སྨན་རྩིས་དྲ་བ། - ཆེད་རྩོམ།

དགུ་མཐའི་སྔོན་འགྲོ་འཕྲོ་ལུས་འགའ་ཞིག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.01.2015
ཆེད་རྩོམ། >>


༄༅། །དགུ་མཐའི་སྔོན་འགྲོ་འཕྲོ་ལུས་ཅན་འགའ་ཞིག་བཞུགས་སོ།།

 

མཁས་དབང་ཚེ་ཏན་ཞབས་དྲུང་ངམ་

འཇིགས་མེད་རིག་པའི་བློ་གྲོས་ཀྱིས་བརྩམས།

ཁོང་གི་གསུང་འབུམ་ནས་བཏུས།


༄༅། །དགུ་མཐའི་སྔོན་འགྲོ། འབྲི་བགྲང་སྣོན་པ་རང་གི་གཡས། །བསྒྱུར་བགོད་འབྲིད་པ་གཡོན་ནས་བརྩམ། །སྒྱུར་བྱེད་མཐའ་ཡི་ཐིག་ལེ་རྣམས། །བསྒྱུར་བྱ་དེ་ཡི་གྲལ་མཐར་དགོད། །བསྒྱུར་བྱ་སྟོངས་ནས་བསྒྱུར་རྒྱུ་མེད། །སྒྱུར་བྱེད་སྟོངས་ན་བསྒྱུར་བྱ་དབྱི། །བསྒྱུར་བའི་དོན་ནི་གང་ཡིན་པ། །གང་བསྒྱུར་གྲངས་སུ་སྤེལ་བའོ། །གཅིག་བསྒྱུར་བ་ལ་མང་ཉུང་མེད། །གཉིས་བསྒྱུར་ལ་སོགས་གོང་དུ་འཕེལ། །བགོད་བྱེད་མཐའ་དབུས་ཐིག་ལེ་ནི། །རང་གནས་འཛིན་ལས་བགོད་ནུས་མེད། །མ་ཐོབ་ནོར་སྐལ་ཐིག་ལེ་བྱིན། །བགོད་ལ་རྐྱང་བགོད་སྦྲགས་བགོད་གཉིས། །རྐྱང་བགོད་ཅི་ཙམ་ཐོབ་ཐོབ་ཁྱེར། །སྦྲགས་བགོད་ལ་ནི་འོག་མ་གཙོ། །བགོད་པའི་དོན་ནི་བགོད་བྱེད་ཀྱི། །གྲངས་སུ་སྡུད་པའི་ཆོ་ག་ཡིན། །གོང་དུ་གཅིག་འཕར་བཅུར་འགྱུར་ཏེ། །བརྒྱ་སོགས་རིག་པས་ཤེས་པར་ནུས། །བགོད་དུས་བཅུ་སོགས་རིམ་པར་ཕབ། །ལྷག་དེ་རང་རང་གནས་སུ་གཞག །ཐིག་ལེ་གྲལ་མགོར་འབྱུང་མི་སྲིད། །རབ་འབྱམས་ཤེས་བྱ་ཀུན་བརྩི་ཡང༌། །བསྒྱུར་བགོད་ཐམས་ཅད་དེ་ལྟར་ཡིན། །ཁ་ལག་མ་ནོར་བྱང་བ་གཅེས།།

 

བསྒྱུར་བགོད་སྣོན་འཕྲི་བཞིའི་མིང་གི་རྣམ་གྲངས། བསྒྱུར་དང་བསྣུན་དང་སྤེལ་བ་དང༌། །བསྒྲེས་དང་བསིལ་ལྔ་དོན་གཅིག་ཡིན། །བགོ་དང་ཕྱེ་དང་བསལ་བ་དང༌། །བཅད་པ་འདི་བཞི་དོན་གཅིག་ཡིན། །བསྲེ་བ་སྟེར་བ་ཕུལ་བ་དང༌། །སྦྱིན་པ་འབུལ་དང་ཁན་པ་དང༌། །བསྣན་པ་སྣོན་པ་ནོར་དུ་འགྱུར། །ལྡན་པ་འདི་བཅུ་དོན་གཅིག་ཡིན། །འཕྲི་དང་སྦྱང་དང་འཕྲོག་པ་དང༌། །ཞུ་དང་འཕྲལ་དང་དོར་བ་དང༌། །འབྲིད་པ་དམན་པ་བུ་ལོན་འགྱུར། །དབེན་པ་འདི་བཅུ་དོན་གཅིག་ཡིན། །ཕྱིས་པ་དབྱི་བ་བསུབས་པ་དང༌། །དོར་བ་རྣམས་ནི་དོན་གཅིག་སྟེ། །ནོར་དེ་དོར་བས་གོ་ཤུགས་ཀྱིས། །བགོད་ལ་དོར་བའང་འཇུག་པ་ཡོད། །རྙེད་པ་ཐོབ་པ་ནོར་དང་སུམ། །དོན་གཅིག་ཏུ་ནི་ཤེས་པར་བྱ། །ཡོངས་གྲགས་བསྒྱུར་བགོ་བསྲེ་བ་དང༌། །སྣོན་པ་འཕྲི་བ་རྒྱུགས་ཆེའོ།།

