སྨན་རྩིས་དྲ་བ། - མདུན་ངོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་ཀླུ་ཁྲི་ཚང་འཆི་མེད་ཚེ་དབྱངས་ལགས་ཟླ་ ༤ ཚེས་ ༩ ཞོགས་པ་ཆུ་ཚོད་ ༦ ཙམ་ལ་རྒྱལ་ས་དིལླིའི་སྨན་ཁང་ཞིག་ཏུ་དུས་མིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་འདི་ག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་ཉིན་རྒྱབ་ཆུ་ཚོད་ ༣ ནས་ ༤ བར་མཆོད་ཁང་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་ རྒྱས་པར་གཟིགས་་

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

དེ་རིང་འདི་ག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་རྒྱ་གར་དུ་སླར་གསོའམ་གསར་འཛུགས་བསྐྱངས་ནས་མི་ལོ་ ༦༣ དང་། བོད་དུ་ལྷ་ལྡན་སྨན་རྩིས་འགྲོ་ཕན་གླིང་དབུ་བརྙེས་ནས་མི་ལོ་ ༡༠༨ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བའི་མཛད་སྒོར་ཇི་ལྟར་སྐྱབས་འཇུག་ཞུས་པ་བཞིན་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་སྐུ་ངོ་ཐར་ལམ་སྒྲོལ་མ་མཆོག་དང་།  རྒྱས་པར་གཟིགས་་

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༦ ཉིན་བཞུགས་སྒར་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། བོད་དུ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༦༡ ལོར་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༨ དང་། བཙན་བྱོལ་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བཞུགས་སྒར་དྷ་རམ་ས་ལར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་མི་ལོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོ་ཚོགས་གནང་སོང་། རྒྱས་པར་གཟིགས་་

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༦ ཉིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོའི་སྐབས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ལས་གནས་འདྲ་མིན་ཐོག་ལས་ཁུར་སྣ་མང་གི་ཞབས་འདེགས་ཞུས་ཏེ་གཟི་བརྗིད་དང་ལྡན་པའི་ཞབས་ལོ་ ༤༠ ལོན་པ་ ༡ དང་། ༣༠ ལོན་པ་༣། ༢༠ ལོན་པ་ ༡༣ འབྱུང་བ་རྣམས་ལ་ཕྱག་ཁྱེར་དང་ཕྱག་རྟགས་བསྩལ། རྒྱས་པར་གཟིགས་་

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

འདི་ལོ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བཙན་བྱོལ་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གསར་འཛུགས་བསྐྱངས་ནས་ལོ་ངོ་ ༦༣ འཁོར་བའི་དུས་དྲན་མཛད་སྒོའི་སྟེང་། རང་རེའི་སྨན་རྩིས་པ་བགྲེས་པ་ཁག་གཅིག་ལ་སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པའི་ཕྱག་འཁྱེར་འབུལ་བཞེས་གནང་ཡོད། རྒྱས་པར་གཟིགས་་

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

རྩིས་ལོ་ ༢༠༢༢ - ༢༠༢༣ ནང་ཧིམཱཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་སུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དེ་བཞིན་རྒྱ་གར་གཞུང་ལ་ཁྲལ་འཇལ་སྤྲོད་བྱེད་མཁན་ཁྲལ་པ་མཐོ་ཤོས་གྲས་སུ་ཡིན་པའི་ངོས་འཛིན་གྱིས་འབྲེལ་ཡོད་ཐོན་ཟོག་ཁྲལ་འབབ་ལས་ཁུངས་ནས་ཆེ་བརྗོད་ཀྱི་ཡི་གེ་ཞིག་འབྱོར་ཡོད། རྒྱས་པར་གཟིགས་་

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༠ ཉིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས་ཡོངས་གསལ་སྤེལ་བའི་ནང་། སྨན་རྩིས་ཁང་གི་བོད་ཡིག་མིང་བྱང་ལ་རིམ་པས་འགྱུར་བ་ཕྱིན་སྐོར་དང་། ཉེ་ཆར་དཔལ་ལྡན་བཀའ་སྤྱི་ཐུན་མོང་ནས་དགོངས་འཆར་གནང་བ་ལྟར་འགན་འཛིན་ལྷན་ཚོགས་ཀྱིས་བཀའ་འཁྲོལ་ཐོབ་སྟེ་འཛིན་སྐྱོང་ཚོགས་ཆུང་ནས་ཐུགས་གཏན་འཁེལ་ཡོད།

རྒྱས་པར་གཟིགས་་

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

འགྲོ་ཕན་སྨན་རྩིས་ཁང་གི་ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་ཆེད་དུ་ཆོད་གན་ཐོག་ལས་མི་སྐྱེས་པ་གྲངས་༣ དང་། བུད་མེད་གྲངས་༣ གྱི་ས་མིག་ཡོད་ན། ཆ་རྐྱེན་ལྡན་པའི་བོད་རིགས་འཛུལ་འདོད་ཡོད་པ་རྣམས་ནས་འགེང་ཤོག་འཐུས་ཚང་བཀང་སྟེ། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༧ འགྱངས་མེད་འབྲེལ་ཡོད་ཚན་པར་འབུལ་ཟིན་པ་གནང་དགོས།

