༠

 

༡༡

 

༡༢×

 

༤༡

 

མེ་ལུག

 

 

 

༣×

 

 

 

༦×

 

༧×

 

 

༩×

 

༡༠

 

༡༡×

 

༡༢

 

 

 

༤༢

 

ས་སྤྲེལ།

 

༡×

 

 

 

༣×

 

 

 

༦×

 

 

༧×

 

 

 

༩×

 

༡༠

 

༡༡×

 

༡༢

 

༤༣

 

ས་བྱ།

 

༡×

 

 

 

༣×

 

 

༥×

 

 

 

 

༨×

 

 

༡༠×

 

༡༡

 

༡༢×

 

 

༤༤

 

ལྕགས་ཁྱི།

 

 

༢×

 

༣×

 

 

༥×

 

 

 

༨×

 

 

༡༠

 

༡༡×

 

༡༢

 

 

༤༥

 

ལྕགས་ཕག

 

༡×

 

 

༣×

 

༤×

 

 

༥×

 

 

༧×

 

 

 

༡༠

 

༡༡×

 

༡༢

 

༤༦

 

ཆུ་བྱི།

 

༡×

 

 

༣×

 

༤×

 

 

༦×

 

 

༨×

 

 

༡༠

 

༡༡×

 

༡༢

 

 

 

༤༧

 

ཆུ་གླང་།

 

 

༢×

 

 

༤×

 

༥×

 

 

༧×

 

༨×

 

 

༡༠

 

༡༡×

 

༡༢

 

 

༤༨

 

ཤིང་སྟག

 

 

 

༣×

 

༤×


 

༥×

 

 

༧×

 

༨×

 

 

༡༠

 

༡༡×

 

༡༢

 

༤༩

 

ཤིང་ཡོས།

 

 

 

༣×

 

 

༥×

 

༦×

 

 

༨×

 

༩×

 

༡༠

 

༡༡×

 

༡༢×

 

 

༥༠

 

མེ་འབྲུག

 

 

 

༣×

 

 

༥×

 

 

༧×

 

 

༨×

 

༩×

 

༡༠

 

༡༡×

 

༡༢

 

༥༡

 

མེ་སྦྲུལ།

 

 

༢×

 

 

 

༥×

 

 

༧×

 

༨×

 

༩×

 

༡༠

 

༡༡

 

༡༢×

 

 

༥༢

 

ས་རྟ།

 

 

༢×

 

 

 

༥×

 

 

 

༨×

 

 

༡༠×

 

༡༡

 

༡༢×

 

 

༥༣

 

ས་ལུག

 

 

༢×

 

༣×

 

 

༥×

 

 

 

༧×

 

 

 

༡༠×

 

༡༡

 

༡༢×

 

༥༤

 

ལྕགས་སྤྲེལ།

 

 

༢×

 

༣×

 

 

༥×

 

 

༧×

 

 

 

༡༠×

 

༡༡

 

༡༢

 

 

༥༥

 

ལྕགས་བྱ།

 

༡×

 

 

༣×

 

༤×

 

 

༦×

 

༧×

 

 

 

༡༠×

 

༡༡

 

༡༢

 

 

༥༦

 

ཆུ་ཁྱི།

 

 

༢×

 

 

༤×

 

༤×

 

 

༦×

 

༧×

 

 

༩×

 

༡༠

 

༡༡

 

༡༢

 

༥༧

 

ཆུ་ཕག

 

 

༢×

 

 

༤×

 

༥×

 

 

༧×

 

༨×

 

 

༡༠×

 

༡༡

 

༡༢

 

 

༥༨

 

ཤིང་བྱི།

 

 

༢×

 

 

 

༥×

 

༦×

 

 

༨×

 

༩×

 

༡༠

 

༡༠×

 

༡༡

 

༡༢

 

༥༩

 

ཤིང་གླང་།

 

༡×

 

 

 

༤×

 

 

༦×

 

 

༨×

 

༩×

 

༡༠

 

༡༡×

 

༡༢

 

 

༦༠

 

མེ་སྟག

 

༡×

 

 

 

༤×

 

 

 

༧×

 

 

༩×

 

༡༠

 

༡༡×

 

༡༢×

 

 

 

རབ་རྒྱན།

མེ་ཡོས།

 

 

༢×

 

 

༤×

 

 

 

༦×

 

 

 

༩×

 

༡༠

 

༡༡×

 

༡༢×

 

 

ས་འབྲུག

 

 

 

༢×

 

 

༤×

 

 

༦×

 

 

 

༩×

 

༡༠

 