 

རྩིས་ལ་མཁོ་བའི་གྲངས་ཀྱི་མངོན་བརྗོད། ཟླ་བ་གཟུགས་དང་འོད་དཀར་ཅན། །རི་བོང་བསེ་རུ་གཅིག་གི་མིང༌། །འཁྲིག་བགྲོད་ཚེ་མ་ཐབས་ཤེས་དང༌། །ལག་མིག་ཟུང་རྣམས་གཉིས་ཀྱི་མིང༌། །འཇིག་རྟེན་ཚ་བ་རྩེ་མོ་མེ། །ཡོན་ཏན་སྲིད་པ་གསུམ་གྱི་མིང༌། །རྒྱ་མཚོ་ཆུ་བོ་རིག་བྱེད་དང༌། །བདུད་དང་སྡེ་བ་ཆུ་གཏེར་བཞི། །འདོད་ཡོན་ཉེར་སྤྱོན་དཔའ་བོ་དང༌། །མདའ་དང་འབྱུང་བ་ལྔ་ཡི་མིང༌། །རོ་དུས་མཚམས་དང་བྲོ་བ་དང༌། །རྒྱན་དང་བཟང་པོ་དྲུག་གི་མིང༌། །རིན་ཆེན་ས་འཛིན་ཐུབ་པ་དང༌། །རི་བོ་དྲང་སྲོང་གཟའ་རྟ་བདུན། །བཀྲ་ཤིས་ལྷ་ཀླུ་ནོར་གདེངས་ཅན། །སྲིད་པ་ལྟོ་འགྲོ་བརྒྱད་ཀྱི་མིང༌། །རྩ་དང་སྲིན་པོ་བུ་ག་དང༌། །གཏེར་ཞེས་བྱ་བ་དགུ་ཡི་མིང༌། །ཁྲོ་བོ་འབྱོར་བ་ཕྱོགས་འཇུག་པ། །སྟོབས་དང་སོར་མོ་བཅུ་ཡི་མིང༌། །བདེ་བྱེད་བདེ་འབྱུང་དབང་ཕྱུག་དྲག །བྱེད་པ་ཞེས་པ་བཅུ་གཅིག་མིང༌། །ཉི་མ་རྟེན་འབྲེལ་ལོ་སྐོར་དང༌། །ཁྱིམ་ཞེས་བྱ་བ་བཅུ་གཉིས་མིང༌། །འདོད་པ་ལུས་མེད་མྱོས་བྱེད་དང༌། །གདུགས་རིམ་སྣ་ཚོགས་བཅུ་གསུམ་མིང༌། །སྲིད་པ་ཡིད་དང་མ་ནུ་དང༌། །ཤེད་བུ་ཞེས་བྱ་བཅུ་བཞིའི་མིང༌། །ཚེས་དང་ཉིན་ཞག་བཅོ་ལྔའི་མིང༌། །མི་བདག་རྒྱལ་པོ་བཅུ་དྲུག་མིང༌། །རྒྱན་ཞེས་བྱ་བ་བཅུ་བདུན་མིང༌། །ཉེས་སྐྱོན་ཁམས་རྣམས་བཅོ་བརྒྱད་མིང༌། །རྒྱལ་བ་ཡུམ་ནི་ཉེར་བཞིའི་མིང༌། །དེ་ཉིད་ཅེས་བྱ་ཉེར་ལྔའི་མིང༌། །འཁོར་ལོ་སྐར་མ་ཉེར་བདུན་མིང༌། །སོ་དང་གཉིས་སྐྱེས་སོ་གཉིས་མིང༌། །སྟོང་བ་ནམ་མཁའ་ཐིག་ལེའི་མིང༌། །རེ་ཞིག་གྲངས་ཀྱི་མངོན་བརྗོད་རྫོགས།།

 

