སྨན་རྩིས་དྲ་བ། - ཆེད་རྩོམ།

བག་རྩིས་ཀྱི་སྐོར་འགོ་ལས་ཁྲི་སྒོ་བཅུ་གཉིས་དང་ཁམ་ཡུ་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.05.2015
ཆེད་རྩོམ། >>

 

                   

༄༅། བག་རྩིས་ཀྱི་སྐོར་འགོ་ལས་ཁྲི་སྒོ་བཅུ་གཉིས་དང་ཁམ་ཡུ་སྐོར་མདོ་ཙམ་གླེང་བ།

                                                                        

- རྩིས་རམས་པ་དཀོན་མཆོག་བསྟན་འཛིན།

 

 

ཨོཾ་སྭ་སྟི།

བརྒྱད་ཁྲིའི་སྙིང་པོ་ཟབ་ཅིང་རྒྱ་ཆེའི་དོན།།

རྒྱུད་མང་སྒྲ་དང་ལྷན་ཅིག་གླུར་བླངས་པས།།

ཡིད་ཅན་མ་རིག་གཉིད་ལས་ཡོངས་སད་དེ།།

རྣམ་འབྱེད་དཔལ་སྦྱིན་ཚངས་འབྱུང་མ་དེས་སྐྱོངས།།

 

            ཞེས་ཤིས་པ་བརྗོད་པ་སྔོན་དུ་བཏང་ནས་འཇིག་རྟེན་འདིར་ཕོ་མོའི་འབྲེལ་བ་དེ་གལ་ཆེན་པོ་ཡིན་པར་བརྟེན། རང་ཅག་བོད་མིའི་སྤྱི་ཚོགས་ནང་དར་ཁྱབ་དུ་སོང་ཟིན་པའི་རྟེན་འབྲེལ་རྩིས་རིག་པ་ལས་བྱུང་བའི་མཐུན་འབྱོར་བག་མའི་རྩིས་ལས་ཁྲི་སྒོ་བཅུ་གཉིས་དང་ཁམ་ཡུ་ཞེས་པ་རྩིས་རིག་པའི་གཞུང་ལས་བསྟན་པའི་འདོད་ཚུལ་དངོས་གང་ཡིན་དང་དེར་དགོས་པ་གང་ཡོད་མཁྱེན་མཁན་ཤིན་ཏུ་ཉུང་། དེང་སང་ནི་རྐྱང་ཁུག་ནི་ཤ་ངོས་འཛིན་ཙམ་མ་གཏོགས་ཤིན་ཏུ་གནད་ཆེ་བའི་ཁམ་ཡུ་དང་ཁྲི་སྒོ་བཅིུས་ཀྱི་སྐོར་འགོ་རྣམས་འཇའ་བཞིན་ཡལ་འགྲོ་བའི་སྐབས་འདིར་གཞོན་སྐྱེས་བློ་རྩལ་ལྡན་པ་རྣམས་ཀྱི་ཐུགས་ཉམས་སུ་བཞེས་འདོད་ཡོད་པ་རྣམས་ཀྱི་ཆེད་དུ་༼བཻ་དཀར་༽དུ་མཐུན་སྦྱོར་བག་མའི་རྩིས་ལ་ས་དཔྱད་གསུམ་གྱིས་བསྟན།

            དང་པོ་མཐུན་མིན་བརྟག་པའི་རྩིས་ལས། སྡེབ་པ་དང་ལམ་འཇུག་གཉིས་ཀར་མཁོ་བ་ཁྲི་སྒོ་བཅུ་གཉིས་དང་། གཉིས་པ་ལམ་རྩིས་ལ་ས་བཅད་བཅུ་བདུན་ཡོད་པ་ལས་དང་པོ་ཁམ་ཡུ་སྐོར་ཅུང་ཟད་གླེང་བ་ལ།  ༼བཻ་དཀར་སྟོད་ཆའི་(ཕྱི་ལོ་༡༩༩༦ ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་མཛད་པའི་བཻ་དཀར།)ཤོག་གྲངས་ ༣༦༤ ལས།༽ བཅུ་བཞི་སྡེབ་དང་འགྲོ་བ་ལ། །མེད་དུ་མི་རུང་བ་ཡི་རྩིས། །ཁྲི་སྒོ་བཅུ་གཉིས་མ་ཤེས་ན། །བག་མ་ལེན་པའི་ཡེ་མཁྱེན་དེ། །བཙན་དུག་ལམ་ཁར་བསྐྱུར་བ་འདྲ། །ཕུང་འདྲེ་མཁན་གྱི་གཏོ་རྒྱལ་ཡིན།  །ཞེས་པ་ཁྲི་སྒོ་བཅུ་གཉིས་ལ། །དགྲ་ཁྱིམ་གཞོམ་དང་ནོར་ཁྱིམ་བླང།  །རང་ཁྱིམ་འབུབས་དང་གསུམ་ཡིན་ཏེ། །རྣམ་པ་བདུན་གྱིས་གཏན་ལ་འབེབས། །ཞེས་པ་སྟེ། མཐུན་སྦྱོར་བག་མའི་རྩིས་ཀྱི་སྡེབ་འཇུག་གཉིས་ཀར་མེད་དུ་མི་རུང་བའི་ ༡༽དགྲ་ཁྱིམ་གཞོམ་པ་དང། ༢༽ནོར་ཁྱིམ་བླངས་པ། ༣༽རང་ཁྱིམ་དབུབ་པའམ་བདག་ཁྱིམ་འབུབས་པ་བཅས་ལ་ཟེར་བ་ཡིན། འདི་དག་ལ་ཁྲི་སྒོ་བཅུ་གཉིས་ཞེས་བཅུ་གཉིས་ཀྱི་སྒྲ་སྦྱར་དོན་ནི་ལོ་འགྲོས་བཅིུས་པོ་བརྩི་གཞིར་གྱུར་པས་ཡིན་གྱི་སྐོར་འགོ་རང་བཅུ་གཉིས་ཡོད་པས་མིན་ཞེས་ནག་རྩིས་བརྗེད་བྱང་དུ་གསལ།

 

དེ་ལ་དང་པོ་དགྲ་ཁྱིམ་གཞོམ་པ་ཞེས་པ་ནི།

༼བཻ་དཀར་སྟོད་ཆ་ཤོག་གྲངས་ ༣༦༤ ལས།༽  དེ་ལ་དགྲ་ཁྱིམ་གཞོམ་པར་བཞི། །ལོ་ཟླ་ཞག་དང་སྤར་ཁ་དེ། །ལོ་ཡི་དགྲ་ཁྱིམ་གཞོམ་པ་ནི། །བྱི་ཕག་གླང་ལུག་ཁ་སྒོ་དབྱེ། །སྟག་ཡོས་བྱ་སྤྲེལ་ལོ་ལ་དབྱེ། །རྟ་སྦྲུལ་བྱི་ཕག་ལོ་ལ་དབྱེ། །བྱ་སྤྲེལ་རྟ་སྦྲུལ་ལོ་ལ་དབྱེ། །གཤེད་བཞི་སྟག་ཡོས་ཁ་སྒོ་(བཟང་)དབྱེ། །ཅེས་བྱ་བ་གསུངས་ཏེ། དེར་ཡང་ལོའི་དགྲ་ཁྱིམ་གཞོམ་པ་དང། ཟླ་བའི་དགྲ་ཁྱིམ་གཞོམ་པ། ཞག་གི་དགྲ་ཁྱིམ་གཞོམ་པ། སྤར་ཁའི་དགྲ་ཁྱིམ་གཞོམ་པ་བཅས་ནང་གསེས་བཞི་ཡོད།


            དང་པོ། ལོའི་དགྲ་ཁྱིམ་གཞོམ་པ་ནི། བུ་མོ་སུ་ཞིག་བག་མར་འགྲོ་དུས་ཀྱི་གནམ་ལོའི་སྲོག་ཁམས་ཀྱིས་རང་ལོའི་སྲོག་ཁམས་གཅོད་པ་དགྲ་ཕྲད་ཡིན་པ་ལ་ཟེར་ཞིང། གནམ་ལོ་དེ་སྟེང་དུ་ཁ་སྒོ་དབྱེ་བ་སྟེ་བག་མར་བརྫངས་ན་བཟང་བར་བཤད། གལ་སྲིད་བག་མའི་རང་ལོ་སྟག་ཡིན་པར་ཆ་བཞག་ན། སྟག་གི་སྲོག་ཁམས་ཤིང་ཡིན་པས། ཤིང་དགྲ་ལྕགས་སྲོག་ཁམས་ཡིན་པ་བྱ་སྤྲེལ་གཉིས་ལས་གང་རུང་ཞིག་གནམ་ལོར་ཤར་བ་ལྟ་བུ་དང། དེ་གཉིས་ལས་ཀྱང་སྟག་གི་བདུན་ཟུར་སྤྲེལ་ཡིན་པས། སྤྲེལ་གནམ་ལོ་ཤར་དུས་ཁ་སྒོ་དབྱེ་བ་སྟེ་བག་མར་བརྫངས་ན་ལྷག་ཏུ་བཟང་བ་ལྟ་བུ་ཀུན་ལ་རིགས་བསྒྲེ་བྱོས།  

༼ལོའི་དགྲ་ཁྱིམ་གཞོམ་པ་གཤམ་གསལ་རེའུ་མིག་གི་ལམ་ནས་བསྟན་པར།༽

ལོའི་དགྲ་ཁྱིམ་གཞོམ་པའི་རེའུ་མིག

བུ་མོའི་རང་ལོ།→

བྱི།

གླང་།

སྟག

ཡོས།

འབྲུག

སྦྲུལ།

རྟ།

ལུག

སྤྲེལ།

བྱ།

ཁྱི།

ཕག

རང་ལོའི་སྲོག་ཁམས་གཅོད་པ་དགྲ་ཕྲད་ཡིན་པ་གང་ཞིག་གནམ་ལོར་ཤར་དུས་ལ་གནས་ལ་འགྲོ་བ་ལ་བཟང་།

གླང་། ལུག

ཁྱི། འབྲུག

སྟག

ཡོས།

བྱ།

སྤྲེལ།

བྱ།

སྤྲེལ།

སྟག

ཡོས།

བྱི།

ཕག

བྱི།

ཕག

སྟག

ཡོས།

རྟ།

སྦྲུལ།

རྟ།

སྦྲུལ།

སྟག

ཡོས།

གླང་། ལུག

ཁྱི། འབྲུག

བདུན་ཟུར་གནམ་ལོ་ཤར་དུས་ལྷག་ཏུ་བཟང་།

 

