སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.06.2015
དྲི་མེད་ཤེལ་ཕྲེང་། >>

 

༄༅། །བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་

ཞེས་བྱ་བ་བཞུགས་སོ།།

 

          གསེར་ཐུབ་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །མཐའ་ཡས་རྡུལ་བྲལ་ཞིང་ཁམས་རྒྱ་མཚོར་ངོ་མཚར་སྣང་བའི་མཛད་པ་དུ་མ་སྟོན། །གང་གིས་མཚན་དཔེའི་གཟི་བྱིན་ཉི་འོད་ཆ་ཤས་ཕྲ་མོས་རེག་པའི་མོད་ཉིད་ལའང༌། །དུག་གསུམ་ཉེས་འཚེའི་མུན་པ་མཐར་བྱེད་སྲོག་འཚོ་ཤེས་རབ་སྣང་བས་ཆོས་ཀུན་འབྱེད། །ཉིད་ཀྱིས་ཇི་ལྟར་གཟིགས་བཞིན་འགྲོ་ལ་སྟོན་མཛད་རྣམ་འདྲེན་བདེ་གཤེགས་བདུན་ལ་འདུད།། 

          རིས་བྲལ་པཎ་གྲུབ་རྒྱུ་སྐར་ཕྲེང་བའི་དབུས། གྲུབ་མཁས་འོད་ཀྱིས་མངོན་མཐོ་སྐུ་བཞིའི་བདག །ཀུན་ལ་དགའ་བདེའི་བསིལ་སྦྱིན་བསྟན་འཛིན་གྱི། །ཞབས་སེན་ནོར་བུ་བདག་གཙུག་རྒྱན་དུ་རོལ། །སྨན་རྒྱལ་ནམ་མཁའི་གོས་ཅན་རྡོ་རྗེའི་སྐུར། །ཡེ་ཤེས་ལྔ་འོད་མྱུར་འཁྱུག་དྲང་སྲོང་མཆེད། །ལྔས་གསུངས་ཏིནྟྲ་རྡོ་རྗེའི་ལྕེ་བརྒྱ་པས། །རྒྱུ་འབྲས་བདུད་བཞིའི་ཀླད་འགེམས་མཛད་ལ་བསྟོད། །བརྗོད་འདས་སྦྱངས་ཡོན་དུ་མས་ཡིད་དྲངས་ཏེ། །སྟོན་པའི་བསྟན་ལ་རླབས་ཆེན་རིམ་གྲོ་པ། །གཞོན་ནུའི་གསོས་སོགས་སྟོན་པ་གཉིས་པའི་ཕྲེང༌། །བསྟན་པའི་གཏད་རབས་དགེ་བའི་བཤེས་རྣམས་བསྔགས། །སྲིད་ཞིའི་བློ་གྲོས་སྤོབས་པ་གཅིག་བསྡུས་ནས། །འགྲོ་བློ་དུཿཁའི་མཚོ་ལས་སྒྲོལ་བའི་གཉེན། །འཚོ་བདེའི་དཔལ་སྟེར་གྲུ་ཆེན་ཟླ་བྲལ་བ། །བོད་མཁས་དགུ་སོགས་མཁས་བརྒྱུད་འཛིན་རྣམས་རྒྱལ། །གདུལ་བྱའི་དབང་པོ་ཁམས་ཀྱི་ཡོལ་གོ་ལའང༌། །ཤེས་བྱ་མཐོ་རིས་ར་སས་འགེངས་པའི་སླད། །བཀའ་ཡི་རྒྱས་འགྲོལ་ཟབ་གསལ་དོན་གྱི་བཅུད། །སྙིང་པོར་བསྒྲིལ་མཛད་རྣམས་ལ་ལེགས་ཡི་རངས། །མ་རུངས་གདུག་པའི་སྲོག་གཤེད་དམ་ཅན་གཙོ། །རྣམ་གཉིས་དངོས་གྲུབ་ཆར་དུ་འབེབས་པའི་བདག །བསྟན་པའི་སྲུང་མ་ཞང་བློན་སྤྲུལ་སྡེ་དགུས། །ལོག་སྨྲ་ཚར་ཆོད་ལེགས་བཤད་བསྟན་འདི་སྐྱོངས། །དེ་ཡང་བྱང་ཟུར་རྒྱལ་ཚབ་ཟུང་བྱོན་གྱིས། །དཀའ་འགྲེལ་བསྡུས་མཛད་ཚིག་དང་དོན་ཀུན་ལ། །རབ་དད་ཡིད་ལ་གཞལ་ཡང་ཕྱི་རབས་པ། །རྨོངས་ལ་རྒྱས་གནད་ཆེ་སྙམ་ཡིད་མ་ཁེངས། །རྒྱལ་བའི་བཀའ་ལས་འཁྲུལ་པ་བྲལ་བའི་གསུང༌། །དབེན་ཕྱིར་བྱང་ཆུབ་སེམས་དཔར་འཁྲུལ་དུམ་རེ། །འབྱུང་ཞེས་ཐོས་ན་ཕལ་ལ་ཅི་ཆ་མཆིས། །འགྲེལ་མང་ཕལ་ལ་འཁྲུལ་ཉེས་མང་ཞིག་མཐོང༌། །འདིར་ནི་འཇམ་མགོན་གཉིས་པ་ནམ་མཁའི་མཚན། །གནང་རིག་རྗེས་སྦྱང་རབ་སྲོལ་ཆ་གང་ཞིང༌། །ཤེས་རབ་ལྔ་རིག་སྣང་བརྒྱའི་འོད་མངའ་དེས། །གདམས་པའི་སྣང་བརྙན་བདག་གི་ཡིད་མཚོར་གསལ། །གསོ་བྱའི་གཉེན་པོ་གསོ་བྱེད་སྨན་ལགས་ཀྱང༌། །རོ་ནུས་ཞུ་རྗེས་ངོས་མིང་རྨོངས་འཁྲུལ་ན། །གཉེན་པོ་ཐོག་ཏུ་མི་ཕེབས་གཤེད་དུ་འབབ། །དེས་ན་རྒྱས་གསལ་མེད་མི་རུང་བར་གོ། །འགའ་ཞིག་འདྲེན་བྱེད་ཡ་འགྲིབ་ཕྱུགས་ཀྱི་འགྲོས།།  ཕྱོགས་རེ་མཐོང་ལ་མཆོག་རློམ་ངོས་འཛིན་འགྲེལ། །དེར་ལྡོག་ངོས་ནི་བཀའ་བསྟན་མང་མཁས་ཀྱི། །ཞལ་གདམས་ལུང་རིགས་ལེགས་ཆ་བསགས་འདིར་འགོད། །སྲོག་གི་བདུད་གཞོམ་ཡུན་འཚོའི་རྩི་སྨན་གྱི། །རྣམ་དབྱེ་ངོ་བོ་ནུས་པ་མིང་མངོན་བརྗོད། །རྒྱས་པར་བཤད་པ་ལོག་འཁྲུལ་རྡུལ་དྲེག་གི། །དྲི་མེད་རབ་གསལ་ཤེལ་དཀར་ཕྲེང་འདི་རྨད། །མ་འོངས་སྐལ་པ་མཆོག་ལ་དབང་འབྱོར་ཞིང༌། །གསོ་རིག་འཛིན་མང་དབུས་ན་ལེགས་བཤད་སྒྲ། །རྣམ་དཔྱོད་མགྲིན་དབྱངས་སྒྲོགས་འདོད་མགུལ་རྒྱན་དུ། །ངལ་མེད་ལངས་ལ་དཔྱད་གསུམ་སོར་མོས་བགྲངས།།