རྒྱས་པར་གཟིགས་་

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བརྟན་བཞུགས་བསྟར་འབུལ་སྔོན་འགྲོའི་རིམ་གྲོའི་ཆ་ཤས་སུ། མཐུན་ཚོགས་གསུམ་ནས་དུས་མིན་འཆི་བ་ངེས་པའི་ཉུང་མཐར་ལུག་ལྔ་བཅུ་རེ་སྲོག་བསླུ་ཞུ་རྒྱའི་ཞལ་མཐུན་འབྱུང་བར་བརྟེན། བོད་ཟླ་ ༡༡ ཚེས་ ༨ དགེ་བའི་ཉིན་ལ་དྭགས་བྱང་ཐང་ཁུལ་དུ་འགྲོ་ཕན་སྨན་རྩིས་ཁང་དང་སྐུ་སྲུང་ཟུར་པའི་མཐུན་ཚོགས་ནས་ལུག་ ༡༢༥ ཚེ་ཐར་བཏང་ཡོད། རྒྱས་པར་གཟིགས་་

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཉེ་བའི་ཆར་ཨུ་རུ་སུའི་ཡུལ་དུ་འགྲོ་ཕན་སྨན་རྩིས་ཁང་གི་མིང་དང་། ཁ་བྱང་། ཁ་པར། ཚོང་རྟགས། ལས་རྟགས་སོགས་རྫུན་བཟོ་བྱས་ཏེ། འགྲོ་ཕན་སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་ཡིན་ཁུལ་དེ་གའི་ཉམ་ཆུང་ནད་པ་རྣམས་ལ་འགྲེམས་སྤེལ་གྱིས་བསླུ་བྲིད་བྱེད་བཞིན་ཡོད་པའི་གནས་ཚུལ་ཧ་ཅང་ཐབས་སྐྱོ་པོ་ཞིག་འཐོན་འདུག རྒྱས་པར་གཟིགས་་

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

འགྲོ་ཕན་སྨན་རྩིས་ཁང་གི་ཨཧ་མ་དཱ་བཱད་ཡན་ལག་སྨན་ཁང་དུ་ཁ་ལོ་བ་གཅིག་དང་། དེ་བཞིན་སྨན་སྦྱོར་སྡེ་ཚན་དུ་ལས་མི་སྐྱེས་པ་གྲངས་ ༣ དང་བུད་མེད་ ༣ བཅས་དགོས་ངེས་བརྟེན། འཛུལ་ཞུགས་གནང་འདོད་ཡོད་པ་རྣམས་ཀྱིས་ཁ་ལོ་བའི་ཆེད་འདི་ཟླའི་ཚེས་ ༣༡ དང་། ཅིག་ཤོས་དེ་ཚེས་ ༢༤ འགྱངས་མེད་འགེངས་ཤོག་འཐུས་ཚང་བཀང་སྟེ་འབྲེལ་ཡོད་ཚན་པར་འབུལ་ཟིན་པ་དགོས། རྒྱས་པར་གཟིགས་་

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

འགྲོ་ཕན་སྨན་རྩིས་ཁང་གི་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ཆོད་གན་ལས་མི་སྐྱེས་པ་གྲངས་ ༢ དང་། བུད་མེད་གྲངས་ ༣ གྱི་ས་མིག་འཐོན་པར་འཛུལ་ཞུགས་གནང་འདོད་ཡོད་པ་རྣམས་ཀྱིས་འགེང་ཤོག་འཐུས་ཚང་བཀང་སྟེ། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༥ འགྱངས་མེད་འགྲ་ཕན་སྨན་རྩིས་ཁང་གི་འབྲེལ་ཡོད་ཚན་པར་འབུལ་ཟིན་པ་དགོས་རྒྱུ་ཐུགས་འཇགས་འཚལ། རྒྱས་པར་གཟིགས་་

སྨན་དགེ་བསྟན་པ་ཆོས་འཕེལ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ།

བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་ཟུར་པ་སྨན་དགེ་སྨན་རམས་པ་བསྟན་པ་ཆོས་འཕེལ་མཆོག་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༣ སྔ་དྲོ་ཆུ་ཚོད་ ༡༠: ༥༠ ཙམ་ལ་བདེ་ལེགས་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཤིན་ཏུ་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། དམ་པ་དེ་འགྲོ་ཕན་སྨན་རྩིས་མཐོ་སློབ་ཁང་དུ་སློབ་གཉེར་བ་རྣམས་ལ་སློབ་ཁྲིད་སོགས་ཀྱི་སྒོ་ནས་གསོ་རིག་བསྟན་པ། རྒྱས་པར་གཟིགས་་

ཏོག་དབྱིབས་གཉན་རིམས་རྣམ་པ་གསར་པར་གཟབ་ནན་བཀོད་ཁྱབ།

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༡ འཁོད་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་དམིགས་བསལ་ལྷོ་སྤྱི་གཙོས་ས་གནས་འགོ་འཛིན་དང་། སྨན་ཁང་ཁག་གི་འགན་འཛིན་རྣམ་པར་དེང་སྐབས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་གཉན་རིམས་༡༩ ཡི་རྣམ་པ་གསར་པའི་ཐད་གཟབ་ནན་ཐུགས་སྣང་དགོས་པའི་ལམ་སྟོན་བཀོད་ཁྱབ་ཅིག་ཕེབས་ཡོད། རྒྱས་པར་གཟིགས་་

སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་སྐོར།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༣ སྔ་དྲོ་འགྲོ་ཕན་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། ཇི་ལྟར་འཛིན་སྐྱོང་ནས་གསོལ་འདེབས་ཞུས་པ་བཞིན། གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་ངག་དབང་སངས་རྒྱས་ལགས་ནས་<<ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་དང་བཟང་སྤྱོད་ཀྱི་གལ་གནད་སྐོར་>>ཞེས་པའི་བརྗོད་གཞི་ཐོག་ལ་གསུང་བཤད་གནད་སྨིན་ཞིག་གནང་ཡོད། རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།