༡༡

 

༡༢×

 

 

 

ས་སྦྲུལ།

 

 

༢×

 

༣×

 

 

༥×

 

 

༧×

 

 

༩×

 

༡༠

 

༡༡

 

༡༢

 

 

 

ལྕགས་རྟ།

 

༡×

 

 

༣×

 

༤×

 

 

༥×

 

༦×

 

 

༨×

 

 

༡༠

 

༡༡

 

༡༢

 

 

ལྕགས་ལུག

 

༡×

 

 

༣×

 

༤×

 

 

༦×

 

༧×

 

 

༩×

 

༡༠

 

༡༡

 

༡༢

 

 

 

ཆུ་སྤྲེལ།

 

༡×

 

 

 

༤×

 

༥×

 

 

༧×

 

༨×

 

 

༡༠×

 

༡༡

 

༡༢

 

 

 

ཆུ་བྱ།

 

༡×

 

 

 

༣×

 

 

༥×

 

 

༧×

 

༨×

 

 

༡༠×

 

༡༡

 

༡༢×

 

 

ཤིང་ཁྱི།

 

 

 

 

༤×

 

 

༦×

 

 

༨×

 

༩×

 

༡༠

 

༡༡×

 

༡༢

 

 

 

ཤིང་ཕག

 

༡×

 

 

 

༤×

 

 

༦×

 

 

 

༨×

 

༩×

 

༡༠

 

༡༡×

 

༡༢

 

༡༠

 

མེ་བྱི།

 

༡×

 

 

༣×

 

 

 

༦×

 

 

༨×

 

 

༡༠

 

༡༡×

 

༡༢×

 

 

༡༡

 

མེ་གླང་།

 

 

༢×

 

 

༤×

 

 

༦×

 

 

 

༩×

 

༡༠

 

༡༡

 

༡༢×

 

 

༡༢

 

ས་སྟག

 

 

༢×

 

༣×

 

 

༥×

 

༥×

 

 

 

༨×

 

 

༡༠

 

༡༡×

 

༡༢

 

༡༣

 

ས་ཡོས།

 

 

༢×

 

༣×

 

 

༥×

 

 

 

༨×

 

 

༡༠

 

༡༡

 

༡༢

 

 

༡༤

 

ལྕགས་

འབྲུག

 

 

 

༣×

 

༤×

 

 

༦×

 

༧×

 

 

༩×

 

༡༠

 

༡༡

 

༡༢×

 

 

༡༥

 

ལྕགས་སྦྲུལ།

 

 

 

༣×

 

 

༤×

 

 

༦×

 

༧×

 

 

༩×

 

༡༠

 

༡༡×

 

༡༢

 

༡༦

 

ཆུ་རྟ།

 

 

 

༣×

 

 

༥×

 

 

༧×

 

༨×

 

 

༡༠×

 

༡༡

 

༡༢×

 

 

༡༧

 

ཆུ་ལུག

 

 

 

༣×

 

 

 

༦×

 

 

༨×

 

༩×

 

༡༠

 

༡༡×

 

༡༢

 

 

༡༨

 

ཤིང་སྤྲེལ།

 

༡×

 

 

༢×

 

 

༤×

 

༥×

 

 

༧×

 

 

༩×

 

༡༠

 

༡༡×

 

༡༢

 

༡༩

 

ཤིང་བྱ།

 

༡×

 

 

༣×

 

 

༥×

 

 

 

༨×

 

 

༡༠×

 

༡༡

 

༡༢×

 

 

༢༠

 

མེ་ཁྱི།

 

 

༢×

 

 

༤×

 

 

༦×

 

 

༧×

 

 

 

༡༠×

 

༡༡

 

༡༢

 

༢༡

 

མེ་ཕག

 

༡×

 

༢×

 

 

༤×

 

༥×

 

 

༧×

 

 

 

༡༠

 

༡༡×

 

༡༢

 

 

༢༢

 

ས་བྱི།

 

 

༢×

 

༣×

 

 

༥×

 

༦×

 

 

༨×

 

 

༡༠

 

༡༡×

 

༡༢

 

 

༢༣

 

ས་གླང་།

 

 

 

༣×

 

༤×

 

 

༥×

 

༦×

 

 

༨×

 

 

༡༠×

 

༡༡

 

༡༢

 

༢༤

 

ལྕགས་སྟག

 

 

༢×

 

 

༤×

 

 

༦×

 

༧×

 

 

༩×

 

༡༠

 

༡༡×

 

༡༢

 

 

༢༥

 

ལྕགས་ཡོས།

 

