སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

མགོ་ལོག་སྨན་པ་སྟག་བླ་ནོར་བུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.11.2017
གསོ་རིག་མཁས་དབང་རིམ་བྱོན། >>



མགོ་ལོག་སྨན་པ་སྟག་བླ་ནོར་བུ།

- བྱམས་པ་འཕྲིན་ལས།
 

            མགོ་ལོག་སྨན་པ་སྟག་བླ་ནོར་བུ་ཞེས་པ་ནི། རབ་བྱུང་བཅོ་ལྔ་པའི་ས་གླང་(སྤྱི་ལོ་1889)ལོར་མགོ་ལོག་སྟག་ལེབ་དཔོན་གྱི་རྒྱུད་དུ་སྐུ་འཁྲུངས།  ཁོང་རབ་ཏུ་བྱུང་བའི་མཚན་ལ་འཇིགས་མེད་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། སྐུ་ན་ཆུང་ངུའི་དུས་ནས་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་ཞབས་པད་བསྟེན་ཞིང་གཞུང་ལུགས་རབ་འབྱམས་ལ་སྦྱངས་ཤིང་། ཁྱད་པར་གསོ་རིག་སྨན་གྱི་གནས་ལ་སྤྱངས་པ་ཕུལ་དུ་བྱུང་པར་མཛད་པར་འཇུ་མི་ཕམ་མཆོག་གིས་བསྔགས་བརྗོད་ཅི་ཆེ་ཐོབ། སྟག་བླ་ནོར་བུའི་གསུང་རྩོམ་དུ་མ་ཡོད་པ་ལས། སྨན་གྱི་ཕྱོགས་སུ་བརྩམས་པ་གནང་བ་ནི། གཡུ་རྩེའི་རྫོང་དུ་བཞུགས་དུས་སྨན་གྱི་གཞུང་ལུགས་དུ་མ་བརྩམས་ཡོད་ཀྱང་ད་ལྟ་དཔེ་རྒྱུན་མང་པོ་ཆད། ད་དུང་ཡོད་པ་ནི་ཨུཏྤལ་བརྒྱད་ཅུ་པ་དང་། ག་པུར་བརྒྱ་རྩ། མན་ངག་བདུད་རྩིའི་ཡང་ཞུན། ཐུགས་རྗེ་བསིལ་བའི་བདུད་རྩིའི་ཆུ་རྒྱུན་སོགས་བཞུགས། ཁོང་གི་ཐུན་མོང་མ་ཡིན་པའི་སྨན་གྱི་ལག་ལེན་ཐམས་ཅད་འཕྲལ་དུ་ཕན་པ་མངོན་གསལ་ཅན་ཤ་སྟག་ཡིན་ཞིང་། སྐར་རྩིས་ཀྱི་ཕྱོགས་སུའང་གསུང་རྩོམ་མང་པོ་ཡོད་སྐད། དེ་ལས་གཞན་ལེགས་བཤད་ཀྱི་ཕྱོགས་སུ་བླུན་གཏམ་དང་། བྱིས་གཏམ་ལྟ་བུ་གསུང་རྩོམ་མང་པོ་བཞུགས།
 

