སྨན་རྩིས་དྲ་བ། - མདུན་ངོས།

དཔལ་ྋས་སྐྱ་ཁྲི་འཛིན་མཆོག་གིས་སྨན་བླའི་བཀའ་དབང་བསྩལ་རྒྱུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.01.2015
མདུན་ངོས། >>

 

  ཆོས་བརྡ་གསལ་བསྒྲགས། 


༄༅། །མཆོག་ཏུ་བཀུར་འོས་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཞུ་རྒྱུར།

བོད་ཀྱི་སྨན་རྩིས་ཁང་གི་དྷེ་ར་ཌུན་ཁུལ་དུ་ཡོད་པའི་ཡན་ལག་སྨན་ཁང་གསུམ་ཐུན་མོང་གིས་གོ་སྒྲིག་འོག་ྋའཛམ་གླིང་བསྟན་འགྲོའི་དཔལ་མགོན་མཚུངས་ཟླ་མ་མཆིས་པ་ྋས་སྐྱ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོར་སྙིགས་མའི་བསྟན་འགྲོ་མཐའ་དག་གི་ལུས་སེམས་ཉེར་འཚོ་སྤྱི་དང་། ལྷག་པར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་གཙོས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་ཅིང་ཐུགས་ཀྱི་བཞེད་རྒུ་མ་ལུས་ལྷུན་གྱིས་འགྲུབ་པ། ཡངས་པའི་འཇིག་རྟེན་ཀུན་ཏུ་སེམས་ཅན་ཡོངས་ལ་བཞི་བརྒྱ་རྩ་བཞིའི་ནད་ཀྱི་གདུང་བ་ཞི་ཞིང་། ཚེ་རིང་ནད་མེད་ཞི་བདེ་དཔལ་ལ་རོལ་ཕྱིར་སངས་རྒྱས་སྨན་བླའི་བཀའ་དབང་སྩོལ་སྨིན་ཇི་ལྟར་གསོལ་འདེབས་ཞུས་པ་ཞལ་བཞེས་ཐོབ་པ་བཞིན། བོད་རྒྱལ་ལོ་ ༢༡༤༢ བོད་ཟླ་ ༡ ཚེས་ ༡༦ དང་། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༦ རེས་གཟའ་པ་སངས་ཉིན་དཔལ་ལྡན་འབྲི་གུང་དགོན་གྱི་མདུན་ཕྱོགས་སྨན་རྩིས་ཁང་གི་ཐང་ཆེན་དུ་སངས་རྒྱས་སྨན་བླའི་བཀའ་དབང་གནང་གཏན་འཁེལ་ལགས་ན། དེ་དོན་ཆོས་ཞུ་བ་རྣམས་དུས་ཐོག་ངེས་ཕེབས་ཡོང་བ་ཞུ་རྒྱུ་བཅས།

བོད་ཀྱི་སྨན་རྩིས་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༥ ལ།

 


བཀའ་དབང་འབྲེལ་མཐུད་པ།

བློ་བཟང་ཚེ་བརྟན།

ལག་ཐོག་ཁ་པར་ཨང་། ༧༥༧༩༡༨༧༨༠༣ དང་། ༧༥༧༩༠༠༥༧༩༣

གློག་འཕྲིན་ཨང་། diki@men-tsee-khang.org

མཐའ་མའི་འདོན་ཐེངས་།: 31.01.2015 ཉིན། 12:49 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།