 

སྤྲེལ།

བྱ།

 

ཕག

བྱི།

 

 

 

 

 

 

         

  གཉིས་པ། ཟླ་བའི་དགྲ་ཁྱིམ་གཞོམ་པ་ནི། ༼བཻ་དཀར་སྟོད་ཆ་ཤོག་གྲངས་ ༣༦༤ ལས།༽ ཟླ་བའི་དགྲ་ཁྱིམ་གཞོམ་པ་ནི། །སྐྱེས་ཟླ་གང་ཡིན་གཤེད་ལ་ཞོན། །ཞེས་པ། བུ་མོ་སུ་ཞིག་བག་མར་འགྲོ་དུས་ཀྱི་ཟླ་བའི་སྲོག་ཁམས་ཀྱིས་རང་གི་སྐྱེས་ཟླའི་སྲོག་ཁམས་གཅོད་པ་དགྲར་འགྲོ་བ་ལ་ཟེར་ཞིང། དགྲ་ཁྱིམ་གཞོམ་པའི་ཟླ་བ་དེར་ཁ་སྒོ་དབྱེ་བ་སྟེ་བག་མར་བརྫངས་ན་བཟང་བར་བཤད། དཔེར་ན་བག་མའི་སྐྱེས་ཟླ་དཔྱིད་ར་སྟག་ཡིན་པར་ཆ་བཞག་ན། སྟག་གི་སྲོག་ཁམས་ཤིང་དགྲ་ལྕགས་ཡིན་པས། ལྕགས་སྲོག་ཁམས་ཡིན་པའི་སྟོན་ར་སྤྲེལ་དང་སྟོན་འབྲིང་བྱ་གཉིས་ནི་དགྲ་ཁྱིམ་གཞོམ་པའི་ཟླ་བ་ཡིན་ལ། དེ་གཉིས་ལས་ཀྱང་སྐྱེས་ཟླ་སྟག་གི་བདུན་ཟུར་སྤྲེལ་ཡིན་པས་སྤྲེལ་ཟླ་ཁྱད་པར་དུ་བཟང་བ་ལྟ་བུ་ཡིན།    

༼ཟླ་བའི་དགྲ་ཁྱིམ་གཞོམ་པ་གཤམ་གསལ་རེའུ་མིག་གི་ལམ་ནས་བསྟན་པར།༽

ཟླ་བའི་དགྲ་ཁྱིམ་གཞོམ་པའི་རེའུ་མིག

བག་མའི་སྐྱེས་ཟླ།

དཔྱིད་

ར།

སྟག↓

དཔྱིད་

འབྲིང་།

ཡོས།

དཔྱིད་

ཐ།

འབྲུག

དབྱར་

ར།

སྦྲུལ།

དབྱར་

འབྲིང་།

རྟ།

དབྱར་

ཐ།

ལུག

སྟོན་

ར།

སྤྲེལ།

སྟོན་

འབྲིང་།

བྱ།

སྟོན་

ཐ།

ཁྱི།

དགུན་

ར།

ཕག

དགུན་

འབྲིང་།

བྱི།

དགུན

ཐ།

གླང་།

དགྲ་ཁྱིམ་གཞོམ་པའི་ཟླ་བ་ཡིན་པའི་བག་མ་འགྲོ་བ་བཟང་།

སྤྲེལ།

བྱ།

སྤྲེལ།

བྱ།

སྟག

ཡོས།

ཕག

བྱི།

ཕག

བྱི།

སྟག

ཡོས།

རྟ།

སྦྲུལ།

རྟ།

སྦྲུལ།

སྟག

ཡོས།

གླང་། ལུག

ཁྱི། འབྲུག

གླང་། ལུག

ཁྱི། འབྲུག

སྟག

ཡོས།

བདུན་ཟུར་ཟླ་བར་བག་མ་འགྲོ་བར་ལྷག་པར་བཟང་།

སྟོན་

ར།

སྤྲེལ

སྟོན་

འབྲིང་།

བྱ།

 

དགུན་

ར།

ཕག

དགུན་

འབྲིང་།

བྱི།

 

 

 

 

དཔྱིད་ཐ།

འབྲུག

 

 

 

 

            གསུམ་པ། ཞག་དང་ཉི་མའི་ཁྱིམ་གཞོམ་པ་ནི།༼བཻ་དཀར་སྟོད་ཆ་ཤོག་གྲངས་ ༣༦༤ ལས།༽ ཞག་དང་ཉི་མའི་ཁྱིམ་གཞོམ་པ།  །ཟླ་བ་སྟག་ལ་ཉི་མ་སྤྲེལ། །ཟླ་བ་ཡོས་ལ་ཉི་མ་བྱ། །ཉི་མས་ཟླ་བ་ཐུབ་པ་ཡི། །གཤེད་ལ་བྱ་བར་བཤད་པ་ཡིན། །ཞེས་པ་སྟེ། ཞག་གི་དགྲ་ཁྱིམ་གཞོམ་པ་ནི་འདི་ལྟ་སྟེ། བུ་མོ་སུ་ཞིག་བག་མར་འགྲོ་དུས་ཀྱི་ཞག་གམ་ཉི་མའི་སྲོག་ཁམས་ཀྱིས་འགྲོ་ཟླ་དེའི་སྲོག་ཁམས་གཅོད་པ་དགྲར་ཕྲད་ཡིན་པ་ལ་ཟེར་ཞིང། དགྲ་ཁྱིམ་གཞོམ་པའི་ཉི་མ་དེར་ཁ་སྒོ་དབྱེ་བ་སྟེ་བག་མར་བརྫངས་ན་བཟང་བར་བཤད། དཔེར་ན་བག་མར་འགྲོ་ཟླ་སྦྲུལ་ཡིན་པར་ཆ་བཞག་ན། སྦྲུལ་གྱི་སྲོག་ཁམས་མེ་ཡི་དགྲ་ཆུ་ཡིན་པས། ཆུ་སྲོག་ཁམས་ཡིན་པའི་བྱི་ཕག་གཉིས་ཀྱི་ཉི་མ་ནི་དགྲ་ཁྱིམ་གཞོམ་པའི་ཉི་མ་ཡིན་ལ། དེ་གཉིས་ལས་ཀྱང་འགྲོ་ཟླ་སྦྲུལ་གྱི་བདུན་ཟུར་ཕག་ཡིན་པས་ཉིན་དེ་ཁྱད་པར་དུ་བཟང་བ་ལྟ་བུ་ཡིན།         

༼ཞག་གི་དགྲ་ཁྱིམ་གཞོམ་པ་གཤམ་གསལ་རེའུ་མིག་གི་ལམ་ནས་བསྟན་པར།༽            

ཞག་གི་དགྲ་ཁྱིམ་གཞོམ་པའི་རེའུ་མིག

བག་མར་འགྲོ་ཟླ། →

འགྲོ་ཟླ་དེའི་སྲོག་ཁམས་གཅོད་པ་དགྲར་ཕྲད་ཀྱི་ཉི་མ།↓

དཔྱིད་

ར།

སྟག

དཔྱིད་

འབྲིང

ཡོས།

དཔྱིད་

ཐ་

འབྲུག

དབྱར་

ར།

སྦྲུལ།

དབྱར་

འབྲིང

རྟ།

དབྱར་

ཐ་

ལུག

སྟོན་

ར།

སྤྲེལ།

སྟོན་

འབྲིང་།

བྱ།

སྟོན་

ཐ།

ཁྱི།

དགུན་

ར།

ཕག

དགུན་

འབྲིང་།

བྱི།

དགུན་

ཐ།

གླང་།

དགྲ་ཁྱིམ་གཞོམ་པའི་ཉི་མ་ཡིན་པའི་བག་མ་འགྲོ་བ་བཟང།

སྤྲེལ།

བྱ།

སྤྲེལ།

བྱ།

སྟག

ཡོས།

ཕག

བྱི།

ཕག

བྱི།

སྟག

ཡོས།

རྟ།

སྦྲུལ།

རྟ།

སྦྲུལ།

སྟག

ཡོས།

གླང་། ལུག

ཁྱི། འབྲུག

གླང་། ལུག

ཁྱི། འབྲུག

སྟག

ཡོས།

འགྲོ་ཟླའི་བདུན་ཟུར་ཉི་མར་བག་མ་འགྲོ་བར་ལྷག་པར་བཟང་།

 

སྤྲེལ

 

བྱ།

 

 

ཕག

 

བྱི།

 

 

 

 

 

འབྲུག

 

 

 

 

            བཞི་པ། སྤར་ཁའི་དགྲ་ཁྱིམ་གཞོམ་པ་ནི། ༼བཻ་དཀར་སྟོད་ཆ་ཤོག་གྲངས་ ༣༦༤ ལས།༽ སྤར་ཁའི་དགྲ་ཁྱིམ་གཞོམ་པ་ནི། །སྤར་ཁ་དྭ་ཟིན་སྤེན་པ་ཟིན། །སྤར་ཁ་ཁོན་གིན་ཕུར་བུ་དྭ།  །ལི་ལ་མིག་དམར་ཁམ་ལ་དབྱེ། །སྤར་ཁ་ཁེན་ཟོན་གཟའ་ལྷག་ཁོན། །དེ་དག་རྣམས་ལ་ཁ་སྒོ་དབྱེ། ཅེས་བྱ་བ་གསུངས་ཏེ། ཁྲི་སྒོ་བཅུ་གཉིས་ཀྱི་ཡ་གྱལ་དགྲ་ཁྱིམ་གཞོམ་པའི་ནང་གསེས་སྤར་ཁའི་དགྲ་ཁྱིམ་གཞོམ་པ་ནི། བུ་མོ་སུ་ཞིག་བག་མར་འགྲོ་དུས་ཀྱི་བབས་སྤར་ལ་སྦྱར་བའི་ནང་གཟའི་ཁམས་ཀྱིས་དགྲ་ཁམས་ཡིན་པའི་སྤར་ཁ་ཚེས་ལ་འཆར་དུས་ལ་ཟེར་ཞིང། དུས་དེར་ཁ་སྒོ་དབྱེ་བ་སྟེ་བུ་མོ་བག་མར་བརྫངས་ན་བཟང་བར་བཤད། གལ་སྲིད་བུ་མོ་སུ་ཞིག་རང་ལོ་ཉེར་གཅིག་སྟེང་ནས་བག་མར་འགྲོ་བར་ཆ་བཞག་ན། ལོ་དེར་བབས་པའི་སྤར་ཁ་ལི་ཡིན་པས། དེར་སྦྱར་བའི་བར་གཟའ་མིག་དམར་གྱི་ཁམས་མེ་ཡི་དགྲ་ཆུ་ཁམས་ཡིན་པའི་ཁམ་འཆར་བའི་ཚེས་དག་སྤར་ཁའི་དགྲ་ཁྱིམ་གཞོམ་དུས་ཡིན་ལྟ་བུ་ཡིན།