            ཁོང་སྨན་བཅོས་ལག་ལེན་གྱི་ཕྱོགས་སུའང་འགྲན་ཟླ་དང་བྲལ་བ་ཞིག་སྟེ་རབ་བྱུང་བཅོ་ལྔ་པའི་མཇུག་ཙམ་ལ། གཙང་སྐོར་དུ་བུད་མེད་ཅིག་ལ་བྱིས་པ་བཙའ་བའི་ཐོག་སྐྱེ་ཟུག་བྱུང་ནས་སྐྱེ་མ་ཐུབ་པར་ཨ་མཆོད་སང་དུ་སྟལ་བླ་ནོར་བུ་བཞུགས་པའི་གནས་སུ་མི་མངགས། དེ་སོང་ཤུལ་གྱི་ཕྱི་དྲོ་སྐྱེས་མ་དེ་ཤི་བ་ལྟར་གྱུར་ནས། གཙང་སྐོར་གྱི་བླ་མ་ཞིག་ཡོད་པ་ཤི་ཆོག་ལ་གདན་འདྲེན་ཞུས། ནུབ་དེའི་ནུབ་སྨད་ནམ་ལངས་ཁར་རོ་དུར་སར་འཁྱེར། སྔ་ཉིན་སྨན་པ་བསུས་ནས་ཡོང་བའི་སྨན་པའི་ཡོང་ལམ་དང་། དུར་སར་འཁྱེར་ལམ་གཉིས་གཅིག་ཡིན་པས་ལམ་ནས་རོ་འཁྱེར་བ་དང་འཕྲད། སྨན་པ་སྟག་བླས་ལོ་རྒྱུས་ཞིབ་པ་དྲིས་པ་དང་། མངལ་ཁྲག་ཕྱི་རོལ་དུ་འགོས་པ་ལ་བརྟག་དཔྱད་བྱས་ནས། འདི་ནི་ཤི་ཁྲག་མ་ཡིན་ཏེ་གསོན་ཁྲག་ཡིན་པས་དུར་ས་ནས་ཞིབ་དཔྱོད་བྱེད་དགོས་ཞེས་གསུངས་ནས་དུར་སར་རོ་བཞག་པ་དང་བརྟག་པ་གནང་། ཁོང་གིས་ཤེས་རྟོག་བྱུང་བ་ནི་། མངལ་གནས་བྱིས་པའི་ལག་པས་མའི་མཁལ་རྩར་དམ་དུ་འཇུས་པས་ཨ་མ་ཤི་བ་ལྟར་སོང་བ་ཤེས་ནས། མེ་བཙའ་བྱིས་པའི་ལག་ཐོག་རེད་སྙམ་པའི་སྟེང་དུ་བཞག་པས། བྱིས་པའི་ལག་པས་རྩ་འཇུས་པ་བཏང་པས་ཤ་འགུལ་བྱུང་། དེ་མ་ཐག་ཐང་དང་ཕྱེ་མ་གལ་ཆེན་གྱི་བཏང་ཐབས་བྱས་ཏེ་དབུགས་སོས་པ་དང་། བྱིས་པའང་བདེ་བླག་ཏུ་བཙས་པས་མ་བུ་གཉིས་དུར་ས་ནས་ཚེ་སྲོག་བསྐྱབས་པས། བླ་མ་ལས་ཀྱང་ལྷག་པའི་སྟག་སྐོར་སྨན་པ་བླ་མ་ཞེས་མིང་ཐོགས་པ་རེད།
 

            ཁོང་སྟག་བླ་ནོར་བུ་ནི་དེ་ཙམ་དུ་མ་ཟད་མི་ཤི་བ་གསོས་པའི་རྣམ་ཐར་དང་། ནད་གསོ་མི་ཐུབ་པ་གསོས་པའི་རྣམ་ཐར་ཤིན་ཏུ་མང་། ཁོང་གི་སྨན་བརྒྱུད་མཁན་པོ་ཐུབ་ནོར་ཚང་དང་། ངང་པ་དཔལ་མགོན་སོགས་སྨན་པ་གྲགས་ཅན་མང་དུ་ཐོན། མགོ་ལོག་ཕྱོགས་སུ་གཏར་བསྲེག་གི་ལག་ལེན་ཧ་ཅང་དར། ད་ལྟའང་རྒྱ་རོང་བསམ་འགྲུབ་དང་། ཁམས་སེང་སྨན་པ། སྨན་པ་ཀས་པོ་སོགས་ངེས་པ་དོན་གྱི་གསོ་རིག་ལག་ལེན་མཁས་པ་དུ་མ་བྱུང་ངོ་།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།


 

 

མཐའ་མའི་འདོན་ཐེངས་།: 13.11.2017 ཉིན། 10:17 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།