ྋསྐར་རྩིས་ལ་ཉེ་བར་མཁོའ་བའི་བརྡ་ཆད། འབྱུང་འཇུག་ཁུགས་པའི་དབུགས་དྲུག་ནི། །ཆུ་སྲང་གཅིག་སྟེ་དེ་དྲུག་ཅུ། །ཆུ་ཚོད་དེ་འདྲ་དྲུག་ཅུ་ནི། །ཉིན་ཞག་གཅིག་སྟེ་སུམ་བཅུ་ཟླ། །ཡར་ངོ་དང་ནི་མར་ངོ་ཡི། །ཟླ་བའི་འཕེལ་འགྲིབ་ལ་བརྟེན་ནས། །བཞག་པའི་ཚེས་ཀྱི་གྲངས་ཀ་ལ། །ཚེས་ཞག་དང་ནི་ཚེས་ཟླ་བརྩི། །ནམ་མཁའི་གོ་ལར་ལུག་གླང་སོགས། །ཁྱིམ་ནི་འཁོར་མོར་གནས་པ་ལ། །ཉི་མས་ཁྱིམ་རེའི་སུམ་ཅུའི་ཆ། །བགྲོད་པ་གཅིག་ལ་ཁྱིམ་ཞག་ཟེར། །དེས་ན་ཉིན་ཞག་ཚེས་ཞག་དང༌། །ཁྱིམ་ཞག་གསུམ་ལ་ཞག་གསུམ་འབོད། །

 

ྋལོ་ཟླ་ཞག་གི་རྣམ་བཞག འབྱུང་རྔུབ་ཁུགས་པའི་དབུགས་ཀྱི་གྲངས། །སུམ་བརྒྱ་དྲུག་ཅུ་ཆུ་ཚོད་གཅིག །ཆུ་ཚོད་དྲུག་ཅུ་ཞག་གཅིག་སྟེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །དེ་ཉིད་སུམ་ཅུ་ཟླ་བ་དང༌། །ཟླ་བ་བཅུ་གཉིས་ལོ་རུ་འདོད། །དེ་ཉིད་རགས་པའི་རྣམ་གཞག་དང༌། །ཕྲ་བའི་དབང་བྱས་འདི་ལྟ་སྟེ། །རྒྱུ་སྐར་ཉེར་བདུན་མཁའ་རོས་བསྒྱུར། །རྒྱུ་སྐར་ཆུ་ཚོད་བྱ་བ་འབྱུང༌། །སྟོང་དང་དྲུག་བརྒྱ་ཉི་ཤུའི་གཞིར། །ཉི་མ་འཁོར་ལ་ལོ་གཅིག་འཇོག །དེ་ལ་ཚེས་ཞག་ཉིན་ཞག་དང༌། །ཁྱིམ་ཞག་གསུམ་གྱི་དབྱེ་བ་ཡོད། །ཚེས་ཞག་སུམ་བརྒྱ་དོན་གཅིག་ལྷག །ཉིན་ཞག་སུམ་བརྒྱ་རེ་ལྔ་ལྷག །ཁྱིམ་ཞག་སུམ་བརྒྱ་དྲུག་ཅུར་འཁོར། །དེ་དང་མི་ལོ་དོན་གཅིག་ཡིན། །རྒྱུ་སྐར་ཆུ་ཚོད་ཁྱིམ་གྱིས་བགོ། །མདའ་ཡོན་ཟླའམ་བརྒྱ་སོ་ལྔ། །ཁྱིམ་གྱི་རྒྱུ་སྐར་ཆུ་ཚོད་ཟེར། །དེ་ཡང་བུ་གས་བགོས་པའི་ནོར། །དབང་ཟླ་ཐོབ་པ་རྒྱུ་སྐར་གྱི། །རྐང་བ་ཞེས་གྲགས་དེ་དགུ་དང༌། །ཁྱིམ་དང་ཁྱིམ་ཟླ་དོན་གཅིག་ཡིན། །སྐར་རྩིས་སྐབས་སུ་ལོ་ཡི་མགོ །ཧོར་ཟླ་གསུམ་པ་ནས་ནི་འཛིན། །ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་གཞུ། །ཆུ་སྲིན་བུམ་པ་ཉ་ཁྱིམ་རྣམས། །གསུམ་པ་ནས་བཟུང་རིམ་བཞིན་སྦྱར། །ནག་པ་ས་ག་སྣྲོན་ཆུ་སྟོད། །གྲོ་བཞིན་ཁྲུམས་སྟོད་ཐ་སྐར་དང༌། །སྨིན་དྲུག་མགོ་རྒྱལ་མཆུ་དབོ་རྣམས། །ཟླ་བ་སོ་སོའི་ཉ་སྐར་སྦྱར། །དེ་ལྟར་སྦྱར་བའི་གསུམ་པ་དང༌། །ལུག་ཁྱིམ་ནག་པ་ཟླ་བ་དང༌། །བཞི་པ་གླང་ཁྱིམ་ས་ག་ཟླ། །དྲུག་པ་སྦལ་ཁྱིམ་ཆུ་སྟོད་ཟླ། །བདུན་པ་སེང་ཁྱིམ་གྲོ་བཞིན་ཟླ། །བརྒྱད་པ་བུ་མོའི་ཁྱིམ་ཁྲུམས་སྟོད། །དགུ་པ་སྲང་ཁྱིམ་ཐ་སྐར་ཟླ། །བཅུ་བ་སྡིག་ཁྱིམ་སྨིན་དྲུག་ཟླ། །བཅུ་གཅིག་གཞུ་ཁྱིམ་མགོ་ཟླ་བ། །བཅུ་གཉིས་ཆུ་སྲིན་ཁྱིམ་རྒྱལ་ཟླ། །དང་བོ་བུམ་པའི་ཁྱིམ་མཆུ་ཟླ། །གཉིས་པ་ཉ་ཁྱིམ་དབོ་ཟླ་རྣམས། །དོན་གཅིག་པ་རུ་ཤེས་པར་བྱ། །