༼ལོའི་དགྲ་ཁྱིམ་གཞོམ་པ་གཤམ་གསལ་རེའུ་མིག་གི་ལམ་ནས་བསྟན་པར།༽

སྤར་ཁའི་དགྲ་ཁྱིམ་གཞོམ་པའི་རེའུ་མིག

བག་མའི་བབས་སྤར་གང་ཡིན་ངོས་འཛིན།

ལི།

ཁོན།

དྭ།

ཁེན།

ཁམ།

གིན།

ཟིན།

ཟོན།

ནང་གཟའ་གང་ཡིན་ངོས་འཛིན།

དམར

ཕུར།

སྤེན།

ལྷག

དམར

ཕུར།

སྤེན

ལྷག

ནང་གཟའི་ཁམས་ཀྱིས་དགྲ་ཁམས་ཡིན་པའི་སྤར་ཁ་ཚེས་ལ་འཆར་དུས་དགྲ་ཁྱིམ་གཞོམ་ཉིན་ཡིན་པའི་བག་མར་འགྲོ་ན་བཟང་། →

ཁམ།

དྭ།

ཟིན།

ཁེན། ཁོན།

གིན། ཟོན།

ཁམ།

དྭ།

ཟིན།

ཁེན། ཁོན།

གིན། ཟོན།

 

 

གཉིས་པ།  ནོར་ཁྱིམ་བླངས་པ་ཞེས་པ་ནི།

༼བཻ་དཀར་སྟོད་ཆ་ཤོག་གྲངས་ ༣༦༤ ལས།༽ ནོར་ཁྱིམ་བླང་བ་གཟའ་མི་གཉིས། །ཕན་ཚུན་བདུན་ཟུར་ཐུག་པ་ཡི། །ཡར་མར་གཉིས་ཀྱི་བདུན་ཟུར་ལ། །བུ་དང་ནོར་གྱི་འདོད་པ་འགྲུབ། །བྱི་བ་དབྱར་གསུམ་སྐྱེས་པ་དང། །རྟ་ནི་དཔྱིད་གསུམ་སྐྱེས་པ་མཐུན། །གླང་ནི་དགུན་གསུམ་སྐྱེས་པ་དང།  །ལུག་ནི་སྟོན་གསུམ་སྐྱེས་པ་མཐུན། །སྟག་ནི་དཔྱིད་དང་སྤྲེའུ་ཉིད། །དབྱར་ཟླ་གསུམ་ལ་སྐྱེས་པ་མཐུན། །ཡོས་བུ་དབྱར་གསུམ་སྐྱེས་པ་དང།  །བྱ་ནི་སྟོན་གསུམ་སྐྱེས་པ་མཐུན། །ཁྱི་ནི་དབྱར་གསུམ་སྐྱེས་པ་དང། །འབྲུག་ལོ་དགུན་གསུམ་སྐྱེས་པ་མཐུན། །ཕག་ནི་དགུན་གསུམ་སྐྱེས་པ་དང་། །སྦྲུལ་ནི་སྟོན་ཐར་སྐྱེས་པ་མཐུན། །ངན་ལ་བདུན་ཟུར་བསྲུང་བ་བཅོས། །གཙུག་ཏོར་གདུགས་དཀར་སྒྲོག་པར་བྱ། །ཅེས་བྱ་བ་གསུངས་ཏེ། མཐུན་སྦྱོར་བག་མའི་རྩིས་ཀྱི་སྡེབ་འཇུག་གཉིས་ཀར་མེད་དུ་མི་རུང་བའི་ཁྲི་སྒོ་བཅུ་གཉིས་ཀྱི་ཡ་གྱལ་ནོར་ཁྱིམ་བླངས་པ་ཞེས་པ་ནི་འདི་ལྟ་སྟེ། རང་ལོ་གཉིས་བདུན་ཟུར་དང་དབང་ཁམས་གཉིས་མ་བུ་ཡིན་པའི་མག་བག་གཉེན་སྡེབ་བྱེད་པ་ལ་ཟེར་ཞིང། དེ་རིགས་བདུན་ཟུར་རྩུབ་པ་ཡིན་ཡང་ནོར་ཁྱིམ་བླངས་པ་ཞེས་སྡེབ་རུང་བར་བཤད་ལ། གཉེན་རྩིས་འདིར་བག་མའི་དབང་ཐང་གཙོ་བས། ཁྱོ་གའི་དབང་ཁམས་ཆུང་མའི་དབང་ཁམས་ཀྱི་མར་འགྲོ་བའི་བདུན་ཟུར་སྡེབ་ན་ལྷག་ཏུ་བཟང་བར་སྣང།  གལ་སྲིད་མག་བག་གཉིས་ལས་གཅིག་གི་སྐྱེས་ལོ་མར་འགྲོ་བའི་ཆུ་རྟ་ཡིན་པར་ཆ་བཞག་ན། གཞན་དེ་དབང་ཁམས་བུར་འགྲོ་བའི་ཤིང་བྱི་ཡིན་པ་ལྟ་བུ་ཡིན། དེ་མིན་མག་བག་གཉིས་ཀྱི་རང་ལོ་བདུན་ཟུར་ཡིན་པ་གང་ཞིག་སྐྱེས་ཟླ་གཞུང་ནས་གསུངས་པ་ཇི་བཞིན་ཡིན་ན། དབང་ཁམས་མ་བུ་ཡིན་ཡང་སྡེབ་བཟང་ནོར་ཁྱིམ་བླངས་པར་གཏོགས་པས་བུ་ནོར་གྱི་འདོད་པ་འགྲུབ་པར་བཤད། དབང་ཁམས་མ་བུ་མིན་པ་གང་ཞིག། སྐྱེས་ཟླ་ཡང་གཞུང་ནས་གསུངས་པ་ལྟར་མིན་པའི་རང་ལོ་བདུན་ཟུར་དུ་འགྲོ་བ་གཉེན་སྒྲིག་བྱས་ན་ངན་པས་སྤང་དགོས་ལ། གལ་སྲིད་ཅིས་ཀྱང་སྡེབ་དགོས་བྱུང་ཚེ་གཙུག་གཏོར་དང་གདུགས་དཀར་འདོན་པ་དང་བདུན་ཟུར་སྲུང་བཅོས་བྱ་དགོས། གཞུང་ནས་གསུངས་པའི་སྐྱེས་ཟླ་ནི་རང་ལོ་བྱི་སྤྲེལ་ཡོས་ཁྱི་ཡིན་ན་དབྱར་ཟླ་གསུམ་ལས་གང་རུང་དང། སྟག་རྟ་གཉིས་ཡིན་ན་དཔྱིད་ཟླ་གསུམ་ལས་གང་རུང་། གླང་འབྲུག་ཕག་གསུམ་ཡིན་ན་དགུན་ཟླ་གསུམ་ལས་གང་རུང། བྱ་ལུག་གཉིས་ཡིན་ན་སྟོན་ཟླ་གསུམ་ལས་གང་རུང། སྦྲུལ་ཡིན་སྟོན་ཟླ་ཐ་ཆུང་ཁོ་ན་བཅས་ཡིན།

༼ནོར་ཁྱིམ་བླངས་པ་གཤམ་གསལ་རེའུ་མིག་གི་ལམ་ནས་བསྟན་པར།༽

ནོར་ཁྱིམ་བླངས་པའི་རེའུ་མིག

གཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་ནོར་ཁྱིམ་བླངས་ཞེས་ནང་སྡེབ་བཟང་།

ཤིང་

བྱི།

མེ་

རྟ།

 

ཤིང

གླང།

མེ་

ལུག

 

མེ་

སྟག

ས་སྤྲེལ།

 

མེ་

ཡོས།

ས་

བྱ།

 

ས་

འབྲུག

ལྕགས་

ཁྱི།

 

སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླངས་བ་ཞེས་ནང་སྡེབ་བཟང་།

དབྱར་

གསུམ།

དཔྱིད་གསུམ།

དགུན་

གསུམ།

སྟོན་

གསུམ།

དཔྱིད་

གསུམ།

དབྱར་

གསུམ།

དབྱར་

གསུམ།

སྟོན་

གསུམ།

དགུན་གསུམ།

དབྱར་

གསུམ།

༢ སྦྲུལ།

༣  རྟ།

༤  ལུག

༡༡  སྟག

༡༢ ཡོས།

༡  འབྲུག

༨  ཕག

༩  བྱི་བ།

༡༠ གླང།

༥  སྤྲེལ།

༦  བྱ།

༧   ཁྱི།

༡༡  སྟག

༡༢ ཡོས།

༡  འབྲུག

༢ སྦྲུལ།

༣  རྟ།

༤ལུག

༢ སྦྲུལ

༣  རྟ།

༤ ལུག

༥ སྤྲེལ།

༦  བྱ།

༧   ཁྱི།

༨  ཕག

༩  བྱི།

༡༠གླང།

༢ སྦྲུལ།

༣  རྟ།

༤  ལུག

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནོར་ཁྱིམ་བླངས་པའི་རེའུ་མིག

གཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་ནོར་ཁྱིམ་བླངས་ཞེས་ནང་སྡེབ་བཟང་།

ས་

སྦྲུལ།

ལྕགས་ཕག

 

ལྕགས་

རྟ།

ཆུ་

བྱི།

 

ལྕགས་ལུག

ཆུ་གླང་།

 

 

ཆུ་

སྤྲེལ།

ཤིང་སྟག

 

ཆུ་

བྱ།

ཤིང་ཡོས།

 

སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླངས་བ་ཞེས་ནང་སྡེབ་བཟང་།

སྟོན་ཐ།

དགུན་གསུམ།

དཔྱིད་

གསུམ།

དབྱར་

གསུམ།

སྟོན་

གསུམ།

དགུན་

གསུམ།

དབྱར་

གསུམ།

དཔྱིད་གསུམ།

སྟོན་

གསུམ།

དབྱར་གསུམ།

༧  ཁྱི།

༨  ཕག

༩ བྱི་བ།

༡༠གླང།

༡༡  སྟག

༡༢ ཡོས།

༡  འབྲུག

༢ སྦྲུལ།

༣  རྟ།

༤ ལུག

༥  སྤྲེལ།

༦  བྱ།

༧   ཁྱི།

༨  ཕག

༩  བྱི།

༡༠གླང།

༢ སྦྲུལ།

༣  རྟ།

༤ ལུག

༡༡  སྟག

༡༢ ཡོས།

༡  འབྲུག

༥ སྤྲེལ།

༦  བྱ།

༧   ཁྱི།

༢ སྦྲུལ

༣  རྟ།

༤ ལུག

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནོར་ཁྱིམ་བླངས་པའི་རེའུ་མིག

གཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་ནོར་ཁྱིམ་བླངས་ཞེས་ནང་སྡེབ་བཟང་།

ཤིང་

ཁྱི།

མེ་འབྲུག

 

ཤིང

ཕག

མེ་

སྦྲུལ།

 

མེ་

བྱི

ས་

རྟ།

 

མེ་

གླང།

ས་

ལུག

 

ས་

སྟག

ལྕགས་སྤྲེལ།

 

སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླངས་བ་ཞེས་ནང་སྡེབ་བཟང་།

དབྱར་

གསུམ།

དགུན་གསུམ།

དགུན་གསུམ།

སྟོན་ཐ།

དབྱར་

གསུམ།

དཔྱིད་

གསུམ།

དགུན་

གསུམ།

སྟོན་

གསུམ།

དཔྱིད་

གསུམ།

དབྱར་གསུམ།

༢ སྦྲུལ།

༣  རྟ།

༤  ལུག

༨  ཕག

༩ བྱི་བ།

༡༠གླང་།

༨  ཕག

༩  བྱི་བ།

༡༠ གླང་།

༧  ཁྱི།

༢ སྦྲུལ།

༣  རྟ།

༤  ལུག

༡༡ སྟག

༡༢ཡོས།

༡འབྲུག

༨  ཕག

༩  བྱི།

༡༠གླང་།

༥  སྤྲེལ།

༦  བྱ།

༧   ཁྱི།

༡༡  སྟག

༡༢ ཡོས།

༡  འབྲུག

༢ སྦྲུལ།

༣  རྟ།

༤ ལུག

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནོར་ཁྱིམ་བླངས་པའི་རེའུ་མིག

གཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་ནོར་ཁྱིམ་བླངས་ཞེས་ནང་སྡེབ་བཟང་།

ས་

ཡོས།

ལྕགས་བྱ།

 

ལྕགས་

འབྲུག

ཆུ་

ཁྱི།

 

ལྕགས་སྦྲུལ།

ཆུ་ཕག

 

ཆུ་

རྟ།

ཤིང་

བྱི།

 

ཆུ་

ལུག

ཤིང་གླང།

 

སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླངས་བ་ཞེས་ནང་སྡེབ་བཟང་།

དབྱར་

གསུམ།

སྟོན་

གསུམ།

དགུན་གསུམ།

དབྱར་

གསུམ།

སྟོན་ཐ།

དགུན་

གསུམ།

དཔྱིད་

གསུམ།

དབྱར་

གསུམ།

སྟོན་

གསུམ།

དགུན་

གསུམ།

༢ སྦྲུལ

༣  རྟ།

༤ ལུག

༥  སྤྲེལ།

༦  བྱ།

༧   ཁྱི།

༨  ཕག

༩ བྱི་བ།

༡༠གླང།

༢ སྦྲུལ།

༣  རྟ།

༤  ལུག

༧  ཁྱི།

༨  ཕག

༩  བྱི།

༡༠གླང།

༡༡  སྟག

༡༢ ཡོས།

༡  འབྲུག

༢ སྦྲུལ།

༣  རྟ།

༤ ལུག

༥སྤྲེལ།

༦  བྱ།

༧  ཁྱི།

༨  ཕག

༩  བྱི།

༡༠ གླང།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནོར་ཁྱིམ་བླངས་པའི་རེའུ་མིག

གཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་ནོར་ཁྱིམ་བླངས་ཞེས་ནང་སྡེབ་བཟང་།

ཤིང་

སྤྲེལ།

མེ་

སྟག

 

ཤིང

བྱ།

མེ་

ཡོས།

 

མེ་

ཁྱི།

ས་འབྲུག

 

མེ་

ཕག

ས་

སྦྲུལ།

 

ས་

བྱི།

ལྕགས་

རྟ།

 

སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླངས་བ་ཞེས་ནང་སྡེབ་བཟང་།

དབྱར་

གསུམ།

དཔྱིད་

གསུམ།

སྟོན་

གསུམ།

དབྱར་

གསུམ།

དབྱར་

གསུམ།

དགུན་གསུམ།

དགུན་གསུམ།

སྟོན་ཐ།

དབྱར་

གསུམ།

དཔྱིད་

གསུམ།

༢ སྦྲུལ།

༣  རྟ།

༤  ལུག

༡༡  སྟག

༡༢ ཡོས།

༡  འབྲུག

༥  སྤྲེལ།

༦  བྱ།

༧   ཁྱི།

༢ སྦྲུལ

༣  རྟ།

༤ ལུག

༢ སྦྲུལ།

༣  རྟ།

༤  ལུག

༨  ཕག

༩  བྱི།

༡༠གླང་།

༨  ཕག

༩  བྱི་བ།

༡༠ གླང་།

༧  ཁྱི།

༢ སྦྲུལ།

༣  རྟ།

༤ ལུག

༡༡  སྟག

༡༢ ཡོས།

༡  འབྲུག

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནོར་ཁྱིམ་བླངས་པའི་རེའུ་མིག

གཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་ནོར་ཁྱིམ་བླངས་ཞེས་ནང་སྡེབ་བཟང་།

ས་

གླང།

ལྕགས་ལུག

 

ལྕགས་

སྟག

ཆུ་

སྤྲེལ།

 

ལྕགས་ཡོས།

ཆུ་

བྱ།

 

ཆུ་

འབྲུག

ཤིང་

ཁྱི།

 

ཆུ་

སྦྲུལ།

ཤིང་

ཕག

 

སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླངས་བ་ཞེས་ནང་སྡེབ་བཟང་།

དགུན་

གསུམ།

སྟོན་

གསུམ།

དཔྱིད་

གསུམ།

དབྱར་

གསུམ།

དབྱར་

གསུམ།

སྟོན་

གསུམ།

དགུན་གསུམ།

དབྱར་

གསུམ།

སྟོན་ཐ།

དགུན་གསུམ།

༨  ཕག

༩  བྱི།

༡༠ གླང་།

༥སྤྲེལ།

༦  བྱ།

༧  ཁྱི།

༡༡ སྟག

༡༢ཡོས།

༡ འབྲུག

༢ སྦྲུལ།

༣  རྟ།

༤  ལུག

༢ སྦྲུལ

༣  རྟ།

༤ ལུག

༥ སྤྲེལ།

༦  བྱ།

༧   ཁྱི།

༨  ཕག

༩ བྱི་བ།

༡༠གླང་།

༢ སྦྲུལ།

༣  རྟ།

༤  ལུག

༧  ཁྱི།

༨  ཕག

༩  བྱི་བ།

༡༠ གླང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནོར་ཁྱིམ་བླངས་པའི་རེའུ་མིག

གཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་ནོར་ཁྱིམ་བླངས་ཞེས་ནང་སྡེབ་བཟང་།

ཤིང་

རྟ།

མེ་

བྱི།

 

ཤིང

ལུག

མེ་

གླང།

 

མེ་

སྤྲེལ།

ས་སྟག

 

མེ་

བྱ།

ས་

ཡོས།

 

ས་

ཁྱི།

ལྕགས་འབྲུག

 

སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླངས་བ་ཞེས་ནང་སྡེབ་བཟང་།

དཔྱིད་

གསུམ།

དབྱར་

གསུམ།

སྟོན་

གསུམ།

དགུན་

གསུམ།

དབྱར་

གསུམ།

དཔྱིད་

གསུམ།

སྟོན་

གསུམ།

དབྱར་

གསུམ།

དབྱར་

གསུམ།

དགུན་གསུམ།

༡༡  སྟག

༡༢ ཡོས།

༡  འབྲུག

༢ སྦྲུལ།

༣  རྟ།

༤ ལུག

༥སྤྲེལ།

༦  བྱ།

༧  ཁྱི།

༨  ཕག

༩  བྱི།

༡༠ གླང་།

༢ སྦྲུལ།

༣  རྟ།

༤  ལུག

༡༡ སྟག

༡༢ཡོས།

༡འབྲུག

༥ སྤྲེལ།

༦  བྱ།

༧   ཁྱི།

༢ སྦྲུལ

༣  རྟ།

༤ ལུག

༢ སྦྲུལ།

༣  རྟ།

༤  ལུག

༨  ཕག

༩ བྱི་བ།

༡༠གླང།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནོར་ཁྱིམ་བླངས་པའི་རེའུ་མིག

གཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་ནོར་ཁྱིམ་བླངས་ཞེས་ནང་སྡེབ་བཟང་།

ས་

ཕག

ལྕགས་སྦྲུལ།

ལྕགས་

བྱི།

ཆུ་

རྟ།

 

ལྕགས་གླང་།

ཆུ་ལུག

 

ཆུ་

སྟག

ཤིང་སྤྲེལ།

 

ཆུ་

ཡོས།

ཤིང་

བྱ།

 

སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླངས་བ་ཞེས་ནང་སྡེབ་བཟང་།

དགུན་གསུམ།

སྟོན་ཐ།

དབྱར་

གསུམ།

དཔྱིད་

གསུམ།

དགུན་

གསུམ།

སྟོན་

གསུམ།

དཔྱིད་

གསུམ།

དབྱར་

གསུམ།

དབྱར་

གསུམ།

སྟོན་

གསུམ།

༨  ཕག

༩  བྱི་བ།

༡༠ གླང་།

༧  ཁྱི།

༢ སྦྲུལ།

༣  རྟ།

༤ ལུག

༡༡  སྟག

༡༢ ཡོས།

༡  འབྲུག

༨  ཕག

༩  བྱི།

༡༠ གླང་།

༥སྤྲེལ།

༦  བྱ།

༧  ཁྱི།

༡༡ སྟག

༡༢ཡོས།

༡འབྲུག

༢ སྦྲུལ།

༣  རྟ།

༤  ལུག

༢ སྦྲུལ

༣  རྟ།

༤ ལུག

༥ སྤྲེལ།

༦  བྱ།

༧   ཁྱི།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནོར་ཁྱིམ་བླངས་པའི་རེའུ་མིག

གཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་ནོར་ཁྱིམ་བླངས་ཞེས་ནང་སྡེབ་བཟང་།

ཤིང་

འབྲུག

མེ་

ཁྱི།

 

ཤིང

སྦྲུལ།

མེ་

ཕག

 

མེ་

རྟ།

ས་

བྱི།

 

མེ་

ལུག

ས་

གླང་།

 

ས་

སྤྲེལ།

ལྕགས་སྟག

 

སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླངས་བ་ཞེས་ནང་སྡེབ་བཟང་།

དགུན་གསུམ།

དབྱར་

གསུམ།

སྟོན་ཐ།

དགུན་གསུམ།

དཔྱིད་

གསུམ།

དབྱར་

གསུམ།

སྟོན་

གསུམ།

དགུན་

གསུམ།

དབྱར་

གསུམ།

དཔྱིད་

གསུམ།

༨  ཕག

༩  བྱི་བ།

༡༠ གླང་།

༢ སྦྲུལ།

༣  རྟ།

༤  ལུག

༧  ཁྱི།

༨  ཕག

༩  བྱི་བ།

༡༠ གླང་།

༡༡  སྟག

༡༢ ཡོས།

༡  འབྲུག

༢ སྦྲུལ།

༣  རྟ།

༤ ལུག

༥སྤྲེལ།

༦  བྱ།

༧  ཁྱི།

༨  ཕག

༩  བྱི།

༡༠ གླང་།

༢ སྦྲུལ།

༣  རྟ།

༤  ལུག

༡༡ སྟག

༡༢ཡོས།

༡འབྲུག

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནོར་ཁྱིམ་བླངས་པའི་རེའུ་མིག

གཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་ནོར་ཁྱིམ་བླངས་ཞེས་ནང་སྡེབ་བཟང་།

ས་

བྱ།

ལྕགས་ཡོས།

 

ལྕགས་

ཁྱི།

ཆུ་འབྲུག

 

ལྕགས་ ཕག

ཆུ་སྦྲུལ།

 

ཆུ་

བྱི།

ཤིང་

རྟ།

 

ཆུ་

གླང་།

ཤིང་

ལུག

 

སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླངས་བ་ཞེས་ནང་སྡེབ་བཟང་།

སྟོན་

གསུམ།

དབྱར་

གསུམ།

དབྱར་

གསུམ།

དགུན་གསུམ།

དགུན་གསུམ།

སྟོན་ཐ།

དབྱར་

གསུམ།

དཔྱིད་

གསུམ།

དགུན་

གསུམ།

སྟོན་

གསུམ།

༥ སྤྲེལ།

༦  བྱ།

༧   ཁྱི།

༢ སྦྲུལ

༣  རྟ།

༤ ལུག

༢ སྦྲུལ།

༣  རྟ།

༤  ལུག

༨  ཕག

༩  བྱི་བ།

༡༠ གླང་།

༨  ཕག

༩  བྱི་བ།

༡༠ གླང་།

༧  ཁྱི།

༢ སྦྲུལ།

༣  རྟ།

༤ ལུག

༡༡  སྟག

༡༢ ཡོས།

༡  འབྲུག

༨  ཕག

༩  བྱི།

༡༠ གླང་།

༥སྤྲེལ།

༦  བྱ།

༧  ཁྱི།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནོར་ཁྱིམ་བླངས་པའི་རེའུ་མིག

གཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་ནོར་ཁྱིམ་བླངས་ཞེས་ནང་སྡེབ་བཟང་།

ཤིང་

སྟག

མེ་

སྤྲེལ།

 

ཤིང་

ཡོས།

མེ་

བྱ།

 

མེ་

འབྲུག

ས་

ཁྱི།

མེ་

སྦྲུལ།

ས་

ཕག

 

ས་

རྟ།

ལྕགས་བྱི།

 

སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླངས་བ་ཞེས་ནང་སྡེབ་བཟང་།

དཔྱིད་

གསུམ།

དབྱར་

གསུམ།

དབྱར་

གསུམ།

སྟོན་

གསུམ།

དགུན་གསུམ།

དབྱར་

གསུམ།

སྟོན་ཐ།

དགུན་གསུམ།

དཔྱིད་

གསུམ།

དབྱར་

གསུམ།

༡༡ སྟག

༡༢ཡོས།

༡འབྲུག

༢ སྦྲུལ།

༣  རྟ།

༤  ལུག

༢ སྦྲུལ

༣  རྟ།

༤ ལུག

༥ སྤྲེལ།

༦  བྱ།

༧   ཁྱི།

༨  ཕག

༩  བྱི་བ།

༡༠ གླང་།

༢ སྦྲུལ།

༣  རྟ།

༤  ལུག

༧  ཁྱི།

༨  ཕག

༩  བྱི་བ།

༡༠ གླང་།

༡༡  སྟག

༡༢ ཡོས།

༡  འབྲུག

༢ སྦྲུལ།

༣  རྟ།

༤ ལུག

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།


ནོར་ཁྱིམ་བླངས་པའི་རེའུ་མིག

གཟའ་མི་གཉིས་བདུན་ཟུར་ཐུག་པ་ཡིན་ལ་དེ་ཡང་དབང་ཐང་མ་བུར་འཕྲད་ན་ནོར་ཁྱིམ་བླངས་ཞེས་ནང་སྡེབ་བཟང་།

ས་

ལུག

ལྕགས་གླང་།

 

ལྕགས་

སྤྲེལ།

ཆུ་

སྟག

 

ལྕགས་བྱ།

ཆུ་

ཡོས།

 

ཆུ་

ཁྱི།

ཤིང་འབྲུག

 

ཆུ་

ཕག

ཤིང་སྦྲུལ།

 

སྐྱེས་ཟླ་གཞུང་བཞིན་བྱུང་ན་བདུན་ཟུར་སྡེབས་ཀྱང་ནོར་ཁྱིམ་བླངས་བ་ཞེས་ནང་སྡེབ་བཟང་།

སྟོན་

གསུམ།

དགུན་

གསུམ།

དབྱར་

གསུམ།

དཔྱིད་

གསུམ།

སྟོན་

གསུམ།

དབྱར་

གསུམ།

དབྱར་

གསུམ།

དགུན་གསུམ།

དགུན་གསུམ།

སྟོན་ཐ།

༥སྤྲེལ།

༦  བྱ།

༧  ཁྱི།

༨  ཕག

༩  བྱི།

༡༠ གླང་།

༢ སྦྲུལ།

༣  རྟ།

༤  ལུག

༡༡ སྟག

༡༢ཡོས།

༡འབྲུག

༥ སྤྲེལ།

༦  བྱ།

༧   ཁྱི།

༢ སྦྲུལ

༣  རྟ།

༤ ལུག

༢ སྦྲུལ།

༣  རྟ།

༤  ལུག

༨  ཕག

༩  བྱི་བ།

༡༠ གླང་།

༨  ཕག

༩  བྱི་བ།

༡༠ གླང་།

༧  ཁྱི།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

ནང་སྡེབ་བཟང་།

 

 

རང་ཁྱིམ་དབུབ་པ་ཞེས་པ་ནི།

          ༼བཻ་དཀར་སྟོད་ཆ་ཤོག་གྲངས་ ༣༦༤ ལས།༽ །རང་ཁྱིམ་དབུབ་པ་ནང་བསྡེབས་ཡིན། །བྱི་བ་ནང་བསྡེབས་བུ་ནོར་དཀའ། །གླང་བསྡེབས་ནོར་ཆེ་བུ་ཚ་འབྲིང། །སྟག་བསྡེབས་མི་ནོར་གཉིས་ལ་ངན། །ཡོས་ནང་བསྡེབས་པ་འབྲིང་པོ་ཙམ། །འབྲུག་གཉིས་ཁྱི་གཉིས་ནང་འཕྲད་བཟང། །སྦྲུལ་སྤྲེལ་ནང་བསྡེབས་བཟང་རབ་ཟེར། །རྟ་ཕག་ནང་བསྡེབས་འབྲིང་སྟོད་ཟེར། །ལུག་གཉིས་བྱ་གཉིས་བཀྲེན་པར་འོང། །ན་མཉམ་ངན་ལ་འདུས་པ་ལ། །ལུས་དང་མིང་བསྒྱུར་སྡོམ་པ་བླངས། །དག་པ་གསེར་གྱི་མདོ་ཐིག་འདོན། ཅེས་བྱ་བ་གསུངས་ཏེ། མཐུན་སྦྱོར་བག་མའི་རྩིས་ཀྱི་སྡེབ་འཇུག་གཉིས་ཀར་མེད་དུ་མི་རུང་བའི་ཁྲི་སྒོ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། མག་བག་ཟུང་གི་རང་ལོ་གཅིག་པ་ནང་སྡེབ་ཡིན་པ་ལ་ཟེར་ཞིང། དེ་དག་ལས་འབྲུག་སྦྲུལ་སྤྲེལ་ཁྱི་ནང་སྡེབ་བཟང།  གླང་ཡོས་རྟ་ཕག་ནང་སྡེབ་འབྲིང།  བྱི་སྟག་བྱ་ལུག་ནང་སྡེབ་ངན། སྡེབ་ངན་དེ་བཞི་ལས་བྱ་དང་ལུག་ནང་སྡེབ་ཡིན་ན་དབུལ། སྟག་ནང་སྡེབ་ཡིན་ན་མི་ནོར་གཉིས་ཀར་ངན། བྱི་བ་ནང་སྡེབ་ཡིན་ན་བུ་ནོར་གཉིས་དཀའ། གལ་སྲིད་སྡེབ་ངན་དེ་དག་དབང་ཐང་ཡང་གཅིག་པའི་ན་མཉམ་ཡིན་ན། བཅོས་སུ་ལུས་མིང་འགྱུར་ཞིང་དག་པ་སེར་གྱི་མདོ་ཐིག་འདོན་དགོས། 