          དེ་ལྟར་མཆོད་པར་བརྗོད་ཅིང་འཆད་པར་ཁས་འཆེས་ནས་འཆད་བྱ་དངོས་ནི། གསོ་བ་རིག་པ་འདི་ལུས་ཅན་ཀུན་གྱི་སྲོག་གི་རྩ་ལག་ཏུ་གྱུར་པར་མ་ཟད། མཁས་ནས་བྱིས་པའི་བར་གྱི་གཞན་དོན་ལ་ཐུགས་ལྷག་པར་བརྩེ་བ་དང༌། རང་གི་མེས་རབས་ཀྱི་སྲོལ་ཀ་མི་འཛིན་ཀ་མེད་པ་དང༌། འདོད་སྲེད་ཀྱིས་རྙེད་བྱའི་ཚོང་ཟོང་དུ་གཉེར་བ་དག་གིས་འཇུག་བྱ་ཡང་དག་པར་མཛད་ལ། འཇུག་བྱེད་ཀྱང་གནམ་གྱི་སྐར་ཚོགས་ལས་ཆེས་མང་བར་མཆིས་རུང༌། ཕྱོགས་འདིར་སྔོན་དུ་སློབ་དཔོན། བར་དུ་མཐོང་ཐོས། རྗེས་སུ་གོམས་སྦྱོང༌། རྒྱུན་དུ་དཔྱད་གསུམ་གང་ས་ནས་དབེན་པས་ལོག་འཁྲུལ་རྒྱ་འབྱམས་པ་ལས། ཤིན་ཏུ་ཕྲ་ལ་ཞིབ་པའི་སྨན་གྱི་མཐའ་དཔྱད་པ་ཉིན་མོའི་སྐར་མའི་ཕྱོགས་སུ་ལྷུང་བས་བཙས་མ་ཐག་པའི་ཏོལ་བཞིན་མགོ་ཐོམ་ཐོམ་པོར་འཁྱམས་པ་དག་ལ་ཕན་པའི་ཆེད་དུ་གསལ་རྒྱས་ཤིག་དགོས་ཞེས་བསྐུལ་བ་དག་ལ་བླ་ལྷག་ཏུ་ཡི་རངས་པ་དང༌། སྤྲོ་དགའི་ངེས་ཤེས་ཀྱིས་སྣང་བ་རབ་ཏུ་བཏེག་པས་ངལ་བའི་འདུ་ཤེས་རྒྱང་བསྲིངས་ཏེ། སྨན་ངོ་བོ་རེ་རེའི་ནུས་པ་དང༌། དེ་ངོས་འཛིན་པའི་གསལ་ཁ། དོན་གཅིག་སྒྲ་མང་ལ་གོལ་ས་གཅོད་པ་མིང་གི་མངོན་བརྗོད་བཅས་གསལ་བ་ཞིག་འགོད་པ་ལ་དོན་གསུམ་སྟེ།

          དང་པོ་ཀླད་ཀྱི་དོན་རྩ་བ་སྤྱིའི་རྣམ་དབྱེ་སྡོམ་དུ་བཤད་པ་དང༌། གཉིས་པ་གཞུང་གི་དོན་བྱེ་བྲག་ངོ་བོའི་ནུས་མིང་གསལ་བར་འགྲེལ་པ་དང༌། གསུམ་པ་རྗེས་ཀྱི་དོན་དུས་གནད་དང་བསྡུས་བརྡ་སྤྲོད་པའོ།།

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 2:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།