 

༢×

 

 

 

༥×

 

 

༧×

 

༨×

 

 

༡༠×

 

༡༡

 

༡༢×

 

 

༢༦

 

ཆུ་འབྲུག

 

 

༢×

 

 

 

༤×

 

 

༦×

 

 

༨×

 

 

༡༠×

 

༡༡

 

༡༢×

 

༢༧

 

ཆུ་སྦྲུལ།

 

 

༢×

 

 

༤×

 

 

 

༧×

 

 

༩×

 

༡༠

 

༡༡×

 

༡༢

 

 

 

༢༨

 

ཤིང་རྟ།

 

༡×

 

 

༣×

 

 

༥×

 

 

༧×

 

 

༩×

 

༩×

 

༡༠

 

༡༡×

 

༡༢

 

༢༩

 

ཤིང་ལུག

 

༡×

 

 

༣×

 

༤×

 

 

༦×

 

 

 

 

༡༠×

 

༡༡

 

༡༢×

 

 

༣༠

 

མེ་སྤྲེལ།

 

 

༢×

 

 

༤×

 

༥×

 

 

 

 

 

༡༠×

 

༡༡

 

༡༢

 

 

༣༡

 

མེ་བྱ།

 

༡×

 

 

༣×

 

 

༥×

 

༦×

 

 

༧×

 

 

༩×

 

༡༠

 

༡༡

 

༡༢

 

༣༢

 

ས་ཁྱི།

 

༡×

 

 

༣×

 

 

༥×

 

༦×

 

 

༨×

 

 

༡༠×

 

༡༡

 

༡༢

 

 

༣༣

 

ས་ཕག

 

 

༢×

 

 

༤×

 

 

༦×

 

༧×

 

 

༩×

 

༡༠×

 

༡༡

 

༡༢

 

 

༣༤

 

ལྕགས་བྱི།

 

༡×

 

 

 

 

༤×

 

 

༦×

 

༧×

 

 

༩×

 

༡༠

 

༡༡

 

༡༢

 

༄༅།།འདིར་སྨྲས་པ། མཐའ་ཀླས་རིག་པའི་གནས་ཆེན་ཐང་ཡངས་པོར། །བློ་གྲོས་བང་རྩལ་འགྲན་པ་མཁས་པའི་ལས། །གང་དག་མཁས་པའི་རྒྱལ་ཐབས་ཟིན་འདོད་ན། །མི་སློབ་དངོས་དེ་གང་ཡང་ཡོད་མ་ཡིན། །བདག་བློའི་བུམ་བཟང་ལས་འོངས་བདུད་རྩིའི་ཆབ། །བསང་གཏོར་ཚུལ་དུ་སོར་རྩེའི་ཡལ་འདབ་ནས། །ཚུལ་འདིར་མོས་ལྡན་སྐལ་བཟང་ཁྱེད་ཅག་ལ། །བསིལ་བ་སྦྱིན་འདི་གུས་པས་ལེན་པར་རིགས། །རང་དང་གཞན་སྡེ་ཐུན་མོང་སྤྱོད་ཡུལ་བའི། །སྐར་རྩིས་ཡན་ལག་ཕྲ་མོ་འདི་ཙམ་ཡང༌། །ཡལ་བར་དོར་ན་མཁས་པའི་མདུན་ས་རུ། །སྨྲ་བྱེད་སྟུང་བའི་བརྟུལ་ཞུགས་རང་གིས་ལེན། །དེ་ཕྱིར་སློབ་དཔོན་ཀླུ་སྒྲུབ་ཞལ་སྔ་ནས། །རིག་པ་ནང་བར་འཆི་ཡང་སློབ་དགོས་པར༌། །གདམས་པ་འདི་ཀོ་ཀུན་གྱི་སྙིང་དབུས་སུ། །བཅང་བར་བྱ་བ་གནད་ཀྱི་དོན་པོ་ཡིན། །དེ་སྐད་ངག་རིག་ཚེ་རབས་ཕྲེང་བ་རུ། །ཡོན་ཏན་སློབ་པར་བརྩོན་པའི་ལྷག་བསམ་ཅན། །ཕྱི་མར་ཐེག་མཆོག་ཤེས་གཉེན་ཞབས་དྲུང་དུ། །སྐྱེ་བར་སྨོན་པའི་དགེ་སྦྱོར་དེ་ཡིས་གླེང༌། བཀྲ་ཤིས་དགེའོ།། །།

མཐའ་མའི་འདོན་ཐེངས་།: 05.01.2015 ཉིན། 2:46 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།