༼རང་ཁྱིམ་དབུབ་པ་གཤམ་གསལ་རེའུ་མིག་གི་ལམ་ནས་བསྟན་པར།༽

རང་ཁྱིམ་དབུབ་པ་ཞེས་པ་ནི།

མག་བག་གཉིས་ཀའི་རང་ལོ།

འབྲུག

སྦྲུལ།

སྤྲེལ།

ཁྱི།

གླང།

ཡོས།

རྟ།

ཕག

བྱི།

སྟག

བྱ།

ལུག

འབྲས་བུ།

ནང་སྡེབ་བཟང།

ནང་སྡེབ་འབྲིང་།

ནང་སྡེབ་ངན།

 

 

བདག་ཁྱིམ་དབུབ་པ་ནི།

            བཻ་དཀར་བག་རྩིས་ལེའུ་ལས། བདག་ཁྱིམ་འབུབས་པ་ཡས་མས་བསྡེབས། །ཡས་མས་བྱི་གླང་སྟག་ཡོས་སོགས། །དབང་ཐང་ལུས་གཅིག་ལོ་བཅིུས། །ཤིང་གཉིས་ནང་ཕྲད་ཕྲོག་འདེད་ངན། །མེ་གཉིས་འབར་ཞིང་དྲོ་བས་བཟང། །ས་ཕྲད་ས་མཁར་བརྩིག་དེ་ལེགས། །ལྕགས་གཉིས་བརྡར་ཞིང་གཅོད་པ་དང། །ཆུ་འཕྲད་གང་ཞིང་འབོ་བས་ངན། ཞེས་བྱ་བ་གསུངས་ཏེ། མཐུན་སྦྱོར་བག་མའི་རྩིས་ཀྱི་སྡེབ་འཇུག་གཉིས་ཀར་མེད་དུ་མི་རུང་བའི་ཁྲི་སྒོ་བཅུ་གཉིས་རྣམ་པ་བདུན་གྱིས་གཏན་ལ་ཕབ་པའི་ནང་གསེས་ཤིག་སྟེ། ཡས་མས་སྡེབ་པ་ཞེས་པ་ལུས་དབང་གི་ཁམས་གཅིག་པའི་ཁྱིམ་མཚེས་རང་ལོ་ཡིན་པའི་བུ་བུ་མོ་ཕན་ཚུན་གཉེན་སྡེབ་བྱེད་པ་ལ་ཟེར་བ་ཡིན། འདིར་ཡང་ལུས་དབང་ནང་ཚན་གཅིག་པའི་རིགས་གཅིག་དང། ལུས་དབང་བཞི་ཀ་གཅིག་པའི་རིགས་གཅིག་བཅས་གཉིས་ཡོད་ཅིང། དེ་ལྟར་ལུས་དབང་སོ་སོར་འབྱུང་བ་ནང་ཕྲད་ཀྱི་འབྲས་བུ་ནི་ཤིང་གཉིས་ནང་ཕྲད་འཕྲོག་འདེད་ཡིན་པས་ངན་པ་དང།  མེ་གཉིས་ནང་ཕྲད་འབར་ཞིང་དྲོ་བས་བཟང་བ། ས་གཉིས་ནང་ཕྲད་ས་མཁར་བརྩིགས་པས་ལེགས་པ། ལྕགས་གཉིས་ནང་ཕྲད་བརྡར་ཞིང་གཅོད་པས་ངན་པ། ཆུ་གཉིས་ནང་ཕྲད་གང་ཞིང་འབོ་བས་ངན་པ་བཅས་ཡིན། གལ་སྲིད་མག་བག་གཉིས་ཀྱི་དཀྱུས་མ་ལོ་ཤིང་གི་བྱི་གླང་ཡིན་པར་ཆ་བཞག་ན། དབང་ཁམས་གཉིས་ཤིང་དང་ལུས་ཁམས་གཉིས་ལྕགས་ཡིན་པ་གཅིག་པ་ལྟ་བུ་དང།  ཡང་མེ་ཡི་སྟག་ཡོས་ཡིན་པར་ཆ་བཞག་ན། ལུས་དབང་བཞི་ཀ་མེ་ཡིན་པ་གཅིག་པ་ལྟ་བུ་ཡིན།

བདག་ཁྱིམ་དབུབ་པའི་རེའུ་མིག

ལུས་དབང་ནང་ཚན་གཅིག་པའི་རིགས།

ཤིང་གི་བྱི་གླང་།  ཁྱི་ཕག  བྱ་སྤྲེལ།  རྟ་ལུག འབྲུག་སྦྲུལ། སྟག་ཡོས།  

མེ་ཡི་བྱི་གླང། ཁྱི་ཕག རྟ་ལུག འབྲུག་སྦྲུལ། 

ནང་བསྡེབས་ཕྲོག་འདེད་ངན།

ནང་བསྡེབས་འབར་ཞིང་དྲོ་བས་བཟང་།

ས་ཡི་བྱི་གླང་།  འབྲུག་སྦྲུལ། ཁྱི་ཕག རྟ་ལུག

ལྕགས་ཀྱི་བྱི་གླང། རྟ་ལུག སྟག་ཡོས། བྱ་སྤྲེལ།

ཆུ་ཡི་བྱི་གླང། བྱ་སྤྲེལ། རྟ་ལུག སྟག་ཡོས།

ནང་བསྡེབས་ས་མཁར་བརྩིག་དེ་ལེགས།

ནང་བསྡེབས་བརྡར་ཞིང་གཅོད་པ་ངན།

ནང་བསྡེབས་གང་ཞིང་འབོ་བའི་ངན།

ལུས་དབང་བཞི་ཀ་གཅིག་པའི་རིགས།

མེ་ཡི་སྟག་ཡོས། སྤྲེལ་བྱ།

ས་ཡི་སྟག་ཡོས། སྤྲེལ་བྱ།

ལྕགས་ཀྱི་འབྲུག་སྦྲུལ།

ཆུ་ཡི་འབྲུག་སྦྲུལ། ཁྱི་ཕག

 


ཁམ་ཡུ་ཞེས་པ་ནི།

            གཉིས་པ། བཻ་དཀར་དུ་ལམ་རྩིས་ལ་ས་བཅད་བཅུ་བདུན་ཡོད་པ་ལས་དང་པོ། བག་མ་ལམ་འཇུག་གི་རྩིས་ཀྱི་ནང་དུ་བསྟན་པའི་གནས་ལ་འཛོངས་བར་ངན་པ་ཁམ་ཡུ་ཞེས་པ་ནི། ༼བཻ་དཀར་སྟོད་ཆའི་ཤོག་གྲངས་༣༦༥ ལས།༽ ཕོ་སྐོར་རྐྱང་པའི་གབ་ཚེ་ནི། སྨིན་དྲུག་ཉི་མ་རབས་ཆད་ནག །ངན་ལ་བྱི་བ་སྣར་མ་ཟླ། །མིག་བདུན་འབྲིང་ཡིན་གླང་དང་མགོ །མིག་དམར་འཁོར་ལྔ་བཟང་བའོ། །སྟག་ལག་ལྷག་པ་ཟུང་དྲུག་འབྲིང་། །ཡོས་དང་ནབས་སོ་གཟའ་ཕུར་བུ། །བཞི་བསྣོལ་འབྲིང་ཡིན་འབྲུག་དང་རྒྱལ། །པ་སངས་བརྒྱད་པ་བཟང་བའོ། །སྦྲུལ་སྐག་སྤེན་པ་ནག་དགུ་ངན། །རྟ་མཆུ་ཉི་མ་བཅུ་པ་བཟང། །ལུག་གྲེ་ཟླ་བ་ཕྱགས་ཤིང་ངན། །སྤྲེལ་དབོ་མིག་དམར་སྨིན་དྲུག་བཟང། །བྱ་དང་མེ་བཞི་ལག་པ་ནི། །ཟུར་བཞི་འབྲིང་པོ་ཁྱི་ནག་པ། །ཕུར་བུ་འཁོར་གསུམ་འབྲིང་ཡིན་ནོ། ། ཕག་དང་ས་རི་པ་ཝ་སངས། །བཅུ་གཉིས་བཟང་ལ་ས་ག་ནི། །སྤེན་པ་ཟུར་འབྲེལ་ངན་པའོ།། ༸མོ་སྐོར་ཁུག་པའི་གབ་ཚེ་ནི། །ལྷ་མཚམས་ཉི་མ་རབ་ཆད་དམར། །ངན་པ་བྱི་སྣྲོན་ཟླ་བ་ནི། །ཁྲ་བོ་མཇུག་རིང་ངན་པའོ། །གླང་སྣུབས་མིག་དམར་ར་བཞི་འབྲིང་། །སྟག་དང་ཆུ་སྟོད་ལག་གཅིག་ངན། །ཡོས་དང་ཆུ་སྨད་ཕུར་བུ་ནི། །ཟུར་བཞི་པ་འབྲིང་འབྲུག་གྲོ་བཞིན། །པ་སངས་འདྲེ་ལྔ་ངན་པའོ། །སྦྲུལ་དང་བྱི་བཞིན་སྤེན་པ་ནི། །ཕོ་བདུན་བཟང་ལ་རྟ་མོན་དྲེ། །ཉི་མ་ལག་སོར་ངན་པའོ། །ལུག་དང་མོན་གྲུ་ཟླ་བ་ནི། །ལྔ་པ་འབྲིང་ལ་སྤྲེལ་ཁྲུམས་སྟོད། །མིག་དམར་བརྒྱད་བདུན་ངན་པའོ། །བྱ་དང་ཁྲུམས་སྨད་ལག་པ་ནི། སྤུན་དྲུག་བཟང་ལ་ཁྱི་ནམ་གྲུ། ཕུར་བུ་ཐེའུ་བྲང་རྐང་གཅིག་ངན། །ཕག་དབྱུག་པ་སངས་འཁོར་དྲུག་འབྲིང། ། བྲ་ཉེ་སྤེན་པ་འཁོར་ལོ་ངན། །བཅས་ཉེར་བརྒྱད་ལ་ཟེར་བ་ཡིན། དེ་ལྟར་བག་མ་འགྲོ་བར་བཟང་ངན་འབྲིང་གསུམ་གྱི་ཁམ་ཡུ་ཡོད་པ་ལས་གང་གི་སྟེང་དུ་ཁེལ་མིན་ངོས་འཛིན་ནི་དེ་དག་ལ་སྦྱར་བའི་ལོ་རྟགས་བཅུ་གཉིས་དང་སྐར་མ་ཉེར་བརྒྱད་ལ་བརྟེན་དགོས་པས། ཁམ་ཡུ་ལའང་ཁམ་ཡུ་ལོ་དང་ཁམ་ཡུ་སྐར་མ་བཅས་གཉིས་ཡོད།


