སྨན་རྩིས་དྲ་བ། - གསེར་འོད་འབར་བའི་དུས་རབས་གཅིག

ནད་བཅོས་ཉམས་ཞིབ་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.04.2016
གསེར་འོད་འབར་བའི་དུས་རབས་གཅིག >>

<< གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ >>

ནད་བཅོས་ཉམས་ཞིབ་སྡེ་ཚན།

ཉམས་ཞིབ་སྡེ་ཚན་གྱི་ལས་འགན་གཙོ་བོ་ནི་དེང་དུས་འཛམ་གླིང་སྤྱི་དང་ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཉེན་ཚབས་ཆེ་བའི་ནད་རིགས་ཁག་ལ་བོད་ལུགས་གསོ་བ་རིག་པའི་ནད་བཅོས་ཉམས་མྱོང་རྨང་གཞིའི་ཐོག་དེང་དུས་ཚན་རིག་འཕྲུལ་ཆས་བེད་སྤྱོད་ཟུང་འབྲེལ་གྱིས་ཉམས་ཞིབ་བྱས་ཏེ་བོད་སྨན་ཀྱི་ཐུན་མིན་ཁྱད་ཆོས་དང་ཕན་ནུས་ཁུངས་སྐྱེལ་ར་སྤྲོད་བྱེད་རྒྱུ་དེ་ཡིན་ལ། ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཚད་མཐོའི་སྨན་བཅོས་ལག་ལེན་འདི་བཞིན་དེང་དུས་འཛམ་བུ་གླིང་གི་སྡིངས་ཆའི་ཐོག་སྨན་ལུགས་གཞན་དང་འདྲ་མཉམ་གྱི་མདུན་བསྐྱོད་ཆེད་སྲོལ་རྒྱུན་བོད་ཀྱི་སྨན་བཅོས་ལག་ལེན་གྱི་ལག་རྩལ་ཕྱོགས་ཡོངས་ལ་ཉམས་ཞིབ་བྱས་སྟེ་དེང་སྐབས་འཕྲོད་བསྟེན་ནང་དཀའ་ངལ་ཛ་དྲག་འཕྲད་བཞིན་པའི་ནད་གདུག་པ་ཅན་གཉན་རིམས་དང་ནད་རིགས་བྱེ་བྲག་ཁག་ལ་བོད་སྨན་གསར་བཟོ། ཉམས་ཞིབ་ཀྱི་ཡིག་ཆ་འདོན་སྤེལ། ཡན་ལག་སྨན་ཁང་ཁག་ནས་ཕན་བསྐྱེད་བྱུང་བའི་ནད་པའི་དཔྱད་ཡིག་བསྡུ་རུབ། དཔྱད་ཁྲ་དབྱེ་ཞིབ། དུས་དེབ་ནང་འགྲེམ་སྤེལ། བགྲོ་གླེང་བསྐོང་འཚོགས།  དེ་བཞིན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་གཞིར་བཟུང་ནད་རིགས་སྔོན་འགོག་གི་ཤེས་བྱ་ད ང་། ཟས་སྤྱོད་ལམ་སྟོན། སྤྱི་ཚོགས་སྟེང་འཕྲོད་བསྟེན་ཤེས་ཡོན་གྱི་གོ་རྟོགས་སློབ་གསོ་སྤྲོད་རྒྱུ་སོགས་མདོར་ན་བོད་སྨན་གྱི་སྨན་བཅོས་ལག་ལེན་འདི་བཞིན་ཁུངས་བཙུན་བདེན་དཔང་ཡོང་ཆེད་ནད་བཅོས་ཡིག་ཆ་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆེད་ལས་སྨན་པ་ལྷན་དུ་ཉམས་ཞིབ་མཐར་ཕྱིན་བྱས་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་རྩ་འཛིན་གཞི་བཟུང་ངོས་ལེན་ཡོང་ཐབས་སུ་འབད་བརྩོན་ཞུ་རྒྱུ་དང་། འཛམ་གླིང་མི་མང་དང་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནས་བབས་རྟོགས་པར་བྱེད་རྒྱུ་ནི་སྡེ་ཚན་གྱི་ལས་འགན་ཡིན།