ཞེས་པ་འདི་ནི་བླ་མ་རིན་པོ་ཆེ་ནས་སྐར་རྩིས་རིག་པའི་སྤྱི་དོན་ཞིག་རྩོམ་བཞེད་ཀྱི་གཞི་བཏིངས་པ་ཙམ་ལས་བཞེད་པ་ཇི་བཞིན་མ་གྲུབ། དེའི་ཕྱིར་ཞུས་དག་ཡང་གནང་མེད་པས། ཕྲན་བུས་ཅུང་ཟད་ཞུས་ཁུལ་བྱས་ནས་བཀའ་འབུམ་ཁྲོད་དུ་བཅུག་པ་ཡིན།


དགུ་མཐའི་རེའུ་མིག

 

   ༩  ༡  ༩

 

   ༩  ༢  ༡༨

 

   ༩  ༣  ༢༧

 

   ༩  ༤  ༣༦

 

   ༩  ༥ ༤༥

 

  ༩  ༦  ༥༤

 

   ༩  ༧  ༦༣

 

   ༩  ༨ ༧༢

 

   ༩  ༩ ༨༡

 

   ༨  ༡ ༨

 

   ༨  ༢  ༡༦

 

   ༨  ༣  ༢༤

 

   ༨  ༤  ༣༢

 

  ༨  ༥  ༤༠

 

  ༨  ༦  ༤༨

 

   ༨  ༧  ༥༦

 

   ༨  ༨  ༦༤

 

  ༨  ༩  ༧༢

 

   ༧  ༡  ༧

 

  ༧  ༢  ༡༤

 

   ༧  ༣  ༢༡

 

  ༧  ༤  ༢༨

 

   ༧  ༥  ༣༥

 

  ༧  ༦ ༤༢

 

   ༧  ༧  ༤༩

 

   ༧  ༨  ༥༦

 

  ༧  ༩  ༦༣

 

   ༦  ༡  ༦

 

  ༦  ༢  ༡༢

 

   ༦  ༣  ༡༨

 

   ༦  ༤ ༢༤

 

   ༦  ༥  ༣༠

 

  ༦  ༦  ༣༦

 

   ༦  ༧  ༤༢

 

   ༦  ༨  ༤༨

 

   ༦  ༩  ༥༤

 

   ༥  ༡  ༥

 

  ༥  ༢  ༡༠

 

   ༥  ༣  ༡༥

 

  ༥  ༤  ༢༠

 

   ༥  ༥  ༢༥

 

  ༥  ༦  ༣༠

 

   ༥  ༧  ༣༥

 

   ༥  ༨  ༤༠

 

   ༥  ༩  ༤༥

 

   ༤  ༡ ༤

 

  ༤  ༢  ༨

 

  ༤  ༣  ༡༢

 

   ༤  ༤ ༡༦

 

   ༤  ༥  ༢༠

 

  ༤  ༦ ༢༤

 

   ༤  ༧  ༢༨

 

   ༤  ༨  ༣༢

 

   ༤  ༩  ༣༦

 

   ༣  ༡  ༣

 

   ༣  ༢  ༦

 

   ༣  ༣  ༩

 

   ༣  ༤  ༡༢

 

   ༣  ༥  ༡༥

 

  ༣  ༦  ༡༨

 

   ༣  ༧  ༢༡

 

   ༣  ༨  ༢༤

 

   ༣  ༩  ༢༧

 

   ༢  ༡  ༢

 

  ༢  ༢  ༤

 

   ༢  ༣  ༦

 

   ༢  ༤  ༨

 

   ༢  ༥  ༡༠

 

  ༢  ༦  ༡༢

 

   ༢  ༧  ༡༤

 

   ༢  ༨  ༡༦

 

   ༢  ༩  ༡༨

 

   ༡  ༡  ༡

 

  ༡  ༢  ༢

 

   ༡  ༣  ༣

 

   ༡  ༤  ༤

 

   ༡  ༥  ༥

 

  ༡  ༦  ༦

 

   ༡  ༧  ༧

 

   ༡  ༨  ༨

 

   ༡  ༩  ༩

མཐའ་མའི་འདོན་ཐེངས་།: 19.01.2015 ཉིན། 10:09 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།