ཁམ་ཡུ་ལོ་ཞེས་པ་ནི།

            བག་མ་འགྲོ་དུས་ཀྱི་ཁམ་ཡུ་གང་ཡིན་ངོས་འཛིན་གནང་ཆེད་དེ་དག་ལོ་དང་སྐར་མ་སྦྱར་ནས་གཉིས་སུ་ཕྱེས་པའི་ནང་གསེས་ལོའི་ཁམ་ཡུ་སྟེ། དེར་ཡང་རྐྱང་ཁུག་གཉིས་མཛད་ཡོད་པའི་སྔ་མ་རྐྱང་བ་ནི་བྱི་བའི་ཁམ་ཡུ་མིག་བདུན་དང། གླང་གི་ཁམ་ཡུ་འཁོར་ལྔ། སྟག་གི་ཁམ་ཡུ་ཟུང་དྲུག ཡོས་ཀྱི་ཁམ་ཡུ་བཞི་བསྣོལ། འབྲུག་གི་ཁམ་ཡུ་བརྒྱད་པ། སྦྲུལ་གྱི་ཁམ་ཡུ་ནག་དགུ། རྟའི་ཁམ་ཡུ་བཅུ་པ། ལུག་གི་ཁམ་ཡུ་ཕྱགས་ཤིང། སྤྲེལ་གྱི་ཁམ་ཡུ་སྨིན་དྲུག བྱའི་ཁམ་ཡུ་ཟུར་བཞི། ཁྱིའི་ཁམ་ཡུ་འཁོར་གསུམ། ཕག་གི་ཁམ་ཡུ་བཅུ་གཉིས་བཅས་ཡིན་ཞིང། དེའི་སྟེང་དུ་གཉེན་སྒྲིག་བྱེད་སྐབས་ཀྱི་མག་པའི་ལོའི་ཁམ་ཡུ་འཚོལ་དགོས་པས་མིང་གི་རྣམ་གྲངས་ལ་ཕོ་སྐོར་རྐྱང་པའི་གབ་ཚེ་ཞེས་ཟེར་བ་ཡིན། གཉེན་སྒྲིག་བྱེད་སྐབས་ཀྱི་མག་པའི་ལོའི་ཁམ་ཡུ་ནི་སོ་སོའི་ལོ་རྟགས་ཀྱི་སྟེང་ནས་བཟུང་སྟེ་ལུགས་འབྱུང་ལ་དུས་དེའི་རང་གི་ལོ་གྲངས་ཀྱིས་ལོན་ཚད་བགྲངས་དགོས་པས། གལ་སྲིད་མག་པ་རྟ་ལོ་པས་ཆུང་མ་བསུ་དུས་རང་ལོ་ཉེར་གསུམ་ཡིན་པར་ཆ་བཞག་ན། རྐྱང་པའི་ནང་གི་རྟའི་ཐོག་ལས་ལུགས་འབྱུང་ལ་བགྲངས་པའི་ཉེར་གསུམ་པ་འབྲུག་ཡིན་ཕྱིར། ཁྱོ་གར་མཚོན་ན་དུས་དེའི་ལོའི་ཁམ་ཡུ་ནི་ཆུང་མ་བསུ་བར་བཟང་བའི་བརྒྱད་པ་ཡིན་པ་ལྟ་བུ་ཡིན། ཕྱི་མ་ཁུག་པ་ནི་བྱི་བའི་ཁྲ་བོ་མཇུག་རིང་དང། གླང་གི་ཁམ་ཡུ་ར་བཞི།  སྟག་གི་ཁམ་ཡུ་གཅིག ཡོས་ཀྱི་ཁམ་ཡུ་ཟུར་བཞི། འབྲུག་གི་ཁམ་ཡུ་འདྲེ་ལྔ། སྦྲུལ་གྱི་ཁམ་ཡུ་ཕོ་བདུན། རྟའི་ཁམ་ཡུ་ལག་སོར། ལུག་གི་ཁམ་ཡུ་ལྔ་པ། སྤྲེལ་གྱི་ཁམ་ཡུ་བརྒྱད་བདུན། བྱའི་ཁམ་ཡུ་སྤུན་དྲུག། ཁྱིའི་ཁམ་ཡུ་ཐེའུ་བྲང་རྐང་གཅིག ཕག་གི་ཁམ་ཡུ་འཁོར་དྲུག་བཅས་ཡིན་ཞིང། དེའི་སྟེང་དུ་གཉེན་སྒྲིག་བྱེད་སྐབས་ཀྱི་བག་མའི་ལོའི་ཁམ་ཡུ་འཚོལ་དགོས་པས་མིང་གི་རྣམ་གྲངས་ལ་མོ་སྐོར་ཁུག་པའི་གབ་ཚེ་ཞེས་ཟེར་བ་ཡིན། གཉེན་སྒྲིག་བྱེད་སྐབས་ཀྱི་བག་མའི་ལོའི་ཁམ་ཡུ་ནི་སོ་སོའི་ལོ་རྟགས་ཀྱི་སྟེང་ནས་བཟུང་སྟེ་ལུགས་འབྱུང་ལ་དུས་དེའི་རང་གི་ལོ་གྲངས་ཀྱིས་ལོན་ཚད་བགྲངས་དགོས་པས། གལ་སྲིད་བག་མ་བྱ་ལོ་མ་གནས་ལ་འགྲོ་དུས་རང་ལོ་ཉི་ཤུ་ཡིན་པར་ཆ་བཞག་ན། ཁུག་པའི་ནང་གི་བྱའི་ཐོག་ནས་ལུགས་འབྱུང་ལ་བགྲངས་པའི་ཉི་ཤུ་པ་འབྲུག་ཡིན་ཕྱིར། ཆུང་མར་མཚོན་ན་དུས་དེའི་ལོའི་ཁམ་ཡུ་ནི་བག་མ་འགྲོ་བར་ངན་པའི་འདྲེ་ལྔ་ཡིན་པ་ལྟ་བུ་ཡིན། གཞན་ཡང་གཉེན་སྒྲིག་བྱེད་སྐབས་ཀྱི་ལོ་ཟླ་ཞག་དུས་བཞིའི་ཁམ་ཡུ་ནི་རང་རང་ལོ་འགྲོས་བཅུ་གཉིས་ལས་གང་ཡིན་ན་དེའི་ཁམ་ཡུ་དངོས་ཡིན་པས། གལ་སྲིད་བྱི་ལོའི་སྟག་ཟླར་གཉེན་སྒྲིག་བྱེད་པར་ཆ་བཞག་ན། ཕོ་ལ་ལྟོས་པའི་གནམ་ལོའི་ཁམ་ཡུན་མིག་བདུན་དང། ཟླ་བའི་ཁམ་ཡུ་ནི་ཟུང་དྲུག མོ་ལ་ལྟོས་པའི་གནམ་ལོའི་ཁམ་ཡུ་ནི་ཁྲ་བོ་མཇུག་རིང་དང། ཟླ་བའི་ཁམ་ཡུ་ནི་གཅིག་བཅས་ཡིན་པ་ཇི་ལྟར་ཞག་དུས་གཉིས་ཁམ་ཡུ་གང་ཡིན་ཡང་དེ་དང་རིགས་འགྲེ་བྱ་དགོས།