ཉམས་ཞིབ་ལས་གཞི་སྤེལ་ཟིན་པ་ནི་ཕྱི་ལོ་ ༡༩༨༨ ནས་ཕྱི་ལོ་ ༡༩༨༩ བར་ལོ་གཅིག་རིང་གངས་སྐྱིད་ཡན་ལག་སྨན་ཁང་དུ་ཁྲག་རླུང་སྟོད་འཚངས་ནད་གཞིར་སྔོན་འགྲོའི་ཉམས་ཞིབ་ཐེངས་དང་པོ་བྱས། དྷ་སྟེང་ཡན་ལག་སྨན་ཁང་དུ་ཕྱི་ལོ་ ༡༩༩༤ ལོར་གྲུམ་བུའི་ནད་ཀྱི་སྔོན་འགྲོའི་ཉམས་ཞིབ་དང་པོ་དང་རིམ་པས་ཕྱི་ལོ་ ༡༩༩༦ ནས་ ༡༩༩༧ བར་ཧོ་ལེན་(Holland)བོད་སྨན་ཐེབས་རྩ་ཚོགས་པ་ཟུང་འབྲེལ་ཐོག་གྲུམ་བུའི་སྔོན་འགྲོའི་ཉམས་ཞིབ་ཐེངས་གཉིས་པ་བྱས། ཕྱི་ལོ་ ༡༩༩༧ ནས་ ༢༠༠༠ བར་ལོ་གསུམ་རིང་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཚན་རིག་སྨན་ཁང་(AIIMS)དང་མཉམ་འབྲེལ་གྱིས་བྷེང་ལོར་དང་ནི་ཛམ་མུ་ལྡིན་ཡན་ལག་སྨན་ཁང་དུ་གཅིན་སྙི་ཟ་ཁུའི་ནད་གཞིར་ཉམས་ཞིབ་བྱས། ཕྱི་ལོ་ ༢༠༠༢ ནས་ ༢༠༠༥ བར་བྷེང་ལོར་ཡན་ལག་སྨན་ཁང་དུ་འབྲས་ནད་ཉམས་ཞིབ་དང་པོ་འགོ་འཛུགས་གནང་།  ཕྱི་ལོ་ ༢༠༠༣ ལོར་བཙོ་ཐལ་སྔོན་འགྲོའི་ཉམས་ཞིབ་ཐོག་མ་དེ་ཨིས་རེལ་རང་བྱུང་སྨན་རྫས་ཉམས་ཞིབ་སྡེ་ཚན་(Natural Medicine Research Centre Hadassah Hospital, Israel)དང་ དབྱིན་ཡུལ་ནས་ལི་ཝར་པུལ་(Liverpool, UK)དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁ ང་། སྨན་རྩིས་ཁང་གི་ནད་བཅོས་ཉམས་ཞིབ་སྡེ་ཚན་བཅས་མཉམ་འབྲེལ་གྱིས་ཉམས་ཞིབ་དང་པོ་དེ་འགོ་བཙུགས། ཕྱི་ལོ་ ༢༠༠༤ ལོར་ཨ་རིའི་པོ་ཌི་ལན་ཌི་མཐོ་སློབ་དང་ཟུང་འབྲེལ་གྱིས་སྤོས་དཀར་བཅུ་པའི་ཕན་ནུས་ལ་ཉམས་ཞིབ་དང་། མཆིན་པའི་གཉན་ཚད་དང་། ཁྲག་རླུང་སྟོད་འཚངས། ཕོ་ནད་སྨུག་པོ། གྲུམ་བུ་ཆུ་སེར། གཅིན་སྙིའི་ཟ་ཁུ་ལ་སོགས་པའི་ནད་རིགས་ཁག་ལ་ཉམས་ཞིབ་། བཙོ་ཐལ་གྱི་སྔོན་འགྲོའི་ཉམས་ཞིབ་གཉིས་པ་ཕྱི་ལོ་ ༢༠༠༩ ལ་ཨིས་རེལ་རང་བྱུང་སྨན་རྫས་ཉམས་ཞིབ་སྡེ་ཚན་དང་། ཨིས་རེལ་དུག་རྫས་དཔྱད་རིག་སྡེ་ཚན་(Toxicology, tel hashomer hospital, Israel) བཅས་ཚོགས་པ་གསུམ་མཉམ་འབྲེལ་གྱིས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ནས་ ༢༠༡༤ བར་ཨི་མོ་རི་སྨན་པ་སུའུ་སན་དང་མཉམ་དུ་འབྲས་ནད་ཀྱི་དཔྱད་གཞིའི་ཡིག་ཆ་ཐོག་ཟུང་འབྲེལ་ལས་གཞི་སྤེལ། ཕྱི་ལོ་ ༢༠༠༧ ལོར་སྦེལ་ཀོབ་ཡན་ལག་སྨན་ཁང་དུ་མཆིན་པའི་གཉད་ཚད་ཀྱི་ཉམས་ཞིབ་རྒྱས་པ་ཐེངས་གཉིས་པ་འགོ་འཛུགས་ད ང་། གཅིན་སྙིའི་ཟ་ཁུ་སྔོན་འགྲོའི་ཉམས་ཞིབ་ཐེངས་དང་པོའི་གྲུབ་འབྲས་གཞིར་བཟུང་ན་ཝི་མུམ་བྷེ་དང་། སེ་ཀན་དར་བྷད། ཨེམ་དྷ་བྷད། བྷེང་ལོར། ནི་ཛམ་མུན་ལྡིན་ཡན་ལག་སྨན་ཁང་བཅས་སུ་གཅིན་སྙིའི་ཟ་ཁུའི་མཇུག་སྐྱོང་ཉམས་ཞིབ་གཉིས་པ་དེ་མུ་མཐུད་འགྲོ་བཞིན་ཡོད། ཕྱི་ལོ་ ༢༠༡༠ ནས་དྷ་ས་གངས་སྐྱིད་ཡན་ལག་སྨན་ཁང་དུ་ཕོ་སྨུག་རྨ་ཅན་གྱི་ནད་གཞིའི་ཐོག་ཉམས་ཞིབ་འགྲོ་མུས་ཡིན། འབྲས་ནད་ཀྱི་ཕྲ་ཕུང་ལ་བོད་སྨན་གྱི་ཕན་ནུས་བརྟག་ཞིབ་ཅེས་པའི་ཉམས་ཞིབ་ལས་འཆར་ཕྱི་ལོ་ ༢༠༡༣ ནས་ཡུ་རོབ་རྒྱལ་ཁབ་{ལི་ཐུཝ་ནིཡ} Lithuania ནས་ཡིན་པའི་སྨན་པ་ཛུཝི་གྷས་ལྷན་དུ་ཟུང་འབྲེལ་ཉམས་ཞིབ་སྤེལ་བཞིན་ཡོད། ཕྱི་ལོ་ ༢༠༡༥ ནས་སྡེ་ཚན་གྱིས་ཆམ་ནད་སྔོན་འགྲོའི་ཉམས་ཞིབ་ཐེངས་དང་པོ་དེ་འགོ་འཛུགས་ཞུས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲན་པ་ཉེར་བཞག་དང་འབྲེལ་བའི་བྱམས་སྙིང་རྗེའི་བསླབ་སྒོམ་གྱིས་གློ་ནད་ཀྲི་བིའི་ TB ནད་པར་སེམས་ཁམས་སློབ་གསོའི་སྔོན་འགྲོ་ཉམས་ཞིབ་ལུས་སེམས་སྲོག་གི་སྡེ་ཚན་དང་ཟུང་འབྲེལ་གྱིས་ལས་འཆར་སྒྲིག་བཞིན་ཡོད།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 10:33 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།