ཁམ་ཡུ་སྐར་མ་ནི།

            བག་མ་འགྲོ་དུས་ཀྱི་ཁམ་ཡུ་གང་ཡིན་ངོས་འཛིན་གནང་ཆེད་དེ་དག་ལོ་དང་སྐར་མ་སྦྱར་ནས་གཉིས་སུ་ཕྱེས་པའི་ནང་གསེས་སྐར་མའི་ཁམ་ཡུ་སྟེ། སྨིན་དྲུག་གི་ཁམ་ཡུ་རབས་ཆད་ནག་པོ་ངན། སྣར་མའི་ཁམ་ཡུ་མིག་བདུན། མགོའི་ཁམ་ཡུ་འཁོར་ལྔ། ལག་གི་ཁམ་ཡུ་ཟུང་དྲུག ནབས་སོའི་ཁམ་ཡུ་བཞི་བསྣོལ། རྒྱལ་གྱི་ཁམ་ཡུ་བརྒྱད་པ། སྐག་གི་ཁམ་ཡུ་ནག་དགུ། མཆུའི་ཁམ་ཡུ་བཅུ་པ། གྲེའི་ཁམ་ཡུ་ཕྱགས་ཤིང། དབོའི་ཁམ་ཡུ་སྨིན་དྲུག མེ་བཞིའི་ཁམ་ཡུ་ཟུར་བཞི། ནག་པའི་ཁམ་ཡུ་འཁོར་གསུམ། ས་རིའི་ཁམ་ཡུ་བཅུ་གཉིས། ས་གའི་ཁམ་ཡུ་ཟུར་འབྲེལ། ལྷ་མཚམས་ཁམ་ཡུ་རབ་ཆད་དམར་པོ། སྣྲོན་གྱི་ཁམ་ཡུ་ཁྲ་བོ་མཇུག་རིང། སྣུབས་ཀྱི་ཁམ་ཡུ་ར་བཞི། ཆུ་སྟོད་ཀྱི་ཁམ་ཡུ་གཅིག ཆུ་སྨད་ཀྱི་ཁམ་ཡུ་ཟུར་བཞི་པ། གྲོ་བཞིན་གྱི་ཁམ་ཡུ་འདྲེ་ལྔ། བྱི་བཞིན་གྱི་ཁམ་ཡུ་ཕོ་བདུན། མོན་དྲེའི་ཁམ་ཡུ་ལག་སོར། མོན་གྲུའི་ཁམ་ཡུ་ལྔ་པ། ཁྲུམས་སྟོད་ཀྱི་ཁམ་ཡུ་བརྒྱད་བདུན། ཁྲུམས་སྨད་ཀྱི་ཁམ་ཡུ་སྤུན་དྲུག ནམ་གྲུའི་ཁམ་ཡུ་ཐེའུ་བྲང་རྐང་གཅིག དབྱུག་པའི་ཁམ་ཡུ་འཁོར་དྲུག བྲ་ཉེའི་ཁམ་ཡུ་འཁོར་ལོ་བཅས་ཡིན། དེ་ཡང་སྐྱེས་པ་ཡིན་ན་ཆུང་མ་སུ་སྐབས་ཀྱི་སོ་སོའི་ལོ་གྲངས་དེས་སྐར་མ་སྨིན་དྲུག་གི་ཐོག་ནས་བཟུང་སྟེ་མར་ལུགས་འབྱུང་ལ་ལོན་ཚད་བགྲངས་དགོས་པས། གལ་སྲིད་མག་པ་སུ་ཞིག་ཆུང་མ་བསུ་དུས་རང་ལོ་ཉེར་གཉིས་ཡིན་པར་ཆ་བཞག་ན། ཕོའི་ཁམ་ཡུ་སྐར་མའི་སྐོར་འགོ་སྨིན་དྲུག་ནས་མར་ལུགས་འབྱུང་ལ་བགྲངས་པའི་ཉེར་གཉིས་པ་མོན་དྲེ་ཡིན་ཕྱིར། ཁྱོ་གར་མཚོན་ན་དུས་དེའི་སྐར་མའི་ཁམ་ཡུ་ནི་བག་མ་བསུ་བར་ངན་པའི་ལག་སོར་ཡིན་པ་ལྟ་བུ་ཡིན། དེ་བཞིན་དུ་བུ་མེད་ཡིན་ན་བག་མར་འགྲོ་སྐབས་ཀྱི་སོ་སོའི་ལོ་གྲངས་དེས་སྐར་མ་གྲེ་ཡི་ཐོག་ནས་བཟུང་སྟེ་ཡར་ལུགས་ལྡོག་ལ་ལོན་ཚད་བགྲངས་དགོས་པས། གལ་སྲིད་བག་མ་སུ་ཞིག་གནས་ལ་འགྲོ་དུས་རང་ལོ་བཅུ་བདུན་ཡིན་པར་ཆ་བཞག་ན། མོའི་ཁམ་ཡུ་སྐར་མའི་སྐོར་འགོ་གྲེ་ཐོག་ནས་ལུགས་ལྡོག་ལ་བགྲངས་པའི་བཅུ་བདུན་པ་བྱི་བཞིན་ཡིན་ཕྱིར། ཆུང་མར་མཚོན་ན་དུས་དེའི་སྐར་མའི་ཁམ་ཡུ་ནི་བག་ལ་འགྲོ་བར་བཟང་བའི་ཕོ་བདུན་ཡིན་པ་ལྟ་བུ་ཡིན། དེ་ཡང་གཤམ་གསལ་རེའུ་མིག་གི་ལམ་ནས་བསྟན་པར།

ལོ་དང་སྐར་མའི་ཁམ་ཡུ་རེའུ་མིག

 སྐར་མའི་ཁམ་ཡུ་སྐབས་སུ་སྐྱེས་པ་སྨིན་དྲུག་ནས་ལུགས་འབྱུང་ལ་དུས་དེའི་རང་གི་ལོ་གྲངས་ཀྱིས་ལོན་ཚད་བགྲངས་དགོས།                                                              

                                                                                  སྐར་མའི་ཁམ་ཡུ་སྐབས་སུ་བུ་མེད་གྲེ་ནས་ལུགས་ལྡོག་ལ་དུས་དེའི་རང་གི་ལོ་གྲངས་ཀྱིས་ལོན་ཚད་བགྲངས་དགོས།

སྐར་མ།

༢→

←༡༠

༡༡

༡༢

༡༣

༡༤

༡༥

ལོའི་ཁམ་ཡུ་སྐབས་སུ་སྐར་མ།

༡  ༢   ༡༥  ༡༦ བརྩི་མི་དགོས།

བུ་ལོའི་ཁམ་ཡུ་དེ་ནས་བརྩི།

བྱི།

 

གླང་།

སྟག

ཡོས།

འབྲུག

སྦྲུལ།

རྟ།

ལུག

སྤྲེལ།

བྱ།

ཁྱི།

ཕག

 

གཟའ།

ཉི་མ།

ཟླ་བ།

དམར།

ལྷག

ཕུར།

སངས།

སྤེན།

ཉི།

ཟླ།

དམར།

ལྷག

ཕུར།

སངས།

སྤེན།

ཁམ་ཡུ་གང་ཡིན།

རབས

ཆད་

ནག་པོ།

  མིག་

བདུན།

འཁོར་

ལྔ།

ཟུང་

དྲུག

བཞི་

བསྣོལ།

བརྒྱད་

པ།

ནག་

དགུ།

བཅུ་

པ།

ཕྱགས་

ཤིང་།

སྨིན་

དྲུག

ཟུར་

བཞི།

འཁོར་

གསུམ།

བཅུ་

གཉིས།

ཟུར་

འབྲེལ།

བཟང་ངན།

ངན།

འབྲིང་།

བཟང་།

འབྲིང་།

འབྲིང་།

བཟང་།

ངན།

བཟང་།

ངན།

བཟང་།

འབྲིང་།

འབྲིང་།

བཟང་།

ངན།

སྐར་མ།

༡༦

༡༧

༡༨

༡༩

༢༠

༢༡

༢༡

༢༢

༢༣

༢༤

༢༥

༢༦

ཁ་ཡུ་ལོ།

བེུད་ལོའི་ཁམ་ཡུ་འདི་ནས་རྩིས།

བྱི།

གླང་།

སྟག

ཡོས།

འབྲུག

སྦྲུལ།

རྟ།

ལུག

སྤྲེལ།

བྱ།

ཁྱི།

ཕག

 

གཟའ།

ཉི།

ཟླ་བ།

དམར།

ལྷག

ཕུར།

སངས།

སྤེན།

ཉི།

ཟླ།

དམར།

ལྷག

ཕུར།

སངས།

སྤེན།

ཁམ་ཡུ་གང་ཡིན།

རབས་

ཆད་

དམར་པོ།

ཁྲ་བོ།

མཇུག་

རིང་།

ར་བཞི།

གཅིག

ཟུར་

བཞི་པ།

འདྲེ་ལྔ།

ཕོ་བདུན།

ལག་སོར།

ལྔ་པ།

བརྒྱད་

བདུན།

སྤུན་

དྲུག

ཐེའུ་

བྲང།

རྐང་

གཅིག

འཁོར་

དྲུག

འཁོར་

ལོ།

བཟང་ངན།

ངན།

ངན།

འབྲིང་།

ངན།

འབྲིང་།

ངན།

བཟང་།

ངན།

འབྲིང་།

ངན།

བཟང་།

ངན།

འབྲིང་།

ངན།

 

  ལུགས་འབྱུང་ལ་བརྩི།   ལོ་ཟླ་ཞག་དུས་ལས་ཕོ་སྐོར་རྐྱང་པའི་ཁམ་ཡུ།         

ལོ་ཟླ་ཞག་དུས་བཞི།

བྱི།→

གླང་།

སྟག

ཡོས།

འབྲུག

སྦྲུལ།

རྟ།

ལུག

སྤྲེལ།

བྱ།

ཁྱི།

ཕག

ཁམ་ཡུ་གང་ཡིན།

 མིག་

བདུན།

འཁོར་

ལྔ།

ཟུང་

དྲུག

བཞི་

བསྣོལ།

བརྒྱད་

པ།

ནག་

དགུ།

བཅུ་

པ།

ཕྱགས་

ཤིང།

སྨིན་

དྲུག

ཟུར་

བཞི།

འཁོར་

གསུམ།

བཅུ་

གཉིས།

བཟང་ངན།

འབྲིང་།

བཟང་།

འབྲིང་།

འབྲིང་།

བཟང་།

ངན།

བཟང་།

ངན།

བཟང་།

འབྲིང་།

འབྲིང་།

བཟང་།

                       ལུགས་འབྱུང་ལ་བརྩི།        ལོ་ཟླ་ཞག་དུས་ལས་མོ་སྐོར་ཁུག་པའི་ཁམ་ཡུ།                   ལུགས་འབྱུང་། →

ལོ་ཟླ་ཞག་དུས་བཞི།

བྱི།→

གླང་།

སྟག

ཡོས།

འབྲུག

སྦྲུལ།

རྟ།

ལུག

སྤྲེལ།

བྱ།

ཁྱི།

ཕག

ཁམ་ཡུ་གང་ཡིན།

ཁྲ་བོ།

མཇུག

རིང་།

ར་བཞི།

གཅིག

ཟུར་

བཞི་པ།

འདྲེ་ལྔ།

ཕོ་བདུན།

ལག་སོར།

ལྔ་པ།

བརྒྱད་

བདུན།

སྤུན་

དྲུག

ཐེའུ་བྲང་།

རྐང་

གཅིག

འཁོར་

དྲུག

བཟང་ངན།

ངན།

འབྲིང་།

ངན།

འབྲིང་།

ངན།

བཟང་།

ངན།

འབྲིང་།

ངན།

བཟང་།

ངན།

འབྲིང་།

 

གོང་གི་མཐུན་སྦྱོར་གཉེན་རྩིས་འདི་བཻ་དཀར་དགོངས་དོན་བཞིན་བརྗོད་པ་ཡིན་པས། ད་རྟ་གསར་བུའི་བློས་མ་རྟོགས་པ་དང་། ལོག་པར་རྟོགས་པར་གྱུར་པ་མཆིས་ན་ཚད་ལྡན་མཁས་པའི་སྤྱན་སྔར་བཤགས་ཤིང། གལ་ཏེ་ལེགས་པའི་ཆ་མཆིས་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་སྤྲོས་པ་ལགས་སོ།། །།

མཐའ་མའི་འདོན་ཐེངས་།: 15.05.2015 ཉིན། 2:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།